མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ངེས་པར་དུ་མི་མང་གི་བདེ་སྡུག་ལ་བསམ་ཤེས་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན། 

ལོ་གསར་པ་ཚེས་པ་དང་ངའི་སེམས་ནང་མི་བདེ་བ་ཞིག་བྱུང་བ་ནི་བོད་ནང་གི་གནས་སྟངས་སྐོར་ཡིན་ལ། དེ་ཡང་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ནས་གནས་སྡོད་བྱེད་སའི་ཕ་གཞིས་དྲོད་མོ་རྒྱ་གཞུང་གིས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དགོས་ཚུལ་བཙན་བཀའ་བཏང་བ་དང་། དེ་དག་ལ་བོད་ཁམས་སྡེ་དགེའི་སྡེ་དགོན་གཉིས་ཀྱི་སེར་སྐྱ་མང་ཚོགས་ཀྱིས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་རྒྱ་དམར་གྱི་ལས་བྱེད་ཚོར་ཞི་བའི་ཐོག་ནས་གནས་སྤོ་མི་དགོས་པའི་རེ་སྐུལ་ཇི་ལྟར་ཞུས་ཀྱང་ཡ་ལན་ཙམ་ཡང་མི་བྱེད་པ། བཙན་པོ་དབང་ཡོད་ཀྱིས་འཛིན་བཟུང་བྱས་ཏེ་ད་ལྟའི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པ་རེད།

དེ་ཡང་བོད་ཀྱི་དུས་བབ་ལས། རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱེད་པར་ཁ་གཡར་ཏེ། སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་གནས་སྤོར་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་ལྟར། ས་གནས་སེར་སྐྱ་མི་མང་གིས་ཕྱི་ཚེས་ ༢༡ དང་ ༢༢ ཉིན་ཞི་བའི་ཐོག་ནས་འབྲེལ་ཡོད་ལས་བྱེད་པར་རེ་སྐུལ་ངུ་འབོད་གནང་སྟེ་བཙན་བཀའ་ཟློག་ཐབས་གནང་ཡོད་སྟབས། གློ་བུར་དུ་ཉེན་རྟོག་པ་མང་པོ་བསླེབས་ནས་གང་བྱུང་གཅར་རྡུང་བཏང་སྟེ་མི་ཁག་ཅིག་སྡེ་དགེ་རྫོང་མི་མང་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། སེར་སྐྱ་མི་མང་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ས་གནས་མི་མང་གི་འགྲོ་འདུག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག ཅེས་བཀོད་དོན་ལྟར། བོད་རིགས་རྒྱ་ཆེའི་མང་ཚོགས་ཀྱིས་ཞི་བའི་ཐོག་ནས་ཞུ་འབོད་ལ། རྒྱ་དམར་སྲིད་ཀྱིས་གང་བྱུང་གཅར་རྡུང་གཏོང་གི་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན། བོད་མི་རྣམས་དགྲ་ཞིག་ཏུ་ངོས་འཛིན་པ་ལས། སྤུན་ཟླ་ལ་ངོས་འཛིན་གྱི་མེད། རྒྱ་གཞུང་གི་ལས་བྱེད་ཚོས་ག་དུས་ཡིན་ན་བོད་མི་རིགས་ལ་ང་ཚོའི་སྤུན་ཟླ་ཞེས་བརྗོད་ཀྱི་ཡོད་མོད། དོན་དག་ཡང་སྙིང་རྒྱ་གཞུང་གིས་བོད་མི་རིགས་སྤུན་ཟླའི་འདུ་ཤེས་ཤིག་འཛིན་གྱི་མེད་པ་འདས་ཟིན་པའི་ལོ་རྒྱུས་ཁག་ལས་ཀྱང་གསལ་པོ་རྟོགས་ཐུབ་པ་ཞིག་རེད། དེ་བཞིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆུ་རགས་གསར་རྒྱག་གི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པའི་གསར་འགོད་གསལ་བསྒྲགས་ལས། །རྒྱ་གཞུང་གིས་ཆུ་རགས་གསར་རྒྱག་གི་ལས་གཞི་དེའི་ཁྲོད་དབོན་སྟོད་དང་ཤིས་པ་གྲོང་ཚོ་གཉིས་ཀྱི་བོད་མི་ ༢༠༠༠ ལྷག་བཙན་གྱིས་གནས་སྤོ་དགོས་པ་དང་། འབྲི་ཆུའི་རྒྱུད་དུ་ཆགས་པའི་སྡེ་དགེ་རྫོང་ཁོངས་ཀྱི་ཡེ་ན་དགོན་པ་དང་། དབོན་སྟོད་དགོན་པ། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་པ་བཅས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཁག་དྲུག་ཙམ་གཏོར་བཤིག་གཏང་འཆར་ཡོད་འདུག དགོན་སྡེ་དེ་དག་གི་ནང་སྐུ་གདུང་རྩ་ཆེན་རིགས་མང་པོ་ཡོད་པ་མ་ཟད། དབོན་སྟོད་དགོན་གྱི་ལྡེབས་རིས་ནི་ཕྱི་ལོའི་དུས་རབས་ ༡༣ པའི་གནའ་ཤུལ་ཡིན་འདུག །ཅེས་བཀོད་དོན་ལྟར་དེ་འདྲ་རིག་དངོས་རྩ་ཆེའི་གནའ་ཤུལ་དེ་དག་ག་འདྲ་གནས་སྤོ་བྱ་དགོས་རེད་དམ། ངེས་པར་དུ་རྒྱ་གཞུང་གིས་དགོངས་པ་བཞེས་པ་དགོས་པ་ཞིག་རེད།

ད་ནི་རང་དབང་དང་། ཞི་བདེ་ལ་དགའ་བའི་སྲིད་གཞུང་རྣམ་པས་རྒྱ་གཞུང་གི་སྲིད་ཇུས་ངན་པ་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། དེ་བཞིན་རང་རེའི་རང་དབང་ལུང་པར་ཡོད་པའི་མང་ཚོགས་རྣམ་པས་སོ་སོའི་གནས་སྡོད་བྱ་སའི་སྲིད་གཞུང་ལ་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་སྐོར་ཞུ་འབོད་གནང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་སྙམ། བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་དེ་དག་འཛམ་གླིང་མི་མང་གི་མདུན་དུ་ཁྱབ་བསྒྲགས་མང་ཙམ་སྤེལ་དགོས་པ་མཐོང་ཞིང་། བརྒྱུད་ལམ་སྣ་ཚོགས་ཤིག་གི་གོ་སྐབས་འཛིན་དགོས་པ་རེད། དེ་ནི་བྱེས་ལ་ཡོད་པའི་བོད་མི་རྣམས་ཀྱི་ལས་འགན་ཆེ་ཤོས་དེ་རེད། ང་ཚོར་དཔལ་འབྱོལ་དང་སྟོབས་ཤུགས་མེད་རུང་། ང་ཚོ་ལ་བདེན་པའི་སྟོབས་ཤུགས་ཡོད་པ་ཡིན་དུས་ངེས་པར་དུ་བདེན་པའི་དར་ཆེན་འཕྱར་ནས་འཛམ་གླིང་མི་མང་གི་མདུན་དུ་ཐོན་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་དག་སྔར་ལས་ནུས་ཤུགས་ཆེ་བ་སྒྲོག་དགོས་པའི་དུས་ལ་བབ་འདུག་སྙམ། གལ་སྲིད་རྒྱ་གཞུང་གི་བཀོད་ཁྱབ་ལྟར་གནས་སྤོ་གནང་བའི་དབང་དུ་བཏང་ནའང་དེ་སྔོན་སྡོད་ས་ནང་བཞིན་ཁང་པ་དང་། ས་ཞིང་སྤྲད་ཀྱི་རེད་དམ་ཟེར་ན་གཏན་ནས་སྤྲད་ཀྱི་མ་རེད། དངུལ་ཕྲན་བུ་སྤྲད་སྲིད་པ་ལས་གོང་བརྗོད་ལྟར་ཁང་པ་དང་། ས་ཞིང་སྤྲད་སྲིད་ཀྱི་མ་རེད་ལ། གལ་སྲིད་སྤྲད་པ་ཡིན་ནའང་ཕན་ཐོགས་མེད་པ་ཞིག་སྤྲད་ཀྱི་རེད། དེ་མ་སྤྲད་པ་ཡིན་ན་ཞིང་པ་རྒྱ་ཆེ་མང་ཚོགས་ཀྱིས་འཚོ་བ་ག་འདྲ་རོལ་དགོས་ཀྱི་རེད། ཞིང་པ་ནི་ས་ཞིང་ལ་བསྟེན་ནས་འཚོ་བ་རོལ་དགོས་པ་ཡིན་དུས་ཞིང་པ་ལ་ས་ཞིང་མེད་པར་གྱུར་བའི་ཉིན་མོ་དེ་ནས་ཚེ་སྲོག་བརླག་པ་དང་གཅིག་མཚུངས་རེད། དགོན་པ་ཆགས་ས་ནི་གནས་རྩ་ཆེན་པོ་ཞིག་གི་ཐོག་ཏུ་བཞེངས་སྐྲུན་གནང་བ་ཞིག་ཡིན་པ་ལས་རང་ག་བཞེངས་སྐྲུན་གནང་བ་ཞིག་གཏན་ནས་མ་རེད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་ཤུལ་བྱིན་ཅན་ཡིན་དུས་སྐུ་གསུང་ཐུགས་རྟེན་ཡོད་པ་རེད་ལ། གནའ་དུས་བཞེངས་སྐྲུན་གནང་བའི་ལྡེབས་རིས་བྱིན་ཅན་ཡོད་རབས་བཤད་ཅིང་ཕྱི་ལོའི་དུས་རབས་ ༡༣ པའི་གནའ་ཤུལ་གྲགས་ཅན་དེ་དག་ག་འདྲ་སེ་གནས་སྤོ་དགོས་ཀྱི་རེད་དམ། དངོས་གནས་སེམས་ནང་དུ་བཤད་མི་ཤེས་པའི་གནད་དོན་ཞིག་རེད། རྫོང་གི་བོད་རིགས་ལས་བྱེད་དེ་དག་གིས་ངེས་པར་དུ་དགོངས་པ་བཞེས་དགོས། ཁོང་རྣམ་པ་གཞན་དབང་འོག་ཏུ་གནས་དགོས་པའི་ཐུགས་ཁག་གཏན་ནས་མེད་པ་དང་། རང་དབང་སྤུ་ཙམ་མེད་པ་ཤེས་ཀྱི་ཡོད་མོད། གནད་དོན་དེ་འདྲའི་སྐབས་སུ་ཁ་བཙུམ་ནས་མ་བཞུགས་པར་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱི་དགོས་འདུན་དེ་དག་གོང་རིམ་ལ་ངེས་པ་དུ་ཞུ་གཏུག་གིས་འགོག་ཐབས་གནང་དགོས་པ་ཞིག་རེད། ངས་དེ་འདྲ་བཤད་དུས་གཅིག་བྱས་ན་ང་རང་ཧམ་པ་ཆེ་དྲག་པ་ཡིན་སྲིད། གང་ལྟར་རྒྱ་ཆེ་མང་ཚོགས་ཀྱི་བདེ་སྡུག་སེལ་ཐབས་གནང་དགོས་པ་དེ་རེད། འགོ་ཁྲིད་ཟེར་བ་ནི་མི་མང་གི་འགོ་ཁྲིད་ཡིན་པ་ལས་མི་མང་ལ་གཉའ་མནོན་དང་། བཤུ་གཞོག་གཏོང་མཁན་གྱི་འགོ་ཁྲིད་ཅིག་ཏུ་མ་གྱུར་བ་གནང་དགོས་པ་གལ་ཆེ་རེད་སྙམ། ད་རེས་ཀྱི་གནད་དོན་དེ་དག་ནི་ཕུགས་འདུན་ལ་དགོངས་པ་བཞེས་དགོས་པ་ལས་གནས་སྐབས་ཀྱི་ཁེ་ཕན་བློས་བཏང་དགོས་པའི་དུས་སྐབས་ཤིག་རེད།

ལྷག་དོན་རྒྱ་དམར་སྲིད་གཞུང་གིས་བོད་ཁམས་ཡོངས་རྫོགས་བཙན་འཕྲོག་བྱས་ནས་བཟུང་སྟེ་གཞིས་ལུས་རྒྱ་ཆེ་མི་མང་ལ་ཉིན་གཅིག་ལའང་སེམས་ནང་བདེ་བ་བྱུང་མྱོང་མེད། རྒྱ་གཞུང་གི་ལས་བྱེད་ཚོས་ག་དུས་བཙན་པོ་དབང་ཡོད་བཤད་ཡོང་ན་བསམ་སྟེ་སྡོད་དགོས་ཐུག་གི་ཡོད་ལ། བོད་རིགས་མི་མང་རྣམས་ནི་དམྱལ་བའི་ནང་ལྷུང་བ་ནང་བཞིན་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། བོད་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་བཟུང་སྟེ་བོད་ཀྱི་གདོད་མའི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཏང་དང་གཏོང་བཞིན་ཡོད། དེང་སྐབས་འཛམ་གླིང་གི་མི་ཚོས་བོད་ལ་གོ་ལའི་སྣེ་གསུམ་པ་དང་། ཨེ་ཤ་ཡའི་ཆུ་མཛོད་ཅེས་བརྗོད་ཀྱི་ཡོད། བོད་མཐོ་སྒང་ལ་འཁྱགས་རོམ་བཞི་ཁྲི་དྲུག་སྟོང་ལྷག་ཡོད་རབས་བཤད་ཀྱི་ཡོད་ལ། རྒྱ་དམར་གྱིས་བོད་ལ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་གཏེར་ཁ་གང་བྱུང་བསྔོག་འདོན་དང་། ཆུ་མཛོད་དང་ཆུ་རག་གང་བྱུང་གསར་རྒྱག་བྱས་པ་སོགས་ལ་བརྟེན་ནས་རང་བྱུང་གི་ཁོར་ཡུག་ལ་གནོད་སྐྱོན་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད། དེང་སྐབས་བོད་ཀྱི་སྲིད་པ་ཆགས་པའི་གངས་རི་རྣམས་ཀྱང་རིམ་གྱིས་བཞུའགྲོ་ཡི་ཡོད་ལ། ཨེ་ཤ་ཡའི་གླིང་ཕྲན་ལ་ཆུ་ལོག་ལ་སོགས་འབྱུང་བའི་གནོད་འཚེ་ཡོང་དང་ཡོང་བཞིན་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།

ལྷག་པར་ཕྱི་ལོ་ ༢༠༡༨ སྔོན་ལ་ས་རུད་བརྒྱབ་ནས་སྡེ་དགེའི་འབྲི་ཆུ་འགག་ནས་དེའི་རྒྱུད་དུ་གནས་པའི་མི་མང་པོའི་འཚོ་གོས་ལ་དཀའ་ངལ་འཕྲད་དགོས་པ་བཟོས་ཡོད། དེ་ཡང་དགེ་སྡེ་དྲ་བ་ལས། སྤྱིར་བཏང་འབྲི་ཆུ་དང་རྩམ་ཆུ་གཉིས་པོ་འབྲི་རྩམ་སུམ་མདོ་ནས་འདྲེས་ཏེ་འབབ་བཞིན་ཡོད་པ་དང་། འབྲི་རྩམ་སུམ་མདོའི་མར་ཙམ་ནས་འབྲི་ཆུའི་(དཔལ་ཡུལ)ཤར་(འཇོ་མདའ)ནུབ་ཀྱི་རི་བོ་ཕན་ཚུན་ཉིལ་ཏེ་འབྲི་ཆུའི་འབབ་མཚམས་བཅད་ཡོད་པས་མ་ཚད། རི་བོ་ཉིལ་བའི་ས་རོ་རྡོ་རོའི་མཐོ་ཚད་ལ་ཐོག་བརྩེགས་ ༥༠ ཡན་མན་ཡོད་ཚུལ་བཤད་ཡོད། ད་བར་མི་དང་འཕྲུལ་འཁོར་གྱིས་དེ་དག་གཤོང་ཐབས་བྱེད་བཞིན་ཡོད་མོད། ད་དུང་མུ་མཐུད་འབད་བརྩོན་བྱས་ཀྱང་ཆུ་ཚོད་ ༣༠ ཡན་མན་འགོར་སྲིད་པའི་གནས་ཚུལ་འབྱོར་ཡོད། ཅེས་འཁོད་དོན་ལྟར་སྐབས་དེ་དུས་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། དེ་དག་ལ་བསམ་ཤེས་མེད་པར་ད་དུང་ཆུ་མཛོད་རྒྱག་ཚེ་མ་འོངས་པར་རི་བོ་ཕན་ཚུལ་ཉིལ་ཏེ་དེའི་རྒྱུད་དུ་གནས་པའི་མི་རྒྱུ་གཉིས་ལ་དཀའ་ངལ་མང་དག་འཕྲད་རྒྱུ་ཡིན་པ་ནི་འབྲེལ་བརྗོད་མ་དགོས།

རྒྱ་དམར་སྲིད་གཞུང་གིས་ག་དུས་ཡིན་ནའང་བོད་མི་རིགས་ཀྱི་བདེ་དོན་སྒྲུབ་ཀྱི་ཡོད་རབས་བཤད་ཀྱི་ཡོད་མོད། དོན་དག་ཡང་སྙིང་བོད་མི་རིགས་ལ་གནོད་པའི་ལས་དོན་འབའ་ཞིག་བྱེད་ཀྱི་འདུག་ན་དེ་བྱེད་པར་དགའ་བཞིན་བྱེད་ཀྱི་ཡོད། བོད་ནང་དུ་དེ་སྔོན་དང་མི་འདྲ་བའི་གཞུང་ལམ་སོགས་བཟོ་སྐྲུན་བྱས་ཡོད་མོད། དེ་དག་ནི་བོད་རིགས་ལ་ཕན་ཐོགས་ཡོང་ན་བསམ་པའི་ཐོག་ནས་འཛུགས་སྐྲུན་བྱས་པ་ཞིག་མ་རེད། དེ་དག་ནི་བོད་ནས་གཏེར་ཁ་བསྔོག་འདོན་བྱེད་ཆེད་དུ་གཞུང་ལམ་དེ་དག་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་ད་སྐབས་རིམ་གྱིས་གསལ་པོ་རྟོགས་ཐུབ་པ་ཞིག་རེད།

སྔོན་དུས་ཡིན་ན་བོད་ལ་ཕྱི་དངོས་པོ་ཡར་རྒྱས་མེད་ནའང་ནང་སེམས་ནང་དུ་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རོལ་གྱི་ཡོད། དེང་སྐབས་བོད་ནང་ཕྱི་དངོས་པོའི་ཁྲ་ཁྲ་ཟང་ཟིང་གི་རྣམ་པ་ཞིག་མཐོང་རྒྱུ་ཡོད་མོད། བོད་མི་རྣམས་ཀྱི་སེམས་ནང་དུ་རྒྱ་དམར་སྲིད་གཞུང་གིས་ག་དུས་དྲག་གནོན་བྱེད་ཡོང་ན། ག་དུས་གནས་ཡུལ་ནས་ཡར་རྒྱས་ལ་ཁ་བཏགས་ནས་རྒྱང་འབུད་གཏོང་ཡོང་ན་བསམ་ནས་ཉིན་མཚན་དུས་དྲུག་ཏུ་སེམས་སྡུག་དང་དངངས་སྐྲག་གི་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད། རྒྱ་དམར་སྲིད་གཞུང་གི་འགོ་ཁྲིད་ཚོས་ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་ཐོབ་ཡོད་ཚུལ་འུར་སྒྲོག་བྱེད་བཞིན་ཡོད་ལ། མིང་མང་གི་འདོད་དོན་སྒྲུབ་བཞིན་ཡོད་ཚུལ་བཤད་ཀྱི་ཡོད་མོད། དོན་དག་ཡང་སྙིང་དེ་ལས་ལྡོག་སྟེ་གཞིས་ལུས་སྤུན་ཟླ་རྣམས་ཀྱི་ཞི་བའི་ཐོག་ནས་ཞུ་སྐུལ་ལ་དྲག་གནོན་བྱེད་ཀྱི་ཡོད། མི་མང་གི་འདོད་དོན་སྒྲུབ་ཀྱི་མེད་པ་མ་ཟད། ཉེས་མེད་རྡུང་རྡེག་གཏོང་བ་སོགས་ཀྱི་ཉིན་མཚན་མི་འཁྱོང་བའི་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡོད་པ་དེ་རེད། དེ་ཡང་བསྲེགས་ཀྱང་མི་འཚིགས་པའི་བོད་ཅེས་པ་ལས། དགྲ་བོ་བཙན་རྒྱལ་རྒྱ་དམར་གྱིས་ང་ཚོའི་སྤུན་ཟླ་མང་པོ་ག་ཚོད་དང་ག་ཚོད་དམར་གསོད་བཏང་ཡོད་པ་མ་རེད། དེ་ནང་བཞིན་བཙོན་དུ་བཅུག་པ་དང་། གར་སོང་ཆ་མེད་བཟོས་པ། འཐབ་འཛིང་བཏང་བ་སོགས་གྲངས་ཀ་མི་ཐེབས་པ་ཞིག་རེད། མནར་གཅོད་འདི་ཚོ་བཟོད་ཐབས་བྲལ་ཏེ་བོད་མི་མང་པོ་ཆུར་མཆོངས་བ་དང་། རང་སྐེ་རང་བསྡམས་ཀྱིས་ཤི་བ་ཡང་བྱུང་ཡོད། འདི་དང་འདི་འདྲ་བ་བོད་རྒྱ་ཆེའི་མི་མང་ལ་མི་ཚེར་བརྗོད་མ་ཚར་བའི་སྡུག་བསྔལ་ཤོད་རྒྱུ་ཡོད། ཅེས་གསལ་དོན་ལྟར།  

ལྷག་དོན་རང་རེའི་རང་དབང་ལུང་པའི་ནང་དུ་ཡོད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཚོགས་སྡེ་ཚང་མ་བློ་རྩེ་གཅིག་མཐུན་གྱིས་ད་རེས་གནས་ཚུལ་ཛ་དྲག་ཅན་དེ་དག་རྒྱ་ནག་དམར་པོའི་གཞུང་གིས་བཙན་ཤེད་ཀྱིས་སྡེ་དགེ་རྫོང་གི་གྲོང་སྡེ་དང་དགོན་པ་ཁག་ཅིག་གནས་སྤོ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་དང་། དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ་མང་དག་སྤེལ་དགོས་ལ། དེང་སྐབས་ས་གནས་གང་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་འདུག་ཅིང་དེ་དག་ལ་རྗེས་སུ་ཡི་རངས་དང་། ད་ངུང་ཡིན་ནའང་གཞུང་མང་གཉིས་ནས་ནུས་ཤུགས་ཆེ་ཙམ་ལས་འགུལ་སྤེལ་དགོས་པ་མཐོང་། དོན་དག་ཡང་སྙིང་ངེས་པར་དུ་རྒྱ་གཞུང་གིས་ཆུ་རགས་གསར་རྒྱག་ལས་གཞི་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་བར་ནུས་ཤུགས་ལྡན་པའི་ལས་འགུལ་སྤེལ་དགོས་པར་མཐོང་ངོ་།། འདི་ནི་མདོ་ཁམས་སྡེ་དགེའི་སྡེ་དགོན་གཉིས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བྲིས་པ་ཞིག་ཡིན་ནོ།།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡ ཉིན་མོར་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

སྐར་མ ༤ སྔོན་ལ།
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་སྟེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་འོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ།

༢༠༢༥/༡༡/༠༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

༢༠༢༥/༡༡/༠༡
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

༢༠༢༥/༡༡/༠༡
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

༢༠༢༥/༡༡/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese