མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་དང་ཨི་རན་གྱིས་མེ་ཤུགས་འཕུར་མདའ་འཕེན་རེས་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨི་རན་དང་པ་ཀི་སི་ཐན་གཉིས་བར་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་ཏེ་འཐབ་འཁྲུག་ཤོར་བ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་མི་མང་ཁག་ཅིག་རྐྱེན་འདས་སུ་བཏང་ཡོད་འདུག

Iranian missiles – seen here during a training drill – have hit Pakistan, Iraq and Syria in recent days. Reuter’s Photo

དེ་རིང་རྒྱལ་སྤྱིའི་གསར་ཁང་བྷི་བྷི་སི་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་པ་ཀི་སི་ཐན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཨི་རན་གྱི་ས་ཁུལ་འགའ་ཤས་ནང་མེ་ཤུགས་འཕུར་མདའ་འཕངས་ཏེ་ཨི་རན་ལ་ཕར་རྒོལ་བྱས་པ་ཡོངས་བསྒྲགས་བྱས་འདུག་པ་དང་། ཨི་རན་གྱིས་པ་ཀི་སི་ཐན་གྱི་དྲག་རྒོལ་ཁྲོད་བུད་མེད་ ༣ དང་བྱིས་པ་ ༤ བཅས་རྐྱེན་འདས་སུ་བཏང་ཡོད་པའི་གསལ་འདེབས་བྱས་འདུག

གནས་ཚུལ་དེ་དང་འབྲེལ་ནས། དེ་རིང་པ་ཀི་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ང་ཚོས་ཨི་རན་ནང་ཕར་རྒོལ་བྱས་ཏེ་འཇིགས་སྐུལ་དྲག་སྤྱོད་པ་མི་ཉུང་བ་ཞིག་གྲོངས་ཡོད། དྲག་རྒོལ་དེ་ནི་པ་ཀི་སི་ཐན་གྱི་བདེ་འཇགས་དང་མངོན་འདོད་སྲུང་སྐྱོབ་བྱས་པ་ཙམ་ཡིན་པ་ལས། ཨི་རན་གྱི་ས་ཁོངས་བདག་དབང་ལ་བརྩི་སྲུང་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། པ་ཀི་སི་ཐན་གྱི་ཕར་རྒོལ་ལས་འགུལ་དེ་ནི་ཉིན་གཉིས་ཀྱི་གོང་དུ་ཨི་རན་གཞུང་གིས་པ་ཀི་སི་ཐན་ནང་དྲག་རྒོལ་བྱས་པར་རྒོལ་ལན་བསློགས་པ་ཞིག་ཆགས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨི་རན་གྱིས་པ་ཀི་སི་ཐན་གྱི་མངའ་སྡེ་ (Balochistan) ནང་རིམ་པ་མི་འདྲ་བའི་མེ་ཤུགས་འཕུར་མདའ་འཕངས་ཏེ་འཇབ་རྒོལ་བྱས་ཡོད་པ་དང་། ཨི་རན་གྱི་ཕྱི་སྲིད་ལྷན་ཁང་གིས། འཇབ་རྒོལ་དེ་ནི་ཆེད་དུ་ད་ལྟ་པ་ཀི་སི་ཐན་གྱི་མངའ་སྡེ་བྷལ་ཆི་སི་ཐན་ནང་རྟེན་གཞི་བྱས་པའི་(Jaish al-Adli) ཟེར་བའི་ཨི་རན་གྱི་གྱེན་ལོག་དྲག་སྤྱོད་པར་དམིགས་ཡོད་པའི་གསལ་བཤད་བྱས་ཡོད་ལ། པ་ཀི་སི་ཐན་གྱིས་ཨི་རན་གྱི་འཇབ་རྒོལ་དེའི་ཁྲོད་བྱིས་པ་གཉིས་རྐྱེན་འདས་སུ་བཏང་བ་དང་མི་གསུམ་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ཨི་རན་གྱི་འཇབ་རྒོལ་དེ་ནི་ཁྲིམས་འགལ་ཡིན་པ་དང་མཇུག་འབྲས་ངན་པ་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཨི་རན་དང་པ་ཀི་སི་ཐན་གཉིས་བར་འཐབ་འཁྲུག་ཤོར་བ་ལ་བརྟེན་ནས། པ་ཀི་སི་ཐན་གྱིས་ཨི་རན་དུ་ཡོད་པའི་གཞུང་ཚབ་མི་སྣ་ཕྱིར་འཐེན་བྱས་ཤིང་། པ་ཀི་སི་ཐན་དུ་ཡོད་པའི་ཨི་རན་གྱི་གཞུང་ཚབ་མི་སྣ་ཕྱིར་ལོག་བྱེད་དུ་མ་བཅུག་པར་བཀག་ཉར་བྱས་ཡོད་པ་མ་ཟད། ཨི་རན་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་ཐུག་འཕྲད་སོགས་ཀྱི་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་ཡོད་པ་དང་། པ་ཀི་སི་ཐན་དང་ཨི་རན་བར་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་ཏེ་རྒོལ་འཛིང་བྱེད་བཞིན་པ་འདི་ནི་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འཐབ་འཁྲུག་གི་ལེའུ་གསར་པ་ཞིག་རྒྱ་སྐྱེད་གཏོང་གི་ཡོད་པ་སི་ཨན་ཨན་གསར་ཁང་གིས་བརྗོད་འདུག

ཡང་ཨི་རན་དང་པ་ཀི་སི་ཐན་གྱི་འཐབ་འཁྲུག་དང་འབྲེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནེན་ཟེར་བས། ཨི་རན་དང་པ་ཀི་སི་ཐན་གཉིས་ནི་ཁྱིམ་མཚེས་དང་ཁ་ཆེའི་རྒྱལ་ཁབ་ཆེ་གྲས་ཡིན་སྟབས། རྒྱ་ནག་གིས་ཨི་རན་དང་པ་ཀི་སི་ཐན་གཉིས་ནས་འཐབ་འཁྲུག་མཚམས་འཇོག་བྱས་ཏེ་རྒྱལ་ཁབ་གཉིས་བར་མངའ་ཁུལ་ཞི་བདེ་དང་བདེ་འཇགས་ཡོང་ཐབས་བྱེད་དགོས་པའི་སྐུལ་མ་བཏང་འདུག

ད་ལྟ་རྒྱལ་ཁབ་གཉིས་བར་འཐབ་འཁྲུག་ཤོར་རྐྱེན་ནི། ཨི་རན་གྱིས་ཕྱོགས་གཉིས་བར་ས་འབྲེལ་ཡིན་པའི་པ་ཀི་སི་ཐན་གྱི་མངའ་སྡེ་བྷལ་ཆི་སི་ཐན་(Balochistan) ནང་རྟེན་གཞི་བྱས་པའི་ཁ་ཆེ་ཆོས་ལུགས་ཀྱི་ནང་ཚན་སོ་ནེ་ཐལ་སྤྱོད་(Jaish al-Adli) འཇིགས་སྐུལ་དྲག་སྤྱོད་པར་ཚར་གཅོད་བྱེད་སླད་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་། པ་ཀི་སི་ཐན་གྱིས་ཨི་རན་གྱི་འཇབ་རྒོལ་ལ་རྒོལ་ལན་བསློགས་པ་དང་འབྲེལ་ནས། ཨི་རན་གྱི་(Asli Baluchestan) མངའ་སྡེའི་ནང་རྟེན་གཞི་བྱས་ཤིང་པ་ཀི་སི་ཐན་གྱི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བསྐྲུན་མཁན་གྱི་ (Sarmachars) འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོ་ཐབས་ཆེད་མེ་ཤུགས་འཕུར་མདའ་འཕངས་པ་ཡིན་འདུག

ད་ལྟ་པ་ཀི་སི་ཐན་དང་ཨི་རན་གཉིས་ཀྱི་བར་ས་འབྲེལ་ཡིན་ཞིང་བདེ་འཇགས་ཀྱི་གནད་དོན་ཆེ་སའི་ས་ཁྱོན་ཀེ་ལོ་མི་ཊར་ ༩༠༠ ཡོད་ཅིང་། ཉེ་བའི་ལོ་མང་རིང་རྒྱལ་ཁབ་གཉིས་ནས་ས་མཚམས་ཁག་ཏུ་འཇིགས་སྐུལ་དྲག་སྤྱོད་པའི་སྡེ་ཁག་ཡོད་སྐོར་ལ་སྐྱོན་བརྗོད་བྱེད་རེས་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་ཁེལ་བའི་མི་མང་གི་གཞི་རྩའི་འཚོ་བར་དཀལ་ངལ་དང་དབྱེ་འབྱེད། དྲག་སྤྱོད་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་བདེ་འཇགས་ཉམས་ཞིབ་པ་ཁན་ (Zaigham Khan) ལགས་ཀྱིས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༣ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༩ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese