མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ས་ཕྱོགས་གང་སར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་གཙོས་གཞུང་འབྲེལ་མིན་པ་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྡེ་ཁག་གིས་རང་རང་གི་གནས་ཡུལ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ལྷན་ཚོགས་སྐབས་བོད་དོན་གླེང་སློང་དགོས་པའི་ལས་འགུལ་སྤེལ་གྱིན་འདུག

བོད་མིའི་ཚོགས་སྡེ་ཁག་ ༡༣༠ ལྷག་གིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ། དྲ་ལམ་གྱི་པར། དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས། ༢༠།༠༡།༢༠༢༤

དེ་རིང་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནོར་ཝེ་བོད་རིགས་གཞོན་སྐྱེས་ཚོགས་པ་གཉིས་ནོར་ཝེ་ཕྱི་སྲིད་བློན་ཆེན་ལྷན་ཁང་དུ་བསྐྱོད་དེ། མི་གྲངས་ ༧༠༠༠ ལྷག་གི་མཚན་རྟགས་བསྡུ་རུབ་བྱས་པའི་བོད་དོན་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད་པ་དང་། ཞུ་ཡིག་ནང་ཕྱི་ཚེས་ ༢༣ ཉིན་འཚོགས་གཏན་ཁེལ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ལྷན་ཚོགས་སྐབས་རྒྱ་ནག་གཞུང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་བྱས་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་ཡོད་འདུག

ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་དང་བོད་རང་དབང་ཚོགས་པ། དབྱིན་ཡུལ་གཙུག་ལག་སློབ་ཆེན་བོད་རིགས་ཚོགས་པ་བཅས་ཀྱི་ཚོགས་མི་ཚོ་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལྷན་ཁང་དུ་བསྐྱོད་དེ། མི་གྲངས་ ༧༠༠༠ ལྷག་གིས་མཚན་རྟགས་བརྒྱབ་པའི་བོད་དོན་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད་པ་དང་། བོད་དོན་ཞུ་གཏུག་གི་ལས་འགུལ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་ཀྱི་དང་བླངས་ཞུ་གཏུག་ལས་འགུལ་བ་གཙོ་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁྱོན་ ༡༣༠ ལྷག་གིས་སྤེལ་བཞིན་པའི་ལས་འགུལ་ཞིག་རེད་འདུག

ད་རེས་མི་གྲངས་ ༧༠༠༠ ལྷག་གི་མཚན་རྟགས་འཁོད་པའི་ཞུ་གཏུག་ལས་འགུལ་དེ་ནི། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བོད་མི་རྣམས་གཙོ་བྱས་པའི་བོད་དང་འབྲེལ་བའི་ཚོགས་སྡེ་ཁག་ ༡༣༠ ཡིས་ཇི་ནེ་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཏན་འཇགས་ཚོགས་མི་རྣམས་ལ་ཕུལ་བའི་ལས་འགུལ་ཞིག་ཡིན་ཞིང་། འགྲོ་བ་མིའི་ཐོབ་ཐང་གི་བསྐྱར་ཞིབ་ལྷན་ཚོགས་མ་འཚོགས་པའི་གོང་དུ་ལས་འགུལ་བ་དག་གིས་རང་རང་གནས་ཡུལ་གྱི་གཞུང་ལ་ཞུ་ཡིག་ཕུལ་ཏེ། ད་ལན་གྱི་བསྐྱར་ཞིབ་ལྷན་ཚོགས་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད་འདུག

ཞུ་ཡིག་དེའི་ནང་བོད་ནང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་བཙུགས་ཏེ་བོད་ཕྲུག་ས་ཡ་གཅིག་ལྷག་བཟའ་མི་དང་ཁ་བྲལ་གྱིས་རྒྱ་བསྒྱུར་བྱེད་བཞིན་པ་དང་། བོད་ནང་གི་ཞིང་འབྲོག་མང་ཚོགས་གནས་སྤོར་བྱེད་དུ་བཅུག་སྟེ་ས་ཆའི་བདག་དབང་འཕྲོག་བཞིན་པ་དང་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་བསྒྱུར་བཞིན་པ། དེ་བཞིན། དགོན་སྡེ་ཁག་ལ་སྔར་ལྷག་གིས་དམ་དྲག་བྱས་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བཙན་གྱིས་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་དངོས་ཡོད་གནས་སྟངས་རྒྱ་ནག་ལ་གླེང་སློང་བྱས་ཏེ། བོད་ནང་མི་རིགས་རྩ་གཏོར་གྱི་སྲིད་ཇུས་དེ་དག་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༡༡ ཉིན་འཛམ་གླིང་གི་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཚོགས་སྡེ་ཁག་ ༣༥ ཡིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ཨོ་མར་(Omar Zniber) ལགས་ཀྱི་མཚན་ཐོག་ཏུ། ཕྱི་ལོ་ ༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ལྷན་ཚོགས་སྐབས་ནས་བཟུང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཚུད་པའི་ཆོས་ལུགས་འདྲ་མིན་གྱི་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་མུས་ཡིན་སྟབས། འཚོག་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་ཀྱི་ཚོགས་འདུའི་སྟེང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་པ་རྣམས་གཙོ་བྱས་པའི་ཡུ་གུར་ཁ་ཆེ་བ་དང་། ཡེ་ཤུ་ཆོས་ལུགས་སོགས་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནད་དོན་གླེང་སློང་དགོས་པའི་ཞུ་ཡིག་ཕུལ་འདུག

ད་དུང་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཡུ་རོབ་ཏུ་རྟེན་གཞི་བྱས་པའི་བོད་མིའི་ཚོགས་སྡེ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་དང་འགྲོ་བཞིན་པ་རེད་འདུག་ལ། གསལ་བསྒྲགས་དེའི་ནང་བོད་མི་གང་མང་མང་གིས་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཚུད་པའི་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནད་དོན་རྒྱལ་ཚོགས་ནང་གླེང་སློང་ཡོང་ཐབས་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese