མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆུ་རགས་གསར་རྒྱག་གི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཁང་། བོད་ཀྱི་དུས་བབ་གསར་ཁང་གི་པར།

ཁ་སང་ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་སྡེ་དགེ་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པར་སྐྱོན་འཛུགས་ནན་པོ་བྱེད་ཀྱི་ཡོད། དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་ཡོང་བར་དམིགས་ཏེ་བོད་ནང་གི་བོད་མི་མང་པོ་ཞིག་གིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་རགས་གསར་རྒྱག་གི་ལས་གཞིར་ཞི་བའི་ངོ་རྒོལ་བ་ ༡༠༠༠ ལྷག་འཛིན་བཟུང་བཀག་ཉར་བྱས་པ་ཤེས་རྟོགས་བྱུང་ཡོད་འདུག

རྒྱ་གཞུང་གིས་ཆུ་རགས་གསར་རྒྱག་གི་ལས་གཞི་དེའི་ཁྲོད་དབོན་སྟོད་དང་ཤིས་པ་གྲོང་ཚོ་གཉིས་ཀྱི་བོད་མི་ ༢༠༠༠ ལྷག་བཙན་གྱིས་གནས་སྤོ་དགོས་པ་དང་། འབྲི་ཆུའི་རྒྱུད་དུ་ཆགས་པའི་སྡེ་དགེ་རྫོང་ཁོངས་ཀྱི་ཡེ་ན་དགོན་པ་དང་། དབོན་སྟོད་དགོན་པ། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་པ་བཅས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཁག་དྲུག་ཙམ་གཏོར་བཤིག་གཏང་འཆར་ཡོད་འདུག དགོན་སྡེ་དེ་དག་གི་ནང་སྐུ་གདུང་རྩ་ཆེན་རིགས་མང་པོ་ཡོད་པ་མ་ཟད། དབོན་སྟོད་དགོན་གྱི་ལྡེབས་རིས་ནི་ཕྱི་ལོའི་དུས་རབས་ ༡༣ པའི་གནའ་ཤུལ་ཡིན་འདུག ཅེས་འཁོད་འདུག

ད་དུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་ཞི་བའི་ངོ་རྒོལ་བ་རྣམས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ་དང་། ཆུ་རགས་གསར་རྒྱག་གི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པ། ས་གནས་ཁག་ཏུ་ལས་འགུལ་ཇི་འདྲ་ཞིག་སྤེལ་རུང་མང་ཚོགས་ཀྱི་འདོད་མོས་དང་རེ་བ་གཙོར་བཟུང་དགོས་པའི་ནན་བརྗོད་གནང་ཡོད་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་སྲིད་དོན་ཉེས་ཆད་ལ་སྐྱོན་བརྗོད་བྱས།

༢༠༢༤/༡༢/༢༥
ཡེ་ན་དགོན་གྱི་ལས་སྣེ་དང་མི་མང་གིས་པུས་མོ་ས་ལ་བཙུགས་ནས་ངུ་འབོད་གནང་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། བོད་ཀྱི་དུས་བབ་ཀྱི་པར།
Mobile App

མི་མང་གིས་པུས་མོ་སར་བཙུགས་ཏེ་ངུ་འབོད་གནང་།

༢༠༢༤/༠༢/༢༡
༧གོང་ས་མཆོག་གིས་ཧྤ་རན་སི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ། ༢༠༢༣།༤།༢༤ ཉིན། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༠༤/༢༤
CTA Sikyong Penpa Tsering at The Foreign Correspondents’ Club of South Asia, New Delhi, 2023 April 13.
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་འབེན་ཡོད་སྐོར་གསུངས།

༢༠༢༣/༠༤/༡༤
སྤྱི་འཐུས་གྲོས་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

བསྡུ་དངུལ་འབུལ་འབབ་ཕུལ་མེད་པའི་བོད་མིའི་སྡེ་ཚན་ཁག་ ༢༦ གིས་གང་མགྱོགས་འབུལ་འབབ་ཕུལ་དགོས།

༢༠༢༣/༠༣/༢༡
མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན།
Mobile App

བོད་མིའི་སྡེ་ཚན་ཁག་ ༢༦ ནས་བསྡུ་དངུལ་འབུལ་འབབ་ཁྱོན་སྒོར་ས་ཡ་ ༨༤,༡༠༢.༤༡༨་༠༦ ཕུལ་མི་འདུག

༢༠༢༣/༠༣/༢༠

མཆན། 2

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 1 སྔོན།

    བོད་སྡེ་དགེ་ཁུལ་དུ་ཞུ་དུས་དབྱིན་སྐད་དམ་རྒྱ་སྐད་གང་རུང་ཞིག་ནས་བོད་སྒྱུར་ཞུས་པའི་ཚིག་ཞིག་མིན་ནམ་སྙམ། དེ་མིན་བོད་པའི་སྤྱི་སྲོལ་ལྟར་ན་ཁམས་སྡེ་དགེ་ཁུལ། དེ་ལས་གྲ་རྒྱས་ཙམ་བྲིས་ན་བོད་ཆོལ་ཁ་གསུམ་གྱི་ནང་ཚན་མདོ་སྟོད་ཀྱི་ས་ཁོངས་སྡེ་དགེ་ཁུལ་ཞེས་ཕལ་ཆེར་འབྲི་ངེས་ཆེ། བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྒྱ་དམར་གྱིས་ནན་འབོད་ལས་བོད་མིའི་ཁ་རྒྱུན་དུ་འཇགས་བ་ཞིག་མིན་ནམ། བོད་ཟེར་དུས་སྟོད་མངའ་རི་ནས་སྨད་རྒྱ་བོད་ས་མཚམས་དར་རྩོ་མདོ་བར་སོགས་སུ་གོ་དགོས་ལ། ད་བར་གོ་གནས་སུ་ཡང་མེད་དམ། དག་ལ་མ་དག་ལ་ཡི་ཚིག་བེད་སྤྱད་ཆེས་ན་རྒྱ་སྐད་མཁྱེན་མཁན་ཚོས་བེད་སྤྱད་པའི་བོད་ཤིས་ཙང་དེ་སར་སྟོད་དུ་གྱུར་སྲིད་ལ་མ་ཉེའམ།

    ད་ལྟ་བོད་ཀྱི་ས་ཁུལ་སྡེ་དགེ་ཁུལ་དང་དེར་གདུང་སེམས་མཉམ་སྐྱེད་དུ་འཛམ་གླིང་ཡུལ་གྲུ་མང་པོའི་ནང་རྒྱ་དམར་ལ་ངོ་བརྒོལ་སྐད་འབོད་ཞུ་དགོས་ཀྱི་གནད་དོན་གཙོ་བོ་དེ་བོད་ལ་རྒྱ་མིས་དབང་བསྒྱུར་བྱས་བ་ལས་བྱུང་། དེར་སོང་བོད་མིའི་གནས་དོན་དེ་བོད་མིར་འགན་དབང་ཞུ་རྒྱུའི་དབང་ནུས་ཡོད་དགོས་གལ་མི་མངོན་ནམ། དེར་སོང་ཆོལ་གསུམ་སྤུན་ཟླ་རྣམས་དེའི་ཆེད་བརྩོན་ཕེབས་ཤོག

    སྡེ་དགེ་ཁུལ་ཆུ་རགས་རྒྱབ་པར་ངོ་བརྒོལ་ཞུ་དུས་གནས་དོན་ཆུང་ཙག་ཞིག་ཏུ་གོ་ཉེན་མིན་འདུག་གམ། ང་རང་ལ་དེ་གོ་སོང་སྟབས་དུས་བབ་དབྱིན་ཇིའི་གསར་དེབ་ནང་བལྟ་སྐབས་ Dam ཞེས་པའི་ཚིག་ཞིག་དེ་བེད་ཞུས་འདུག Dam ལ་ཆུ་མཛོད་ཅེས་བྲིས་ན་གོ་མི་ཆེའམ། ཆུ་མཛོད་རྒྱབ་དུས་ད་ལྟ་སྡེ་དགེ་ཁུལ་ངོ་བརྒོལ་ཞུ་དགོས་དོན་ཀྱི་ངལ་གནད་ཁག་ཡོང་རྒྱུ་ལོ་རྒྱུས་ཀྱི་རང་བཞིན་ཞིག་ཡོང་། ཆུ་མཛོད་ཆུ་རགས་ཞུས་ན་དོན་ལ་མི་གནོད་། ཆུ་མཛོད་ལས་འཆར་ལ་ད་ལྟ་དང་མ་འོང་གཉིས་ཀར་དཀའ་ངལ་ཆེ་ཙམ་ཞིག་ཡོང་བཞེད་ཀྱི་བསམ་ཚུལ་ཞིག་ཡོད་ཀྱང་། ཆུ་རགས་རྒྱབ་ཟེར་དུས་ཕན་པ་ལས་གནོད་པའི་བསམ་ཞིབ་ཞིག་ཕལ་ཆེར་འཁོར་མི་སྲིད་པ་མིན་ནམ་བསམ་བཞིན་པ་དགོངས་དཔྱད་དུ་ཞུས་ཡིན་ལགས།།

    Reply
  2. ཡོན་ཏན་ says:
    ལོ་ 1 སྔོན།

    ཁ་ནས་ལབ་པ་ཙམ་གཏོགས་་དོམ་ཕྲུག་བསོད་ནམས་བསྟན་འཕེལ་སོགས་་་གླང་དམར་དེ་རྣམས་འདོད་དོན་གྲུབ་པ་རེད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese