མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཨ་མའི་ཐབ་ཚང་ལ་ལྡི་ལིའི་ཟ་ཁང་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་བོད་པ་ཨ་མའི་ཐབ་ཚང་ལ་ལྡི་ལི་ཁུལ་གྱི་ཟ་ཁང་ཡག་ཤོས་ཀྱི་གཟེངས་རྟགས་དང་དབང་ལྡན་ཇ་ཁང་ལ་འདུག་ས་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་འདུག

བོད་ཨ་མ་ཟ་ཁང་གི་སྦྱིན་བདག་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གཟེངས་བསྟོད་བྱ་དགའ་ལེན་སྐབས། ༢༠༢༤། ༤།༣༠ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མེ་རི་ཊི་གཟེངས་རྟགས་དང་ཁྲོམ་ར་ཞིབ་འཇུག་ལྟེ་གནས་ཁང་ (Merit Awards and Market research) གིས། ལོ་ལྟར་རྒྱ་གར་རྒྱལ་ཡོངས་སུ་ཤེས་ཡོན་དང་འཕྲོད་བསྟེན། སྨན་སོགས་ཀྱི་ཐོག་གཟེངས་སུ་ཐོན་མཁན་རྣམས་ལ་གཟེངས་རྟགས་སྤྲོད་སྲོལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་པ་ཨ་མའི་ཐབ་ཚང་(TM Kitchen ) ལ་ལྡི་ལི་ཁུལ་གྱི་ཟ་ཁང་ཡག་ཤོས་( Best Restaurant in Delhi) དང་། དབང་ལྡན་ཇ་ཁང་ལའང་བྱ་དགའ་ཞིག་ཐོབ་འདུག

དེའི་ཐད་བོད་པ་ཨ་མའི་ཐབ་ཚང་གི་སྦྱིན་བདག་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། འདི་ལོར་ལྟེ་གནས་ཁང་དེས་ཟས་རིགས་ཐོག་ལ་གཟེངས་སུ་ཐོན་མཁན་གྱི་ཟ་ཁང་དང་ཇ་ཁང་སོགས་ལ་བྱ་དགའ་སྤྲད་ཡོད་པ་ལྟར། རྒྱ་གར་རྒྱལ་ཡོངས་ཀྱི་ཟ་ཁང་དང་ཇ་ཁང་མི་འདྲ་བ་བཞི་བཅུ་ལྷག་ལ་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་གི་ཐོག་ལ་བྱ་དགའ་ཐོབ་ཡོད་པའི་ཁྲོད། ཨ་མའི་ཐབ་ཚང་ལ་རྒྱལ་ས་ལྡི་ལི་ཁུལ་གྱི་ཕྱོགས་ཡོངས་ནས་ཟ་ཁང་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་སྐོར་དང་། ཨ་མའི་ཐབ་ཚང་གིས་རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་ཐོག་ནས་དེབ་སྐྱེལ་བྱས་ཡོད་པས་ད་ལན་གཟེངས་རྟགས་ཐོབ་པ་དེས། ཟ་ཁང་གི་ཚོང་ལ་འཕེལ་རྒྱས་ངེས་ཅན་ཞིག་འགྲོ་སྲིད་པ་མ་ཟད། ཚོང་གི་སྡིངས་ཆའི་ཁྲོད་ཟ་ཁང་ལ་གདེང་འཇོག་མི་དམན་པ་ཞིག་ཐོབ་པའི་ཁེ་ཕན་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་ཁོང་གིས། ད་ལན་བོད་པ་ཨ་མའི་ཐབ་ཚང་ལ་གཟེངས་རྟགས་ཐོབ་པ་དེས། ཟ་ཁང་གི་ཚོང་ལ་ཁེ་ཕན་ཆེན་པོ་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་རྒྱ་གར་རྒྱལ་ཡོངས་ནང་ཡན་ལག་ཟ་ཁང་གང་མང་འཛུགས་རྒྱུའི་ཐད་ལ་འཆར་གཞི་དང་ཤུགས་སྣོན་རྒྱག་མུས་ཡིན་སྐོར་དང་། སྤྱིར་འདས་པའི་ལོ་ཤས་གོང་ནས་ལྡི་ལི་ཁུལ་གྱི་བོད་པའི་ཟ་ཁང་སོགས་སུ་ཡོང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པས། ད་ལན་ལྡི་ལི་ཁུལ་ནས་མཚན་མཐོང་འདི་འདྲ་ཞིག་ཐོབ་པ་དེས། ལྡི་ལི་ཁུལ་གྱི་བོད་པའི་ཟ་ཁང་དང་ཇ་ཁང་སོགས་ལ་ཚོང་གི་ཐོག་ནས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

ལྡི་ལི་ཁུལ་གྱི་ཇ་ཁང་འདུག་ས་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་མཁན་དབང་ལྡན་ཇ་ཁང་། དྲ་ལམ་གྱི་པར།

དེ་བཞིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དབང་ལྡན་ཇ་ཁང་གི་སྦྱིན་བདག་ལ་ཁ་པར་བཏང་ཡང་མཐུད་ཐུབ་མ་སོང་ཡང་། རྒྱུས་ལོན་བྱུང་བ་ལྟར་ན། དབང་ལྡན་ཇ་ཁང་ལ་ལྡི་ལི་ཁུལ་གྱི་ཇ་ཁང་འདུག་ས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་ཞིག་ཡིན་འདུག

བོད་པ་ཨ་མའི་ཐབ་ཚང་ནི་ཕྱི་ལོ ༢༠༢༡ ཟླ་ ༨ ཚེས་ ༡ ཉིན་བོད་ནས་ཡོང་མཁན་གྱི་ཕོ་སར་ཁག་ཅིག་གིས་མཉམ་འབྲེལ་ཐོག་ནས་བཙུགས་པ་ཞིག་ཡིན་འདུག་ལ། ད་ལྟའི་ཆར་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་(Pune) དང་མུམ་བྷེ་(Mumbai) གཉིས་སུ་ཡན་ལག་ཟ་ཁང་གཉིས་ཡོད་པ་དང་། མ་འོངས་པར་རྒྱ་གར་རྒྱལ་ཡོངས་སུ་ཡན་ལག་ཟ་ཁང་གང་མང་འཛུགས་ཐབས་བྱ་རྒྱུ་ཡིན་འདུག

ཕྱི་ལོ ༢༠༢༢ ཟླ་  ༧  ཚེས་ ༢༤ ཉིན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝེན་ཀེ་ཇེ་བལ་(Arvind Kejriwal )ལགས་ཀྱིས། མན་ཇུ་ནི་ཀ་ཊི་ལ ( Majnu Ka Tila) བོད་མིའི་གཞིས་སྒར་ཁུལ་དང་ཅན་ཏ་ནི་ཅོཀ་( Chandni Chowk ) གཉིས་ལྡི་ལི་གྲོང་ཁྱེར་གྱི་གཞི་རྒྱ་ཆེ་བའི་ཟས་རིགས་ཀྱི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱས་ཏེ་ལས་མེད་མི་མང་འབུམ་ ༢༠ ལྷག་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད། སྤྱིར་བཏང་ཟས་རིགས་ལྟེ་གནས་ཀྱི་འཛུགས་སྐྲུན་འདི་ནི་རྒྱ་གར་རྒྱལ་ཡོངས་ཀྱི་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་ཡིན་པ་མ་ཟད། མ་འོངས་པར་རྒྱ་གར་གྱི་ཟས་རིགས་ཚོང་ལས་ཀྱི་རིམ་པ་དང་པོའི་ཁོངས་སུ་ཚུད་ཐབས་གནང་གི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese