མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡ་དཔེ་མཛོད་ཁང་གིས་དགེ་བཤེས་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་དེང་རབས་ཤེས་ཡོན་གྱི་ནུས་པ་མཉམ་སྤུངས་བྱེད་ཕྱོགས་དང་མ་འོངས་པའི་ལོ་བཅུ་གྲངས་ནང་དུ་འཕྲུལ་རིག་ཐོག་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཡིན་སྐོར་གསུང་བཤད་གནང་།

ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། བོད་ཀྱི་སྐད་ཡིག་ཐོག་དེང་རབས་ཤེས་ཡོན་ཆ་ཚང་བ་བཟོ་རྒྱུར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་ཐད་གཏམ་བཤད་གནང་། ༢༠༢༤།༠༡།༡༩ འབྲེལ་ཡོད་ཀྱི་པར།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བྱང་ཨ་རིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དེང་རབས་འཕྲུལ་ལས་ཅན་གྱི་འགྲོས་དང་བསྟུན་ནས་ཡར་རྒྱས་སུ་གཏོང་ཕྱོགས་ཀྱི་སྨོན་ལམ་རིག་ནུས་(Monlam AI)ལས་གཞི་ངོ་སྤྲོད་ཀྱི་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར།  དེ་རིང་ཨ་རིའི་ཕྱི་ཚེས་ ༡༩ ཉིན་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཧི་མ་ལ་ཡ་རིག་གཞུང་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། བོད་ཀྱི་སྐད་ཡིག་ཐོག་དེང་རབས་ཤེས་ཡོན་ཆ་ཚང་བ་བཟོ་རྒྱུར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་ཐད་གཏམ་བཤད་གནང་སྟེ་བགྲོ་གླེང་གནང་ཡོད་ཅིང་། སྐབས་དེར་ཧི་མ་ལ་ཡ་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་གནས་ནང་བླ་མ་ཚེ་དབང་རིན་པོ་ཆེ་མཆོག་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་ཀུན་དགའ་བཀྲ་ཤིས་ལགས། དེ་བཞིན་ས་གནས་ཀྱི་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་ཧི་མ་ལ་ཡ་དཔེ་མཛོད་ཁང་གིས་དགེ་བཤེས་སྨོན་ལམ་ལགས་ལ་དེང་རབས་འཕྲུལ་རིག་གསར་གཏོད་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་གོང་སྤེལ་ལ་རྨད་དུ་བྱུང་བའི་རླབས་ཆེན་གྱི་མཛད་རྗེས་བསྐྲུན་པར་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

ཧི་མ་ལ་ཡ་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་གནས་ནང་བླ་མ་ཚེ་དབང་རིན་པོ་ཆེ་མཆོག་གིས། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བརྡ་འཕྲིན་རིག་པའི་ཆེད་ལས་ཐོག་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་འཆར་གཞི་དང་སྤོབས་པ་ཧ་ལས་པ་ཞིག་རེད། དེང་སྐབས་འཛམ་བུ་གླིང་ཡར་རྒྱས་འགྲོ་བཞིན་ཡོད་པ་ལྟར། ང་ཚོའང་འཛམ་བུ་གླིང་གི་སྤྱི་ཚོགས་དང་མཉམ་དུ་འགྲོ་དགོས་ཀྱི་ཡོད་ཅིང་།   བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་གཞི་རྒྱ་བསྐྱེད་གནང་བར་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག

འཕྲུལ་རིག་གལ་གནད་ཀྱི་སྐོར་ལ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། དེང་སང་འཕྲུལ་ལས་ཀྱི་འགྱུར་བ་མགྱོགས་ཤིང་ནུས་པ་ཧ་ཅང་ཆེན་པོ་རེད། བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་དེང་དུས་ཀྱི་མགྱོགས་ཚད་དང་ཆ་སྙོམས་པོ་མ་བྱུང་ཚེ་རྗེས་སུ་ལྷག་རྒྱུ་ཡིན་པའང་གསལ་བོ་རེད། འཕྲུལ་རིག་གིས་མི་ལ་སློབ་སྦྱོང་སྤྲོད་པའི་དུས་སྐབས་ཤིག་མགྱོགས་པོ་འཆར་རྒྱུ་ཡིན་པ་ལྟར། ང་ཚོའི་ཆོས་དང་རིག་གཞུང་སོགས་ལའང་དུས་ཚོད་དང་མཐུན་པའི་འཕྲུལ་རིག་ཞིག་མ་བྱུང་ཚེ་དཀའ་ངལ་ཞིག་གི་གནས་སུ་ལྷུང་རྒྱུ་ཡིན་པ་དང་། དེ་ཡང་ཡར་རྒྱས་སུ་གཏོང་བར་གཙོ་བོ་མགྱོགས་ཚད་དང་སྤུས་ཚད་ཡག་པོ་ཞིག་ལ་ཐུག་འདུག ཅེས་གསུངས་འདུག

ནེའུ་ཡོག་ཟླ་སྣང་ཐེབས་རྩ་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་ཐོག་དེང་རབས་ཤེས་ཡོན་ཆ་ཚང་བ་བཟོ་རྒྱུར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་ཐད་གསུང་བཤད་དང་མི་མང་གི་མཉམ་ཞུགས། ༢༠༢༤།༠༡།༡༩ འབྲེལ་ཡོད་ཀྱི་པར།

སྨོན་ལམ་མིས་བཟོས་རིག་ནུས་ཀྱི་བྱུང་རིམ་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་མིས་བཟོས་རིག་ནུས་ཐོག་དོ་སྣང་བྱུང་སྟེ། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་དེའི་སྐོར་ལ་སློབ་སྦྱོང་དང་སློབ་སྟོན་སོགས་ཞུས་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་དང་བསྟུན། འབྲེལ་ཡོད་གཙུག་ལག་སློབ་གཉེར་ཁང་ཁག་དང་མཉམ་འཛོམས་ཀྱིས་གྲོས་བསྡུར་བྱས་ཏེ། ཁམ་བྷི་རི་ཅི་གཙུག་ལག་སློབ་གཉེར་ཁང་སོགས་གཙུག་ལག་སློབ་གཉེར་ཁང་གསུམ་གྱིས་མཉམ་འབྲེལ་བྱ་རྒྱུ་ངོས་ལེན་བྱས་པ་རེད། དེའི་རྗེས་ཚོད་ལྟའི་བརྒྱུད་རིམ་ནས་མགོ་བཙུགས་གནང་བ་ཞིག་ཡིན། གཙོ་བོ་ཡིག་སྒྱུར་རིག་ནུས་དང་། ཀློག་འདོན་རིག་ནུས། སྒྲ་འཛིན་རིག་ནུས། ཡིག་འཛིན་རིག་ནུས་བཅས་ཀྱི་ཐོག་ཤུགས་རྒྱག་བཞིན་ཡོད་པ་དང་། ལོ་གཅིག་རིང་གི་གྲུབ་འབྲས་བསམ་ཡུལ་ལས་འདས་བ་བྱུང་། ཞེས་གསུངས་འདུག

ཡང་ཁོང་གིས། ད་ལྟའི་བར་དུ་རྒྱ་ནག་གི་སྐམ་ས་ཆེན་པོའི་ནང་དུ་ཀུ་ཤུ་ཁ་པར་ནང་དུ་སྨོན་ལམ་ཚིག་མཛོད་ཕབ་ལེན་བྱས་པའི་གྲངས་ཁྱོན་ས་ཡ་བདུན་ལྷག་བྱུང་ཡོད་པ་རེད། དེ་ནི་བསམ་བློའི་ནང་དུ་མི་ཤོངས་བ་ཞིག་རེད། དེའི་ཐོག་ནས་བོད་ནང་དུ་སྨོན་ལམ་ཚིག་མཛོད་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པ་གསལ་བོ་ཡོད་ཀྱང་། ཉེ་ཆར་ནས་བཟུང་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་མཉེན་ཆས་ཆ་ཚང་བཀག་པའི་དཀའ་ངལ་ཞིག་བྱུང་ཡོད། མ་འོངས་པའི་ལོ་བཅུ་གྲངས་ཀྱི་ནང་དུ་འཕྲུལ་རིག་དང་འབྲེལ་བའི་རིགས་ཡར་རྒྱས་གཏང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

སང་ཉིན་ཨ་རིའི་ནེའུ་ཡོག་ཁུལ་གྱི་ས་གནས་བོད་མི་དང་མིས་བཟོས་རིག་ནུས་ཀྱི་མ་འོངས་པ་དང་། སྨོན་ལམ་མིས་བཟོས་རིག་ནུས་ངོ་སྤྲོད། བོད་ཀྱི་སྐད་ཡིག་ཐད་ལ་སྤྱི་ཚོགས་ཀྱི་ལྟ་སྟངས་དང་ལམ་ལུགས། ཤེས་ཡོན་དང་སྐད་ཡིག་འཛིན་སྐྱོང་ཐད་ཀྱི་འགྱུར་བ། བོད་མི་ཚོས་མ་འོངས་ལོ་བཅུའི་ནང་སྐད་ཡིག་རིག་གཞུང་འཛིན་སྐྱོང་ཇི་ལྟར་བྱེད་པའི་ཐད་གཏམ་བཤད་གནང་རྒྱུ་ཡིན་འདུག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ལྷན་ཁང་གི་ཨེ་ཤ་ཡ་ཚན་པས་མགྲོན་འབོད་གནང་བ་ལྟར། བོད་ཀྱི་ཆོས་རིག་འཕྲུལ་རིག་ལམ་ནས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་མ་ཟད། བྱང་ཨ་རིའི་ས་གནས་བོད་རིགས་ཚོགས་སྡེ་ཁག་ཏུ་བོད་ཀྱི་བརྡ་འཕྲིན་རིག་པའི་སྐོར་ངོ་སྤྲོད་ཀྱི་སྐོར་བསྐྱོད་གནང་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese