མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ལ་གུས་བརྩི་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་མདུན་དུ་ལྷ་བྲིས་ཚེ་དབང་རྡོ་རྗེ་ལགས་ཀྱིས། བོད་ཀྱི་རྒྱལ་དར་ལ་གུས་བརྩི་དང་། གང་བྱུང་བེད་སྤྱོད་གཏོང་མི་ཆོག་པའི་བགྲོ་གླེང་བཅའ་ཁྲིམས་ནང་དུ་འཁོད་ཐུབ་པ་གནང་བའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་འདུག

དེ་རིང་ལྷ་བྲིས་ཚེ་དབང་རྡོ་རྗེ་ལགས་ཀྱིས་བོད་ཀྱི་རྒྱལ་དར་གང་བྱུང་བེད་སྤྱོད་གཏོང་མི་ཆོག་པའི་བགྲོ་གླེང་དང་བཅའ་ཁྲིམས་ནང་འཁོད་ཐུབ་པ་གནང་རྒྱུའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༣།༢༧

གསར་འགོད་པས་ལས་འགུལ་འདི་སྤེལ་བའི་དགོས་དམིགས་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར། ཁོང་གིས། བོད་རྒྱལ་ཁབ་ཀྱི་རྒྱལ་དར་འདི་དུག་ལོག་དང་ཅ་ལག་ལ་བེད་སྤྱོད་མ་གཏོང་རོགས། བོད་ཀྱི་རྒྱལ་དར་གལ་ཆེན་པོ་བརྩིས་ནས་བཅའ་ཁྲིམས་ནང་ལ་འཇོག་རོགས་གནང་ཞུ་རྒྱུ་དང་། ཚོང་པ་དེ་ཚོས་སོ་སོའི་ཁེ་ཕན་ཆེད་དུག་ལོག་དང་ཅ་ལག་སོགས་སུ་རྒྱལ་དར་བེད་སྤྱོད་བྱེད་བཞིན་པ་མི་མང་པོ་ཞིག་གིས་བེད་སྤྱོད་བཏང་བར་བརྟེན། རྒྱ་གར་སློབ་སྦྱོང་ཡོད་མཁན་མང་པོ་ཞིག་གིས་ང་ཚོའི་རྒྱལ་དར་ལ་མཐོང་མི་འདུག་ཟེར་བའི་བསམ་འཆར་མང་པོ་ཡོང་གི་འདུག དེར་བརྟེན། ད་ལན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམ་པ་བོད་ཀྱི་རྒྱལ་དར་གལ་ཆེན་དུ་བཟུང་ནས་བཅའ་ཁྲིམས་ནང་འཇོག་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།

ལས་འགུལ་དང་འབྲེལ་བའི་འབོད་སྐུལ་ཞུ་ཡིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ད་བར་བོད་ཀྱི་རྩ་དོན་དང་འབྲེལ་བའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཐུན་མོང་མ་ཡིན་པའི་བོད་ཆས་སྐོར་ལ་ཉམས་ཞིབ་ཀྱིས་དོ་སྣང་དང་། ཤེས་རིག་གི་གོ་སྒྲིག་འོག་དགེ་རྒན་ལྷན་འཛོམས་ལ་གཏམ་བཤད་དང་། གཞི་རིམ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་རྒྱལ་དར་སྐོར་ལ་ངོ་སྤྲོད་གཏམ་བཤད་དང་ཆེ་མཐོང་དགོས་པར་གསལ་བཤད་ལམ་སྟོན་ལན་མང་བྱེད་ཐུབ་པ་བྱུང་། ཕྱི་ལོ་ ༢༠༡༡ དང་ ༢༠༡༧ ལོར་བོད་ཀྱི་རྒྱལ་དར་དང་བོད་ཆས་སྐོར་ལ་ཉམས་ཆག་འགྲོ་ཡི་ཡོད་པའི་བསམ་འཆར་ཞིག་བཏང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཀྱི་ལས་ཉིན་འགྲོ་བཞིན་པའི་སྐབས་སུ། སྤྱི་འཐུས་རེ་ཟུང་ནས་ཚུལ་མཐུན་མ་ཡིན་པའི་རྒྱལ་དར་གྱི་ཁ་རས་གྱོན་པ་སོགས་ལ་བརྟེན་ནས་མཇུག་འབྲས་སུ་བོད་མི་གནས་སྡོད་གང་སར་མི་མང་པོ་ཞིག་གིས་བེད་སྤྱོད་ལོག་པར་གཏོང་གི་འདུག་པས། བོད་ཀྱི་རྒྱལ་དར་ནང་དོན་མདོར་ཙམ་ཞུས་ན་དམ་པའི་ཆོས་དང༌། སྐུ། སྲུང་མ་དམར་ནག་བཅས་ཀྱི་མཚོན་དོན་ཡོད། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་སྙན་འབུལ་ཞུས་པ་ཡིན། ཡིན་ནའང་ཕྲན་ལ་ད་དུང་བློ་ཁ་ཚིམས་པ་ཞིག་ཡོང་ཐུབ་པར་དཀའ་བ་དང་། ལྷག་པར་དུ་རང་རེའི་སྤྱི་ཚོགས་ནང་ཚོང་གཉེར་གྱི་འདོད་རྔམ་ལ་བརྟེན་ནས་བོད་ཀྱི་རྒྱལ་དར་ལ་མཐོང་ཆུང་གིས་ཚད་གཞི་དང་ཚོན་མདངས་འདྲ་མིན། དེ་བཞིན་འབྲེལ་མེད་དངོས་ཆས་དང༌། རས་གོས་སོགས་གང་བྱུང་ལ་བེད་སྤྱོད་བྱས་པའི་རྐྱེན་གྱིས་ཉམས་རྒུད་འགྲོ་བཞིན་པ་མངོན་པའི་ཐོག ཕྱི་མི་ནས་ཀྱང་བོད་ཀྱི་རྒྱལ་དར་ལ་བོད་མི་རྣམས་ཀྱིས་དོ་སྣང་དགོས་པའི་བསམ་འཆར་ཡང་ཡོང་བཞིན་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མཆོག་ནས་ཀྱང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་ནམ་ཡིན་ལ་རྒྱལ་དར་སྒྲེང་འཛུགས་སྐབས་སྐུ་བཞེངས་ཀྱིས་གུས་ཞབས་གནང་བ་དང་། གནས་ཡུལ་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་དར་ལ་ཆེ་མཐོང་དང་རྩ་ཆེན་འཛིན་གྱི་ཡོད་པ་ལྟར་བོད་ཀྱི་རྒྱལ་དར་ལའང་གུས་བརྩི་ལྡན་པ་ཡོང་རྒྱུ་དང་། ཚོགས་གཙོ་མཆོག་དང་རྒྱུན་ལས་ལྷན་རྒྱས་ཀྱིས་ད་ལན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐབས་རྒྱལ་དར་དེ་གང་བྱུང་ལ་བེད་སྤྱོད་གཏོང་མི་ཆོག་པའི་བགྲོ་གླེང་ཐོག་བཅའ་ཁྲིམས་ཀྱི་དོན་ཚན་ནང་དུ་ཅི་ནས་ཀྱང་འཁོད་ཐུབ་པ་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༡༥ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

ཆུ་ཚོད་ ༢༡ སྔོན་ལ།
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese