མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་དམར་ཤོག་མགོ་ཁྲིད་ཅིག་ལ་ཁྲིམས་ཆད་བཅད།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་མཚོ་བོད་ལྕགས་ལམ་བཟོ་ལས་ཁང་ཟེར་བའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཟུར་པ་ཝང་ཀྲུང་ཡུས་ཀྱིས་རྒྱ་སྒོར་ཁྲི་ ༢༥༨༧ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་ ༡༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

མཚོ་བོད་ལྕགས་ལམ་གྱི་འགན་འཛིན་ཟུར་པ་ཝང་ཁྲིམས་ཆད་བཅད། དྲ་ལམ་གྱི་པར།

ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། མཚོ་བོད་ལྕགས་ལམ་བཟོ་ལས་ཁང་ཟེར་བའི་དམར་ཤོག་དྲུང་ཡིག་གཞོན་པ་དང་། སྤྱི་ཁྱབ་འགན་འཛིན་གཞོན་ཟུར་པ་ཝང་ཀྲུང་ཡུས་(王忠玉)ཀྱིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༢༥༨༧ བླངས་བའི་ནག་ཉེས་བཙུགས་ཏེ་ལོ་ ༡༣ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ས་ཡ་ ༡ དང་འབུམ་ ༢ ཁྲིམས་ཆད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག

དེའི་ཐད་ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཝང་ཀྲུང་ཡིས་ཀྱིས་ཕྱི་ལོ་ ༡༩༩༡ ནས་ཕྱི་ལོ་ ༢༠༡༧ ལོའི་བར་དུ་མཚོ་བོད་ལྕགས་ལམ་བཟོ་ལས་ཁང་ཟེར་བའི་དམར་ཤོག་དྲུང་ཡིག་གཞོན་པ་དང་། སྤྱི་ཁྱབ་འགན་འཛིན་གྱི་གཞུང་འབྲེལ་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ། ལས་གནས་དང་མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། གྱོད་གཞི་མཐུན་སྦྱོར་སོགས་བྱས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༧ ལོར་རྒན་ཡོལ་ཞུས་རྗེས་ཀྱང་སྔོན་མའི་གོ་གནས་བེད་སྤྱོད་བྱས་ཏེ་ལྐོག་རྔན་རྒྱ་སྒོར་ཁྲི་ ༥༥ ལྷག་བླངས་ཡོད་པ་སོགས་ཀྱི་ནག་ཉེས་བཙུགས་ཏེ་ལོ་ ༡༣ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ས་ཡ་ ༡ དང་འབུམ་ ༢ ཉེས་ཆད་བཅད་ཡོད་པ་མ་ཟད་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག

ཝང་ཀྲུང་ཡུས་ནི་ཕྱི་ལོ་ ༡༩༥༧ ལོར་རྒྱ་ནག་ཧྲན་ཞི་ཝན་ཧྲི་རུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༤ པར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས་འདུག ཕྱི་ལོ་ ༡༩༧༥ ནས་ ༢༠༠༦ བར་ཐའེ་ཡོན་ལྕགས་ལམ་དང་ཀོང་ཀྲུག་ལྕགས་ལམ་ལས་ཁུངས་ཀྱི་མགོ་ཁྲིད་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་དུ་མཚོ་བོད་ལྕགས་ལམ་ལས་བཟོ་ཁང་ཟེར་བའི་སྤྱི་ཁྱབ་གཞོན་པ་དང་། བཟོ་ལས་ཁང་དེའི་དམར་ཤོག་ཚོགས་པའི་རྒྱུན་ལས་བྱས། ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ བར་བཟོ་ལས་ཁང་དེའི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཚན་ཁག་གི་སློབ་སྟོན་པ། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལམ་སྟོན་ཚོགས་ཆུང་གི་འགན་འཛིན་གཞོན་པ། ལན་ཀྲུག་ལྕགས་ལམ་ཚན་པའི་དམར་ཤོག་དྲུང་ཡིག་བྱས། ཕྱི་ལོ་ ༢༠༡༣ ནས་ ༢༠༡༧ མཚོ་བོད་ལྕགས་ལམ་བཟོ་ལས་ཁང་གི་དམར་ཤོག་དྲུང་ཡིག་གཞོན་པ་དང་། སྤྱི་ཁྱབ་འགན་འཛིན་བཅས་བྱས་ཡོད་འདུག

མཚོ་བོད་ལྕགས་ལམ་ནི་ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་རྒྱ་གཞུང་གིས་མཚོ་སྔོན་གྱི་ཟི་ལིང་ནས་རྒྱལ་ས་ལྷ་སའི་བར་ཤར་གཏོང་བྱེད་བཞིན་པའི་ལྕགས་ལམ་ཞིག་ཡིན་ཞིང་། ལྕགས་ལམ་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་ ༡༩༧༡ ཡོད། འདས་ལོར་རྒྱ་གཞུང་གིས་ད་ཡོད་ཀྱི་མཚོ་བོད་ལྕགས་ལམ་དེ་གོར་མོ་ནས་ལྷ་སའི་བར་ལྕགས་ལམ་གློག་རླངས་ཅན་དུ་བསྒྱུར་རྒྱུ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་ཕྱོགས་གཉིས་ཅན་གྱི་ལམ་ཐིག་བཟོ་རྒྱུ། ལྷ་ས་ནས་གཞིས་རྩེའི་ལྕགས་ལམ་ལ་ཕྱོགས་གཉིས་ཅན་གྱི་ལམ་ཐིག་དང་གློག་རླངས་ཅན་བསྒྱུར་རྒྱུ་ཡིན་པ་སོགས་བསྒྲགས་འདུག

ཕྱི་ལོ་ ༢༠༣༥ ལོའི་བར་དུ་གཞིས་རྩེ་ནས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི། ཆབ་མདོ། ཁྲེན་ཏུའུ་བར་དང་། མངའ་རིས་ནས་ནག་ཆུ་དང་ཆབ་མདོ་བར་དང་། ཧོ་ཐན་ནས་མངའ་རིས་དང་གཞིས་རྩེ། ལྷ་ས། ལྷོ་ཁ། ཉིང་ཁྲི། སེམས་ཀྱི་ཉི་ཟླ། ལི་ཅང་བར། ཟི་ལིང་ནས་གོར་མོ་དང་ནག་ཆུ། ལྷ་སའི་བར། ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བར་བཅས་ལ་ལྕགས་ལམ་གྱིས་མཐུད་ཀྱི་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༣༥ ལོའི་ལོ་མཇུག་བར་དུ་ལྷ་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་བསྐྲུན་ཚར་བ་བྱ་རྒྱུ་དང་། ས་དགའ་ནས་སྒེར་རྩེ་དང་། གཞིས་རྩེ་ནས་ཤན་རྩ་དང་དཔལ་མགོན་བར། མལ་གྲོ་གུང་དཀར་ནས་སྟེང་ཆེན་བར། སྣེ་གདོང་ནས་མཚོ་སྣ་བར། གཏིང་སྐྱེས་ནས་ཁང་དམར་བར། སྨན་གླིང་ནས་མེ་ཏོག་བར་དང་རྫ་ཡུལ་བར། ཆབ་མདོ་ནས་མཛོད་དགེ་བར་སོགས་སྤྱི་ལེ་ ༢༥༡༤ ཡོད་པའི་ལྕགས་ལམ་བསྐྲུན་རྒྱུར་ཞིབ་འཇུག་ལག་བསྟར་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese