མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཊིག་ཊོག་བཀག་སྡོམ་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཀག་སྡོམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་ཏེ། སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་རྗེས་ཊིག་ཊོག་དངོས་སུ་བཀག་སྡོམ་བྱ་རྒྱུ་ཡིན་འདུག

Why does US want to ban TikTok? (Photo by OLIVIER DOULIERY / AFP)(AFP)

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་བྷའེ་ཌན་སྲིད་གཞུང་གིས་ཡུ་ཁེ་རེན་དང་། ཨི་སི་རེལ། ཐེ་ཝན་བཅས་ལ་ཁྱོན་ཨ་སྒོར་ཐེར་འབུམ་ ༩༥ ཡི་རོགས་དངུལ་སྤྲོད་རྒྱུ་གཏན་འབེབས་བྱུང་ཡོད་པའི་ཁྲོད། ཨ་རིའི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སོགས་ལ་དམིགས་ནས་ཊིག་ཊོག་གིས་ལོ་གཅིག་གི་ནང་ཚུད་དུ་བཟོ་ཚོང་ཁང་གི་བདག་དབང་རྗེས་བསྒྱུར་མ་ཐུབ་པའམ། རྒྱ་ནག་གཞུང་དང་ཚོང་གཉེར་ཁང་དེ་ལོགས་སུ་ཁེ་གཉེར་བྱེད་མ་ཐུབ་ཚེ། ཨ་རིས་ཊིག་ཊོག་བཀག་སྡོམ་བྱ་རྒྱུ་ཡིན་པའི་གྲོས་གཞིར་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། ཊིག་ཊོག་ལས་ཁུངས་ཀྱིས་ཨ་རིའི་ཐག་གཅོད་དེར་ངོ་རྒོལ་བྱེད་ཀྱིན་ཡོད་འདུག

དེའི་ཐད་ཊིག་ཊོག་བརྡ་འཕྲིན་ཁང་གིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་གྲོས་ཚོགས་འོག་མས་ཕྱི་སྲིད་ཀྱི་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་གྱི་ཐོག་ནས་བསྐྱར་དུ་ཊིག་ཊོག་བཀག་སྡོམ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དེས། ཨ་རིའི་མི་གྲངས་ས་ཡ་ ༡༧༠ ཙམ་གྱི་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོལ་བཏང་ཡོད་ལུགས་དང་། ཨ་སྒོར་ཐེར་འབུམ་ ༧༠ ལྷག་གི་ཁེ་བཟང་ཡོད་པའི་མཉེས་ཆས་ཤིག་སྒོ་རྒྱག་ཏུ་བཅུག་ཡོད་སྐོར་སོགས་བསྒྲགས་འདུག

སྤྱིར་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཆེད་གཉེར་བྱས་པའི་ཊིག་ཊོག་བརྒྱུད་རྒྱལ་ཁབ་གཞན་གྱི་ཚན་རིག་ལག་རྩལ་རྐུ་ཁྱེར་དང་ཉུལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་ཐོན་ཡོད་སྟབས། རྒྱ་གར་དང་དབྱིན་ཡུལ། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་སོགས་ཀྱིས་རྒྱལ་ཁབ་སོ་སོའི་བདེ་འཇགས་དང་བརྟན་བརླིང་སོགས་ལ་དམིགས་ནས་ཊིག་ཊོག་གཙོས་རྒྱ་ནག་གི་མཉེན་ཆས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་མ་ཟད།  རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་སུ་མི་གྲངས་ས་ཡ་མང་པོས་སྤྱོད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ ༢༧༣ བཀག་སྡོམ་བྱས་ཡོད་ཅིང་། འདས་པའི་ལོ་ཤས་གོང་ནས་ཨ་རིའི་གྲོས་ཚོགས་ནང་ཊིག་ཊོག་གིས་ཨ་རིའི་གསང་བའི་ལས་དོན་སོགས་ལ་སོ་ཉུལ་བྱེད་ཀྱི་ཡོད་པའི་ཐད་དྲང་ལྡོག་གཉིས་ཀྱི་ཐད་ནས་གླེང་སློང་ཤུགས་ཆེན་བྱས་ཡོད་ཅིང་། ཊིག་ཊོག་དང་འབྲེལ་བའི་གྲོས་ཆོད་དེ་ཨ་རིའི་གྲོས་ཚོགས་གོང་མར་རྒྱབ་སྐྱོར་ཐོབ་ནས་ཨ་རིིའི་སྲིད་འཛིན་བྷའེེ་ཌན་གྱིས་མཚན་རྟགས་བརྒྱབ་རྗེས་ཨ་རིའི་ཁྲིམས་ཆགས་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༣ ཉིན་ཨིན་དྷུ་ནི་ཞི་ཡ་ (Indonesia) རྒྱལ་ཁབ་ཀྱིས་ཉིན་གྲངས་ ༨ རིང་མཉེན་ཆས་དེ་བཀག་སྡོམ་བྱས་པར་བརྟེན། མཉེན་ཆས་གཙོ་གཉེར་བས་ཁྲིམས་ཁང་གི་བཀའ་རྒྱ་ཇི་བཞིན་མཉེན་ཆས་ལ་བསྐྱར་བཅོས་བྱས་ཏེ་བསྐྱར་དུ་བཀོལ་སྤྱོད་ཆོག་པ་བཟོས་ཡོད་འདུག  ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ཚེས་ ༢༧ ཉིན་ཨ་རིའི་ཚོང་དོན་ལྷན་ཁང་ (The Federal Trade Commission) གིས། བྷའེ་ཊི་ཌན་སི་(Bytedance)འཕྲུལ་རིག་བཟོ་ཚོང་ཁང་གིས་ཊིག་ཊོག་བརྒྱུད་མཉེན་ཆས་བཀོལ་སྤྱོད་པའི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པའི་ནག་ཉེས་བཙུགས་ཏེ། བཟོ་ཚོང་ཁང་དེར་ཨ་སྒོར་ས་ཡ་ ༥།༧ གྱི་ཉེས་ཆད་བཅད་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ནང་ཨ་རིར་ཊིག་ཊོག་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་ ༡༧༠ ལྷག་ཡོད་པའི་ཁྲོད། ལོ་ ༡༠ ནས་ ༡༩ བར་བེད་སྤྱོད་གཏོང་མཁན་གྱི་བརྒྱ་ཆ་ ༢༥ དང་། ལོ་ ༢༠ ནས་ ༢༩ བར་བརྒྱ་ཆ་ ༢༢།༤། ལོ་ ༣༠ ནས་ ༣༩ བར་བརྒྱ་ཆ་ ༢༡།༧། ལོ་ ༤༠ ནས་ ༤༩ བར་བརྒྱ་ཆ་ ༢༠། ༣ དང་ལོ་ལྔ་བཅུ་ཡན་གྱི་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༡༡ བཅས་ཡིན་འདུག་ལ། དེའི་ཁྲོད་བུད་མེད་བརྒྱ་ཆ་ ༥༣།༧༩ དང་སྐྱེས་པ་ ༤༦།༢༡ བཅས་ཡོད་འདུག

ཊིག་ཊོག་ཅེས་པའི་དྲ་རྒྱའི་མཉེན་ཆས་དེ་ནི་རྒྱ་ནག་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་བྷའེ་ཊི་ཌན་སི་དྲ་ལམ་འཕྲུལ་རིག་བཟོ་ཚོང་ཁང་གིས། ཕྱི་ལོ་ ༢༠༡༦ ལོར་འཁྱུད་ཡིང་(Douyin) ཞེས་པའི་མིང་ཐོག་ནས་རྒྱ་ནག་ནང་ཐོག་མར་འགྲེམས་སྤེལ་བྱས་ཡོད་པ་དང་། ལོ་གཅིག་གི་རྗེས་སུ་ཊིག་ཊོག་ཅེས་པའི་མིང་ཐོག་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་འགྲེམས་སྤེལ་བྱས་ཏེ། རྒྱ་གར་དང་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་ཆེན་པོ་ཆགས་ནས་ད་ལྟའི་ཆར་དངོས་སུ་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༥༠༠ ལྷག་དང་། འཛམ་གླིང་གི་སྐད་ཡིག་ ༧༥ ཙམ་ནང་ཕབ་བསྒྱུར་བྱས་ཚར་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥
Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

༢༠༢༦/༠༡/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese