མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་སྨད་མཁན་པོ་མཆོག་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ཞིག་ཏུ་བསྐོ་གཞག་གནང་།  

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

སེར་སྨད་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་དུ་བསྐོ་གཞག་གནང་འདུག

སེར་སྨད་མཁན་པོ་མཆོག་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་དུ་བསྐོ་གཞག་

ཉེ་སྔོན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་འབྲེལ་གསལ་བསྒྲགས་ཤིག་གནང་བའི་ནང་།  བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་འོག་ལས་གཞིའི་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཐུན་མོང་ནས་རྒྱུན་རིང་གོ་བསྡུར་དང་མྱང་ཞིབ་ཞུས་འབྲས། ཉེ་ཆར་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༦ ཉིན་འོས་གཞི་བརྒྱད་འཆར་འབུལ་ཞུས་པར་སྐུ་ཉིད་ལ་ཕྱག་རྟགས་གསོལ་སྩལ་བྱུང་བ་བཞིན། གང་མྱུར་ལས་འཁུར་འགན་བཞེས་ཡོང་བ་ཞུ་རྒྱུ་དེ་དོན་དགོངས་འཇགས་ཞུ། ཞེས་གསལ་འདུག 

སེར་སྨད་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༨ ལོར་བོད་སྟོད་ཕྱོགས་ཀྱི་སྤུ་ཧྲེང་རྫོང་ཁོངས་སུ་འཁྲུངས་ཤིང་། བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས། རྒྱ་གར་ལྷོ་ཕྱོགས་སེར་སྨད་གྲྭ་ཚང་ཀོང་པོ་ཁང་ཚན་དུ་ཆོས་ཞུགས་དང་འབྲེལ་གཞུང་ཆེན་ཀ་པོད་ལྔར་གསན་བསམ་སློབ་གཉེར་མཐར་ཕྱིན་པ་གནང་སྟེ། ཕྱི་ལོ་ ༡༩༩༠ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཡུ་རོབ་དང་། བྱང་ཨ་མེ་རི་ཀ  དེ་བཞིན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་ནང་ཆོས་འཆད་འཁྲིད་གནང་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་ཡོད་པ་མ་ཟད། ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་(The Foundation of Buddhist Thought) ཞེས་པའི་དེབ་ཕྲེང་ ༧ ཅན་ཞིག་ལྗགས་རྩོམ་གནང་ཡོད་འདུག ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཐོག་ ༩༡ པར་བསྐོ་གཞག་མཛད། ཕྱི་ལོ་༢༠༡༩ ལོར་ཁོང་ཉིད་ལ་དབྱིན་ཇི་གོང་མའི་ཆེ་བསྟོད་གཟེངས་རྟགས་གནང་ཡོད་འདུག  

ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྨང་རྡོ་འཇོག་གནང་མཛད་ཡོད་པ་ལྟར། འདས་པའི་ཟླ་བཞི་ལྷག་རིང་འཛུགས་སྐྲུན་གནང་མུས་ཡིན་པ་མ་ཟད། གནའ་བོའི་རིག་གཞུང་ལྟེ་གནས་ཁང་དེ་ནས་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཡོད་དོ་ཅོག་ལ་སློབ་གཉེར་དང་། ཉམས་ཞིབ། དཔར་སྐྲུན། ཉམས་ལེན་སོགས་བྱེད་པར་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་ཡིན་འདུག 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Dalai Lama Foundation Graduate Scholarship Program, 2018-2019
Mobile App

ཕྱི་ལོ་ ༢༠༢༣ ལོའི་༧གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་གསལ་བསྒྲགས་བྱས་འདུག

༢༠༢༣/༠༣/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese