མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་དུ་ཆར་ཆུའི་གནོད་སྐྱོན་འགོག་པའི་སྲིད་ཇུས་འཛིན་གལ་ཆེ་བའི་འབོད་སྐུལ་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

གོ་ལའི་ཚ་དྲོད་རྒྱས་པ་ལ་བརྟེན་ནས་ཆར་ཤུགས་ཆེ་རུ་ཕྱིན་པ་དང་གངས་བཞུ་ཚད་ཇེ་མགྱོགས་སུ་ཕྱིན་པའི་རྐྱེན་གྱིས་བོད་མཐོ་སྒང་གི་འཚོ་གནས་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཉེན་ཡོད་པའི་སྙན་ཐོ་བཏོན་འདུག

A study predicts significant expansion of Tibetan Plateau lakes by 2100 due to climate change, leading to major land loss and necessitating urgent environmental and economic adaptation strategies.

ཉེ་ལམ་བོད་མཐོ་སྒང་དང་འབྲེལ་བའི་སྙན་ཐོ་མང་པོའི་ནང་། གོ་ལའི་ཚ་དྲོད་རྒྱས་པའི་རྐྱེན་གྱིས་བོད་མཐོ་སྒང་ནང་གི་མཚོ་ཚུད་པའི་འཛམ་གླིང་གི་མཚོ་མང་ཆེ་བ་སྐམ་འགྲོ་ཡི་ཡོད་སྐོར་སོགས་བཀོད་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་རང་བྱུང་ས་ཁམས་ཚན་རིག་གི་དུས་དེབ་ (Nature Geoscience) ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་། དུས་རབས་འདིའི་མཇུག་ཏུ། བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་བྱུང་སྟེ་ཆར་ཞོད་ཆེ་རུ་ཕྱིན་པའི་དབང་གིས་མཚོ་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་།  ཆུའི་ཚད་གཞི་མི་ཊར་བཅུ་ཡས་མས་སུ་འཕར་ནས་མཚོ་རྒྱས་ཏེ་སྐམ་ས་བསྣུབ་པ་དང་། མིའི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཉེན་ཡོད་སྐོར་བརྗོད་འདུག

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་སྦེང་གྷོར་མཐོ་རིམ་སློབ་གཉེར་ཁང་ (Bangor University) གི་གནམ་གཤིས་རིག་པའི་ཉམས་ཞིབ་པ་ཝུལ་ཝེ་ (Dr. Iestyn Woolway) ལགས་དང་། སོའུ་ཌི་ཨ་ར་བྷི་ཡ། ཨ་རི། རྒྱ་ནག ཧྥ་རན་སི་བཅས་ཀྱི་ལས་རོགས་ཉམས་ཞིབ་པ་ཚོས་བརྗོད་དོན་ལྟར་ན། དུས་རབས་འདིའི་མཇུག་ཏུ་སྐམ་སའི་ཁུལ་དུ་ཡོད་པའི་མཚོ་ཆུའི་རྒྱས་ཚད་དེ་ལྡབ་བཞི་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག་ལ། མཚོ་རྒྱས་པ་དེས་མི་དང་སེམས་ཅན་གྱི་འཚོ་གནས་ལ་འབྱུང་འགྱུར་དཔོག་དཀའ་བའི་ཉེན་ཁ་བཟོ་ཡི་ཡོད་པ་མ་ཟད། ཞིང་ལས་དང་གལ་གནད་ཆེ་བའི་ལམ། མེ་འཁོར་ལྕགས་ལམ་སོགས་ཆུས་བསྣུབ་ཉེན་ཡོད་འདུག

ད་དུང་ཉམས་ཞིབ་པ་ཨི་སི་ཊེན་ (Dr. Iestyn Woolway) ལགས་ཀྱིས། གནམ་གཤིས་འགྱུར་ལྡོག་གི་དབང་གིས་བོད་མཐོ་སྒང་ནི་ལྗང་འགྱུར་ཅན་དང་འཚོ་སྡོད་ཆོག་པའི་ས་ཁུལ་དུ་འགྱུར་བཞིན་ཡོད་པ་མ་ཟད། ཆུའི་མཐུན་རྐྱེན་ལེགས་པོ་ཡོད་པ་ལ་བརྟེན་ནས་མི་མང་པོ་ཞིག་ས་མཐོ་སར་གནས་སྤོ་བྱེད་བཞིན་ཡོད། འོན་ཀྱང་། མཚོ་ཆུ་རྒྱས་བཞིན་པ་དེས་མཐོ་སྒང་གི་སྐྱེ་ཁམས་དང་མི་མང་ལ་གནོད་སྐྱོན་ཐེབས་ཉེན་ཡོད་པ་དེར་ཛ་དྲག་གི་ཐོག་ནས་འཆར་གཞི་དང་སྲིད་ཇུས་འཛིན་དགོས། ཞེས་བརྗོད་འདུག

ཚན་རིག་དང་འཕྲུལ་རིག་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་དུ་འཁྱགས་རོམ་བཞུར་བའི་ཆུ་དང་ཆར་ཞོད་ཆེ་རུ་སོང་བ་སོགས་ལ་བརྟེན་ནས་བོད་མཐོ་སྒང་གི་སྐམ་སའི་མཚོ་བརྒྱ་ཆ་ལྔ་བཅུ་ཙམ་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་ས་ཞིང་དང་། འཚོ་གནས། འཛུགས་སྐྲུན་བཅས་ཀྱི་ཐོག་གནོད་སྐྱོན་ཤུགས་ཆེན་འགྲོ་རྒྱུ་ཡིན་སྐོར་དང་། ས་ཞིང་མེད་པར་འགྱུར་ཉེན་ཡོད་པའི་རྐྱེན་གྱིས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པ་མ་ཟད། མཚོ་ཆུ་ཇེ་མང་དུ་ཕྱིན་པ་ལ་བརྟེན་ནས་རྒྱུག་ཆུའི་ཁ་ཕྱོགས་ལ་འགྱུར་བ་འགྲོ་བ་དང་གནམ་གཤིས་འགྱུར་ལྡོག་འགྲོ་ཡི་ཡོད། འཐུང་ཆུ་ཇེ་མང་དུ་ཕྱིན་པ་དང་རྒྱུག་ཆུའི་ཁ་ཕྱོགས་འགྱུར་བ་སོགས་ཀྱིས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese