མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ལ་གསང་བའི་ཁྲིམས་ཐག་ལོ་གསུམ་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་ཡིན་པའི་བོད་མི་བསམ་གཏན་ལགས་ལ་གསང་བའི་ཐོག་ནས་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ཁོང་གི་གཅུང་མོར་གཅར་རྡུང་བཏང་སྟེ་མཚོ་ཆེན་རྫོང་སྨན་ཁང་དུ་བསྐྱལ་འདུག

བོད་མི་བསམ་གཏན་ལགས་དང་ཁོང་གི་གཅུང་མོར་སྨན་བཅོས་བྱེད་བཞིན་པ། པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་བྱས།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་ཡིན་པའི་བོད་མི་བསམ་གཏན་ཞུ་བ་ཞིག་ལ་རྒྱ་ནག་གཞུང་གིས་གསང་བའི་ཁྲིམས་ཐག་བཅད་ཡོད་འདུག དེའི་སྐོར་ལ་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བསམ་གཏན་ལགས་ལ་ཁྲིམས་ཐག་བཅད་དགོས་དོན་ག་རེ་ཡིན་མིན་གསལ་ཁ་གང་ཡང་མེད་ལ།  ཁོང་འཛིན་བཟུང་བྱས་ནས་ཟླ་གསུམ་ལྷག་ཕྱིན་རྗེས་གཞི་ནས་ཁྲིམས་ཐག་བཅད་ཟིན་པ་ཤེས་རྟོགས་བྱུང་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པ་དེས། བསམ་གཏན་ལགས་སུ་གསང་བའི་ཁྲིམས་ཐག་བཅད་རྗེས། ཁོང་གི་གཅུང་མོ་དཔལ་སྒྲོན་ལགས་མཚོ་ཆེན་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་ཁོང་འཛིན་བཟུང་བྱས་པ་དང་གསང་བའི་ཁྲིམས་ཐག་གཅོད་དགོས་དོན་ག་རེ་ཡིན་མིན་གསལ་པོ་བཟོ་དགོས་ཞེས་རེ་སྐུལ་བྱེད་སྐབས། ཉེེན་རྟོག་པ་དང་ཁ་རྩོད་ཤོར་ཏེ་ཁོང་མོར་གཅར་རྡུང་ཚབས་ཆེན་བཏང་བར་བརྟེན། མཚོ་ཆེན་རྫོང་གི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ད་ལྟ་རང་ལོ ༣༦ ཡིན་པའི་བོད་མི་བསམ་གཏན་ལགས་ནི་བོད་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་གྲོང་ཚོ་ནས་ཡིན་ཞིང་། ཕ་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་ཕྱོགས་བསྡུས།

༢༠༢༣/༡༢/༣༡
Jiao Xiaoping, former deputy commander of the Xinjiang
Mobile App

ཤིན་ཅང་གི་དམག་སྤྱི་གཞོན་པ་ཞིག་འཛིན་བཟུང་བྱས་འདུག

༢༠༢༣/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese