མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧར་ཝར་ཌིའི་མཁས་དབང་ཁག་ཅིག་དང་ལྷན་དུ་བགྲོ་གླེང་མཛད་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་སྐོར་ལ་ཧར་ཝར་ཌི་ཀེ་ནི་ཌི་གཙུག་ལག་སློབ་ཆེན་གྱི་མཁས་དབང་ཁག་ཅིག་དང་ལྷན་དུ་བགྲོ་གླེང་མཛད་བཞིན་འདུག

Professor Arthur Brooks speaking on the first day of the two day Leadership & Happiness Laboratory, Summit on Transcendence at His Holiness the Dalai Lama’s residence in Dharamsala, HP, India on April 8, 2024. Photo by Tenzin Choejor

དེ་རིང་དང་སང་ཉིན་གཉིས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཧར་ཝར་ཌི་ཀེ་ནི་ཌི་གཙུག་ལག་སློབ་ཆེན་ (Harvard Kennedy School) གྱི་མགོ་ཁྲིད་དང་བདེ་སྐྱིད་སྦྱོང་བརྡར་ཁང་གི་སློབ་དཔོན་དང་མཁས་དབང་ཁག་ཅིག་དང་ལྷན་དུ་ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་སྐོར་གྱི་བགྲོ་གླེང་མཛད་ཀྱི་འདུག

དེ་རིང་བགྲོ་གླེང་ཉིན་དང་པོའི་ཐོག་མར་ཧར་ཝར་ཌི་ཀེ་ནི་ཌི་གཙུག་ལག་སློབ་ཆེན་གྱི་མགོ་ཁྲིད་དང་བདེ་སྐྱིད་སྦྱོང་བརྡར་ཁང་གི་སློབ་དཔོན་ཨར་ཐར་ (Professor Arthur Brooks) ལགས་ཀྱིས། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་མི་མང་དཀྱུས་མའི་ཁྲོད་དུ་ཚན་རིག་དང་བསམ་བློ། ཆོས་ཕྱོགས་ཀྱི་ཐོག་ནས་བརྩེ་བ་དང་བདེ་སྐྱིད་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་ལ། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་བརྩེ་བ་དང་བདེ་སྐྱིད་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་ཐབས་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་གིས་འབད་བརྩོན་བྱེད་པ་གཙོ་བོ་དེ་ང་ཚོ་ཚང་མ་སྐྱེས་བ་དང་ཨ་མའི་ནུ་ཞོ་བཏུང་བ་དང་། མའི་བརྩེ་བས་བསྐྱངས་བའི་ཉམས་མྱོང་ཞིག་ཡོད་པ་རེད། རིག་པས་ (intelligence) བསམ་བློ་གཏོང་རྒྱུ་དེ་དག་ཡར་རྒྱས་ (develop) མ་འགྲོ་བའི་གོང་ནས་མའི་བརྩེ་བས་སྐྱོང་བའི་ཉམས་མྱོང་དེ་ཉམས་མྱོང་ཟབ་ཤོས་ཤིག་རེད་འདུག དེ་མི་གཅིག་པུ་མ་རེད། དུད་འགྲོ་ཚོ་ཡིན་ནའང་མའི་བརྩེ་བ་ཟེར་བ་དེ་རྩ་ཆེན་པོ་ཞེ་དྲགས་རེད་འདུག ཅེས་གསུངས་སོང་།

A view of the meeting room at His Holiness the Dalai Lama’s residence on the first day of the two day Leadership & Happiness Laboratory, Summit on Transcendence with Professor Arthur Brooks and scholars in Dharamsala, HP, India on April 8, 2024. Photo by Tenzin Choejor

དེ་ནས་སློབ་དཔོན་ཨར་ཐར་ལགས་ཀྱིས་ངའི་ཨ་མའི་བརྩེ་བས་ང་རང་ལ་བདེ་སྐྱིད་ཡོང་གི་འདུག འོན་ཀྱང་། མི་གཞན་ལ་བརྩེ་བ་མང་བ་སྤྲོད་པ་དེས་ང་ལ་བདེ་སྐྱིད་ཆེ་བ་ཡོང་གི་འདུག མི་ཚོས་མི་གཞན་ལ་བརྩེ་བ་མང་བ་ག་རེ་བྱས་ནས་སྤྲོད་ཀྱི་མེད་པ་དང་། ང་ཚོས་མི་གཞན་ལ་བརྩེ་བ་མི་སྤྲོད་པའི་ནོར་འཁྲུལ་ག་རེ་བྱས་ནས་བཟོ་ཡི་ཡོད་སྐོར་དྲིས་པར། ༧མགོན་པོ་གང་ཉིད་ཀྱིས། ང་ཚོའི་བརྩེ་བས་སོ་སོ་ལ་སེམས་ཀྱི་ཞི་བདེ་ཡོང་རྒྱུའི་ཐོག་ལ་དོན་དག་ཞེ་དྲགས་མེད་པ་དང་། སྤྱི་ཚོགས་ཀྱི་ནང་ལོགས་ལ་ཆགས་སྡང་བྱས་ཡོང་བ་ཡིན་ན་ཕན་གནོད་ཏོག་ཙམ་ཡོད་པ་རེད། དེར་བརྟེན་བརྩེ་བ་ལ་ཏོག་ཙམ་སྣང་ཆུང་བྱས་པ་བཟོ་འདྲ་པོ་འདུག དུད་འགྲོ་ཚོ་ལའང་མའི་བརྩེ་བ་ཞེ་དྲགས་གལ་ཆེན་པོ་རེད་འདུག བརྩེ་བ་ཟེར་བ་དེ་ཡོད་ན་སོ་སོའི་སེམས་ལ་ཞི་བདེ་ཡོང་བ་དང་། མི་ཚང་མ་ལ་རང་བཞིན་གྱིས་ཉེ་པོ་ཆགས་པ། འཛམ་བུ་གླིང་འདིའི་སྒང་གི་རྙོག་གྲ་ཚང་མ་བརྩེ་བ་མེད་པ་དང་བརྩེ་བས་མ་འདང་བ་བྱས་ནས་རྙོག་གྲ་ཡོང་གི་འདུག ང་ཚོ་ནམ་རྒྱུན་ཐ་སྙད་ལ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པ་ཡི།། ཞེས་པ་བཤད་ཀྱི་འདུག བྱས་ཙང་ང་ཚོ་བོད་པ་ཚོར་སྡུག་པོ་གཏོང་མཁན་རྣམས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་གྲས་ལ་བཞག་ན་སེམས་ཀྱི་ནང་ལོགས་ལ་བརྩེ་བ་ཞིག་བསླེབ་ཀྱི་འདུག ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese