མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་བར་ས་མིང་བརྗེ་བསྒྱུར་གྱི་རྩོད་རྙོག་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ས་མིང་ ༣༠ བརྗེ་བསྒྱུར་བཏང་སྟེ་ས་ཁུལ་དེ་དག་བོད་ཀྱི་ས་ཁོངས་ཡིན་སྐོར་བསྒྲགས་པ་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་རྒྱ་ནག་ལ་རྒོལ་ལན་གྱི་ཚུལ་དུ་བོད་ཀྱི་ས་མིང་ ༦༠ བརྗེ་བསྒྱུར་བྱེད་པའི་དགོས་འདུན་བཏོན་འདུག

MEA spokesperson Randhir Jaiswal, Arunachal Pradesh chief minister Pema Khandu and Union minister Kiren Rijiju slammed China for renaming places inside Arunachal Pradesh. (Image: PTI/Reuters)

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གར་དབུས་གཞུང་གི་གོ་ལའི་ཚན་རིག་དང་བཟའ་ཆ་ལས་སྣོན་བློན་ཆེན་སྐུ་ཞབས་(Kiren Rijiju) ལགས་ཨ་རུ་ནཱ་ཅལ་མངའ་སྡེའི་ནུབ་ཕྱོགས་གྲོས་ཚོགས་འཐུས་མིར་བསྐྱར་དུ་བཞེངས་གཏན་ཁེལ་ཡོད་པ་དང་བསྟུན། ཁོང་གིས་རང་ཉིད་སྐྱེས་ཡུལ་ཏེ་ཨ་རུ་ན་ཅལ་མངའ་སྡེའི་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ས་མིང་གསར་པ་བཏགས་པ་དེར་སྐྱོན་བརྗོད་གནང་བའི་ནང། རྒྱ་ནག་གཞུང་གིས་ཁུངས་ལུང་མེད་པའི་བདག་དབང་རྩོད་བཞིན་པ་རེད་དེ། དོན་དངོས་ཐོག་དེས་ཨ་རུ་ན་ཅལ་མངའ་སྡེ་དེ་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཡིན་པའི་བདེན་པར་འགྱུར་བ་གཏོང་ཐུབ་ཀྱི་མེད། ཅེས་ནན་བརྗོད་བྱས་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཧི་མན་ཌི་(Himanta Biswa Sarma ) ལགས་ཀྱིས་རྒྱ་ནག་གཞུང་གིས་བྱེད་འབབ་དེར་སྐྱོན་བརྗོད་དྲག་པོ་བྱས་པ་དང་བསྟུན། རྒྱ་གར་གྱིས་གཞུང་འབྲེལ་ཐོག་ནས་རྒྱ་ནག་གིས་རྒྱ་གར་ས་གནས་ཁག་ཏུ་དོན་མེད་མིང་གསར་པ་བཏགས་པར་ངེས་པར་དུ་རྒོལ་ལན་ཤུགས་ཆེན་སློག་དགོས། ང་ཚོས་རྒྱ་ནག་གི་ལྟ་རྟོག་འོག་ཡོད་པའི་བོད་ཀྱི་ས་ཚིགས་དྲུག་ཅུ་ལྷག་ལ་ས་བབ་ཆགས་ཚུལ་དང་འབྲེལ་ནས་མིང་འདོགས་དགོས་པའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་འདུག

དེ་བཞིན། ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། སྤོབས་པར་འོས་པའི་རྒྱ་གར་གྱི་མི་སེར་དང་ཨ་རུ་ན་ཅལ་གྱི་ས་གནས་ས་ཐོག་གི་མི་ཞིག་ཡིན་པའི་ངོས་ནས། རྒྱ་ནག་གིས་ཨུ་རུ་ན་ཅལ་གྱི་ས་མིང་བརྗེ་བསྒྱུར་བཏང་བར་ང་དང་ཨ་རུ་ན་ཅལ་མངའ་སྡེ་མི་མང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅེས་ལན་འདེབས་བྱས་འདུག

ཕྱི་ཟླ ༣ ཚེས་ ༣༠ ཉིན་རྒྱ་ནག་དམངས་སྲིད་ལྷན་ཁང་(Ministry of Civil Affairs) གིས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་གསར་པ་བཏགས་ནས་ཁ་གསབ་བྱས་ཡོད་ལུགས་ཀྱི་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། རྒྱ་གར་ཨ་རུ་ནཱ་ཅལ་ཁུལ་གྱི་རི་ ༡༢ དང་། རྒྱུག་ཆུ་ ༤། མཚེའུ་ ༡། ལ་ཆུང་ ༡ དང་མི་མང་གནས་སྡོད་བྱ་ཡུལ་ ༡༡ བཅས་སུ་བོད་ཡིག་དང་རྒྱ་ཡིག་ཕིན་ཡེན་ཡོད་པའི་མིང་གསར་པ་བཏགས་ཏེ། ཁུལ་དེ་དག་བོད་ཀྱི་ལྷོ་མོན་ཏེ་རྒྱ་ནག་གཞུང་གིས་འཁྱོག་བརྗོད་བྱེད་ཀྱིན་ཡོད་པ་རེད།

རྒྱ་གཞུང་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནི་བོད་ཀྱི་ལྷོ་མོན་ས་ཁུལ་ཡིན་པས་རྒྱ་ནག་གི་མངའ་ཁུངས་ཡིན་ལུགས་ཀྱི་འཁྱོག་བརྗོད་ལན་མང་བྱས་ཡོད་པ་མ་ཟད། འདས་པའི་ལོ་ཤས་རིང་ཨ་རུ་ནཱ་ཅལ་གྱི་ས་གནས་མང་དག་ཅིག་ལ་མིང་གསར་པ་ཐེངས་བཞི་ལ་བཏགས་ནས། ཁུལ་དེའི་རི་ཆུ་ནགས་གསུམ་གྱི་མིང་བསྒྱུར་ཐབས་བྱས་ཡོད་ཅིང་། ད་ལན་ཧ་དོང་ལ་ཟེར་བ་དང་། ཁྲི་ལམ་ཚོ། འབེ་རྩེ་གླིང་། མཁར་མང་ཆུ། མག་སྒོ། རླི་ཚོ། འཁྱགས་བཏུམ་རི། འབྲས་སྤྲུངས་རི། མཐོ་ལྕོག་རི། བདེ་པོ་རི། ཅི་ལོ། མཐོ་པོ་ལ། ཨ་ཤིང་རྩེ་ལ། སྤྲིན་དཀར་ལ། སྤང་སྒོར། མོ་ཤིང་། ཀུན་རིན། རིན་རྐང་། རྟ་སྒ་ལ། གཡང་བཟང་ཆུ། ཉ་མོ་རི་ཆུ། ཆུ་སྒང་། རྡོ་རི། ལུང་འགོ་ཁ་ལ། སྤང་ཁུག་ཆུ་འཛོམས། སོ་ལྟ་མཚོ། ད་བུ་ཧོ་གོང་། ཟླ་བ་སྒང་། གཉའ་ཨ་ཤ་བི་ལ་ཆུ། སྟ་ཀ་ཤིང་ཟེར་བ་སོགས་ལ་མིང་གསར་པ་བཏགས་ཡོད་འདུག

འདས་ལོའི་ཕྱི་ཟླ ༤ ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ས་མིང་དོ་དམ་ལྷན་ཁང་ཟེར་བས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་བཏགས་ཡོད་ལུགས་ཀྱི་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ ༢༦ ལྷག་བོད་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་ལ། དེ་བཞིན་ཕྱི་ལོ་ ༢༠༡༧  ཟླ་ ༤ ཚེས་  ༡༩ ཉིན་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི་བཅས་ཀྱང་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། གྷོ་གྷུལ་ (Google) སོགས་སུའང་ནང་འཇུག་བྱས་འདུག

གསར་འགོད་པ་དང་རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese