མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་གྲངས་མཛོད་དུ་བཅུག་སྟེ་འཇིག་རྟེན་འདི་མ་སྟོང་བར་དུ་སངས་རྒྱས་བསྟན་པ་དང་བཀའ་བསྟན་ཆ་ཚང་ཉར་ཚགས་བྱ་ཐུབ་རྒྱུར་དམིགས་ཡོད་སྐོར་གསུངས་སོང་།

དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༡།༡༢

དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་རིང་དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་ (Imperial Heights) དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས་སོང་།

ཐེངས་འདིའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ (USAID) ཀྱི་ལས་འཆར་འགན་འཛིན་ (Mission Director) ཝི་ན་རེ་ཌི་ (Venna Reddy) ལགས། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་སོགས་དང་། དགོན་སྡེ་ཁག་ ༥༤ དང་རིག་གཞུང་གི་ཚོགས་སྡེ་ཁག་ ༡༠ ཡི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་འགན་འཛིན་ཝི་ན་རེ་ཌི་ལགས་ཀྱིས། བོད་ཀྱི་ལོ་རྒྱུས་དང་བོད་མི་རྣམས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱས་དང་བྱེད་བཞིན་པའི་གནད་དོན་ཐོག་ལ་རྒྱུས་ལོན་བྱས་ཐུབ་པའི་གོ་སྐབས་བྱུང་། བོད་མི་རྣམས་ཀྱི་སྙིང་སྟོབས་དང་ལ་རྒྱ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་ཉེན་ཡོད་པར་བརྟེན། འཛམ་གླིང་མི་མང་ཡོངས་ལ་བོད་ཀྱི་ལོ་རྒྱུས་དང་བོད་དོན་དང་འབྲེལ་བའི་གནད་དོན་དེ་དག་གོ་རྟོགས་དང་ཁྱབ་སྤེལ་བྱ་དགོས་གལ་ཆེ་སྐོར་དང་། ལས་གཞི་འདི་བརྒྱུད་བོད་ཀྱི་རྩ་ཆེའི་ཡིག་ཆ་རྙིང་པ་རྣམས་དེང་དུས་དང་མཐུན་པའི་ཐོག་གྲངས་འཛིན་དུ་ཉར་ཚགས་བྱས་ཏེ། མི་རབས་རྗེས་མས་བེད་སྤྱོད་བྱེད་ཐུབ་པར་དམིགས་ཡོད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་དུ་གསུང་བཤད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༡།༡༢

ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག་སྒྲོག་སྦྱངས་ཞུས་སོང་། དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་ང་ཚོ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་ཐོག་ལ་འདུ་འཛོམས་གནང་ཡོད་པ་རེད། འདུ་འཛོམས་འདིའི་ཐོག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ཕེབས་པ་འདི་སྙན་སྒྲོན་ཞུས་ཟིན་པ་རེད། གསུང་འཕྲིན་ནང་གསལ་བ་ནང་བཞིན་ལོ་བརྒྱ་ཕྲག་མང་པོའི་རིང་ལ་བོད་ཀྱི་མཁས་པ་ཚོས་སྐུ་ལས་བསྐྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་བཀའ་དང་བསྟན་བཅོས་གཙོ་བོར་གྱུར་པའི་བོད་ཀྱི་མཁས་པ་མང་པོ་ཞིག་གིས་བརྩམས་པའི་ཡིག་ཆ་མང་པོ་ཡོད།  ང་ཚོ་བཙན་བྱོལ་དུ་སླེབས་སྐབས་བོད་མི་མང་པོ་ཞིག་གིས་སོ་སོའི་རྒྱུ་ནོར་འཁྱེར་རྒྱུའི་ཚབ་ལ་བོད་ནས་དཔེ་ཆ་རྒྱབ་ལ་འཁུར་བ་སོགས་གལ་ཆེན་པོར་རྩིས་ནས། བཙན་བྱོལ་ནང་དུ་སྔོན་མའི་མི་རབས་ཀྱི་སྐུ་ལས་བསྐྱོན་པ་མང་པོ་ཞིག་ད་ལྟ་མཇལ་རྒྱུ་དང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། ལོ་ངོ་བརྒྱ་ཕྲག་རིང་ལ་བོད་ཀྱི་མཁས་པ་ཚོས་སྐུ་ལས་བསྐྱོན་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་གནས་སྟངས་སྐྱོ་བོ་དེ་འདྲ་ཞིག་གི་སྐབས་སུ་གཙོ་བོ་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་རྣམ་པ་དང་མི་མང་ཚོའི་ངོས་ནས་ང་རང་ཚོའི་སྐད་ཡིག་དང་ནང་ཆོས་ལ་རྩ་ཆེན་པོ་བརྩི་བའི་ཐོག་ནས་ངོས་འཛིན་བྱས་ཐུབ་པ་དེ་དག་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡོང་པར་བསྟུན། དེ་རིང་ཚོགས་འདུ་འདི་བརྒྱུད་ནས་དགའ་ལྡན་ཕོ་བྲང་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་འདི་གསོལ་རས་བསྩལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས། གྲངས་མཛོད་ཀྱི་ལས་གཞི་འདི་དེང་དུས་དང་མཐུན་པ་ཞིག་ཡོང་རྒྱུའི་ཆེད་དུ་རེད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་དང། བོན་ཆོས་ནང་ཡོད་པའི་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འདི་དག་གྲངས་མཛོད་ནང་བཅུག་པའི་ཐོག་ནས་འཇིག་རྟེན་འདི་མ་སྟོང་བར་དུ་སངས་རྒྱས་བསྟན་པ་དང་བཀའ་བསྟན་ཆ་ཚང་ཉར་ཚགས་བྱ་ཐུབ་རྒྱུར་དམིགས་པ་ཞིག་རེད། ཅེས་དང་། དེ་རིང་འདིར་འཛོམས་པའི་དམིགས་ཡུལ་བྱེ་བྲག་པ་འདི། རྒྱ་ཆེ་ས་ནས་མ་འོངས་པར་འཛམ་གླིང་འདིའི་ནང་བོད་བརྒྱུད་ནང་བསྟན་དང་བོན་ཆོས་ཀྱི་དཔེ་ཆ་གང་ཡོད་པ་ཡོངས་རྫོགས་གཅིག་ཏུ་བསྡུས་ཏེ། བོད་པ་ཙམ་དུ་མིན་པར་འཛམ་གླིང་འདིའི་ནང་ལོགས་ལ་སློབ་སྦྱོང་བྱ་རྒྱུའི་འདོད་པ་ཡོད་ཚེ་ཁེ་ཕན་བླངས་ཐུབ་རྒྱུ་ཞིག་དང་། དེ་དག་གྲངས་མཛོད་ནང་བཅུག་ཟིན་ན་མ་འོངས་པར་འཇིག་རྟེན་མ་སྟོང་གི་བར་དུ་ཉར་ཚགས་བྱ་ཐུབ་རྒྱུའི་དམིགས་ཡུལ་ཡོད་སྐོར་དང་། ད་ལན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་འདི་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ཚགས་ཚུད་པོ་ཡོང་ཐུབ་པ་ཡིན་ན། བོད་པ་གཅིག་པོ་མིན་པར་འཛམ་གླིང་ཡོངས་རྫོགས་ལ་ཕན་ཐོགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩
Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦
སྲིད་སྐྱོང་མཆོག་ནས་ཀོ་ལིམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༡༠།༠༣
Mobile App

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཆོས་ལུགས་དད་མོས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་།

༢༠༢༣/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese