མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་གྲྭ་བ་རྣམས་ཀྱིས་གསང་བདེ་འཇིགས་གསུམ་དང་དོན་སྒོ་བཅས་པར་ཚིག་ཙམ་མིན་པར་དོན་གྱིས་སློབ་སྦྱོང་བྱེད་དགོས་གལ་ཆེ་སྐོར་སོགས་གསུངས་སོང་།

The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu

བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༥ སྟེ་ཕྱི་ཟླ་ ༢ ཚེས་ ༡༤ སྐུའི་བླ་གཟའ་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་གིས་རྒྱུན་དུ་ཉམས་ལེན་བྱ་རྒྱུ་གཙོ་བོ་དེ། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཞེས་པ་འདི་སྨོན་ལམ་རྒྱག་གི་ཡོད་རེད། ངོས་རང་བོད་གངས་ཅན་གྱི་ཞིང་དུ་སྐྱེས་ཤིང་། བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བ་ཡོད་པ་ཚང་མས་ངོས་རང་ལ་དད་པ་དང་མོས་པ་རྩེ་གཅིག་ཡོད་པར་བརྟེན། ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་ཡོང་བསྡད་ཀྱི་འདུག  ཅེས་གསུངས།

༧མགོན་པོ་གང་ཉིད་མཆོག་གིས།  ངོས་རང་ལྷ་སར་ཡོད་དུས་ངོས་ནས་གསལ་པོ་ཞེ་དྲགས་དྲན་གྱི་འདུག ཁ་ཆེའི་གྲོགས་པོ་མང་པོ་ཞེ་དྲགས་ཡོད། ཆོས་ལུགས་ཁག་ཁག་རེད་དེ། ཚང་མས་ངོས་རང་ལ་དགའ་བོ་ཞེ་དྲགས་བྱེད་ཀྱི་རེད། དེ་བཞིན་དུ་རྒྱ་ནག་ལ་ཆ་བཞག་ནའང་། སྔོན་མ་ཏཱ་ལའི་ལོག་སྤྱོད་ཟེར་ནས་ཞེ་བོ་བཤད་བསྡད་པ་རེད་དེ། དེང་སང་འགྱུར་བ་ཕྱིན་ནས་ཏཱ་ལའི་བླ་མ་ལབ་ན་རྒྱ་ནག་ནང་དུའང་དགའ་མོས་བྱེད་མཁན་མང་པོ་འདུག འཛམ་གླིང་གི་ལྷོ་བྱང་དང་ཤར་ནུབ་སོགས་ཡུལ་ལུང་གང་སར་ཏཱ་ལའི་བླ་མར་དགའ་བོ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་འདུག དེ་དག་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱ་ཐུབ་རྒྱུ་དང་། མདོར་ན་ཆོས་མ་དར་སའི་ལུང་པའི་ནང་ལོགས་ལའང་ཏཱ་ལའི་བླ་མ་ཞེས་ལབ་དུས་དགའ་བོ་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཞེས་གསུངས་པ་ནང་བཞིན། ངོས་ནས་ལྷག་བསམ་བསྐྱེད་ནས་བསྡད་ཀྱི་ཡོད། ད་ལྟ་བར་དུ་ངོས་རང་ལ་འཛམ་བུ་གླིང་གི་ཞི་བདེ་གཟེངས་རྟགས་སོགས་ཐོབ་ཡོད་ལ། འཛམ་གླིང་ཤར་ནུབ་ལྷོ་བྱང་གི་མི་མང་མང་པོས་ཏཱ་ལའི་བླ་མ་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག དེར་བརྟེན་ངོས་ནས་ཆ་བཞག་ནའང་། ངོས་རང་གི་རྨི་ལམ་དུ་ཡོང་བ་ནང་བཞིན་ལོ་བརྒྱ་དང་བཅུ་ལྷག་ཙམ་བསྡད་ཐུབ་རྒྱུའི་སྨོན་ལམ་རྒྱག་གི་ཡོད། ཅེས་གསུངས།

His Holiness the Dalai Lama posing for a group photo with members of Namgyal Monastery at the conclusions of the Long Life Prayer at his residence in Dharamsala, HP, India on February 14, 2024. Photo by Ven Zamling Norbu

ཡང་༧མགོན་པོ་གང་ཉིད་ཀྱིས། མི་ཚེ་འདིར་ཏཱ་ལའི་བླ་མ་ཞེས་སེམས་ཐག་ཉེ་བོའི་ཐོག་ནས་དགའ་མོས་བྱེད་པ་དེས། ཚེ་རབས་ནས་ཚེ་རབས་བར་དུ་བག་ཆགས་བཞག་ཡོད་པ་གསལ་པོ་ཞེ་དྲགས་རེད། དེར་བརྟེན་ད་ལྟ་བར་དུ་ངོས་རང་གིས་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་ལ་དངོས་གནས་དྲང་གནས་ཀྱི་གྲོགས་པོའི་འདུ་ཤེས་དང་། མིའི་བརྩེ་བའི་ཐོག་ནས་དགའ་མོས་བྱེད་མཁན་མང་པོ་ཞེ་དྲགས་ཡོད། དེ་དག་ཚང་མར་ཕན་ཐོགས་ཡོང་ཐུབ་རྒྱུའི་བག་ཆགས་བཟང་པོ་བཞག་སྟེ། ང་ཚོ་ཚེ་རབས་ནས་ཚེ་རབས་ལས་ཀྱི་འབྲེལ་བ་ཡོད། གང་ལྟར་ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡོད་པའི་མི་ཞིག་ཆགས་ཡོད། དངོས་སུ་ངོས་རང་དང་འབྲེལ་བ་ཡོད་པ་དེ་དག་དོན་གྱི་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་བསྡད་པ་ཞིག་ཆགས་ཡོད། ངོས་རང་དང་འབྲེལ་བ་ཡོད་པའི་འཛམ་གླིང་ཡོངས་དང་། ངོས་རང་ལ་དགའ་མོས་ཡོད་པ་དེ་དག་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་སྐྱེ་བ་བཟང་དུ་འགྲོ་རྒྱུ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་རྒྱུ། དེ་བཞིན་སྐབས་སུ་བབ་པ་གཙོ་ཆེ་ཤོས་བོད་གངས་ཅན་ལྗོངས་ཀྱི་བོད་མི་ཚོ་དངོས་གནས་དྲང་གནས་ཀྱིས་དད་པ་དང་མོས་པ་རྩེ་གཅིག་ཡོད་པ་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོའང་དེ་བཞིན་དགའ་མོས་རྩེ་གཅིག་ཏུ་ཡོད། ང་ཚོས་མི་ཚེ་འདིར་བག་ཆགས་བཟང་པོ་ཞིག་བཞག་སྟེ། ཚེ་རབས་ནས་ཚེ་རབས་བརྒྱུད་བག་ཆགས་ཀྱི་འབྲས་བུ་སྨིན་ཡོང་དུས། ངོས་རང་གིས་རིམ་བཞིན་སངས་རྒྱས་ཀྱི་ས་རུ་བསླེབ་ཐུབ་པའི་སྨོན་ལམ་རྒྱག་གི་ཡིན་ལ། ཁྱེད་རང་ཚོ་ཚང་མས་ཀྱང་དེ་ལྟར་སྨོན་ལམ་རྒྱག་རོགས། ཞེས་གསུངས་སོང་།

ཡང་ཁོང་གིས། དེ་རིང་འདིར་གྲྭ་ཚང་གི་གྲྭ་བ་རྣམས་ཀྱིས་ཧུར་ཐག་བྱེད་ཀྱི་འདུག གྲྭ་ཚང་དུ་གསང་བདེ་འཇིགས་གསུམ་དང་། དོན་སྒོ་དང་བཅས་པ་དེ་དག་དམིགས་བསལ་ཞིག་ཡོད། དེའི་ཚིག་ཙམ་མིན་པར་དོན་དག་ལ་ཏོག་ཙམ་སློབ་སྦྱོང་བྱེད་དགོས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡག་པོ་ཡོང་བར་མུ་མཐུད་དུ་ཚང་མས་ཧུར་ཐག་གནང་ཤོག བཀྲ་ཤིས་བདེ་ལེགས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩
༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལི་ཆིན་ཏི་མཆོག་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། 

༢༠༢༤/༠༡/༡༤
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་གསུང་འཕྲིན་བསྩལ།

༢༠༢༣/༡༢/༠༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པར་འཚམས་འདྲི་མཛད། ༢༠༢༣། ༡༠། ༡༦ བོད་ཀྱི་དུས་བབ་ཀྱི་པར།
༧གོང་ས་མཆོག གསུང་འཕྲིན།

ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༣/༡༠/༡༦
༧གོང་ས་མཆོག་དང་ཕྱི་ལོ་ ༢༠༢༣ ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་(Katalin Karikó)། ཌི་རེའོ་ཝི་སི་མན་(Drew Weissman)། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད།

༢༠༢༣/༡༠/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese