མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དྲུག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་བ་དྲུག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་པེ་ཅིན་གཞུང་ལ་གྱེན་ལོག་གི་གནས་ཚུལ་ཁྱབ་སྤེལ་བྱས་ལུགས་ཀྱི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ཡོད་འདུག

Chow Hang Tung, a human rights lawyer, was arrested earlier this year and charged with promoting unauthorised assembly

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༨ ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ལྕམ་ཁྲོ་ཧང་ཐུང་ (Chow Hang Tung) ཚུད་པའི་ཧོང་ཀོང་བ་དྲུག་གིས་སྒེར་གྱི་ངོ་དེབ་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ཡི་གེ་འགྲེམས་སྤེལ་བྱས་པ་དང་། གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་དགོས་པའི་གསལ་བསྒྲགས་སྤེལ་བར་བརྟེན། ཧོང་ཀོང་གི་ཉེན་རྟོག་པས་མི་དྲུག་པོ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཧོང་ཀོང་གཞུང་གིས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་རྣམས་ལ་ཉེས་ཆད་ཚབས་ཆེན་ཕོག་ཉེན་ཡོད་པ་དང་། དྲ་ལམ་བརྒྱུད་གྱེན་ལོག་གི་བྱ་སྤྱོད་སྤེལ་མཁན་རྣམས་འཛིན་བཟུང་བྱ་ངེས་ཡིན་སྐོར་དང་། འཛིན་བཟུང་བྱས་པའི་མི་དེ་དག་ལ་ལོ་བདུན་རིང་གི་ཁྲིམས་ཐག་གཅོད་ཉེན་ཡོད་སྐོར་སོགས་བརྗོད་འདུག

དེ་འབྲེལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ (Amnesty International) ཡིས། གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་སྲུང་གཙི་འགོག་ཐབས་སུ་དྲག་གནོན་དང་འཛིན་བཟུང་བྱས་པ་ནི་ངོ་ཚ་དགོས་པའི་བྱ་སྤྱོད་ཅིག་ཡིན་པ་དང་། འཛིན་བཟུང་བྱས་པའི་དམངས་གཙོ་དོན་གཉེར་བ་ལྕམ་ཁྲོ་ཧང་ཐུང་ཚུད་པའི་ཧོང་ཀོང་བ་དྲུག་དེ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

ཧོང་ཀོང་གཞུང་གིས་ད་ལན་འཛིན་བཟུང་བྱས་པའི་མི་དྲུག་དེའི་ནང་བུད་མེད་ལྔ་དང་སྐྱེས་པ་གཅིག་ཡོད་སྐོར་བརྗོད་པ་ཙམ་ལས་སུ་ཡིན་མིན་སོགས་གསལ་ཁ་བཟོས་མེད་ཀྱང་། བུད་མེད་གཅིག་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ལྕམ་ཁྲོ་ཧང་ཐུང་ཡིན་འདུག་ལ། ཁོང་མོས་ཕྱི་ལོ་ ༢༠༢༡ ལོར་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་རྗེས་དྲན་གོ་སྒྲིག་བྱས་རྐྱེན་འཛིན་བཟུང་བྱས་ནས་ལོ་གཅིག་རིང་བཙོན་འཇུག་བྱས་མྱོང་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་དང་། ཁྲིམས་གསར་དེའི་ནང་གཙོ་བོ་སྲིད་གཞུང་མགོ་རྟིང་སློག་པ་དང་། འཇིགས་སྐུལ་དྲག་སྤྱོད། གསང་བའི་ཡིག་ཆ་རྐུ་ཁྱེར། ཕྱིའི་ཤུགས་རྐྱེན་བཅས་བཀག་སྡོམ་ནན་པོ་བྱ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་འདུག་ལ། ཁྲིམས་གསར་དེ་ལག་བསྟར་བྱས་རྗེས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཁྲི་སྟོང་མང་པོས་ངོ་རྒོལ་བྱས་ཏེ་འཛིན་བཟུང་བཙོན་འཇུག་དང་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རྒྱ་ནག་གཞུང་གི་བཀོད་ཇུས་འོག་ཡོད་པའི་ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་སྲོལ་ཡིག་ཅེས་པ་ཞིག་གཏན་འབེབ་བྱས་ཡོད་པ་དང་། སྲོལ་ཡིག་དེའི་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཟེར་བའི་མིང་ཐོག་ནས་རང་དབང་དང་དམངས་གཙོ་དོན་གཉེར་བ་རྣམས་ལ་མཐའ་གཅིག་ཏུ་བཙན་གནོན་ཁྲིམས་ཆད་གཅོད་རྒྱུ་ཡིན་པ་གསལ་ཡོད་པར་བརྟེན། ཧོང་ཀོང་གཞུང་གིས་ཁྲིམས་གསར་དེ་གཏན་འབེབ་བྱས་རྗེས། ཨ་རི་དང་དབྱིན་ཡུལ། ཐའེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་འཐུས་མིས་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད་པ་རེད།

གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ཉིན་མོ་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོགས་དང་རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག ཡུ་གུར་སོགས་སུ་དམ་དྲག་དོགས་གཟོན་སྔར་ལྷག་བྱས་ཏེ། དམངས་གཙོ་དོན་གཉེར་ཅན་གྱི་ལས་འགུལ་བ་དང་རྩོམ་པ་པོ་སོགས་ཉིན་དེའི་སྔ་གཞུག་ཏུ་རང་ཁྱིམ་དུ་བཀག་ཉར་འོག་འཇོག་པ་དང་། པེ་ཅིན་སོགས་སུ་ཕྱི་མི་འགྲོ་སྐྱོད་བྱེད་མི་ཆོག་པ་སོགས་ཀྱི་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། འདས་པའི་ལོ་ཤས་ནས་བཟུང་ཧོང་ཀོང་ནང་དུའང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་བྱེད་པར་བཀག་སྡོམ་ནན་པོ་བྱས་ཏེ། དམངས་གཙོའི་ལས་འགུལ་བ་མང་པོ་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP
Mobile App

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

༢༠༢༤/༠༦/༡༡
Mobile App

རྒྱ་མི་ཞིག་གིས་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་གི་སློབ་དཔོན་བཞི་ལ་གྲི་བཙུགས།

༢༠༢༤/༠༦/༡༡
Indian passport holders can get visa-free access to countries such as Oman, Qatar, Kazakhstan, Nepal, Mauritius and Tunisia.
Mobile App

རྒྱ་གར་གྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱལ་ཁབ་གང་དུ་བསྐྱོད་ཆོག་གམ།

༢༠༢༤/༠༥/༠༧
ཡེ་ན་དགོན་གྱི་ལས་སྣེ་དང་མི་མང་གིས་པུས་མོ་ས་ལ་བཙུགས་ནས་ངུ་འབོད་གནང་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། བོད་ཀྱི་དུས་བབ་ཀྱི་པར།
Mobile App

མི་མང་གིས་པུས་མོ་སར་བཙུགས་ཏེ་ངུ་འབོད་གནང་།

༢༠༢༤/༠༢/༢༡
A ship of the Japanese Maritime Self-defence Force sails in formation during a naval fleet review. GETTY IMAGES
Mobile App

ཉི་ཧོང་གིས་སླར་ཡང་དམག་དོན་གྱི་ནུས་པ་ཇེ་མཐོར་གཏོང་མགོ་བཙུགས་འདུག

༢༠༢༤/༠༡/༡༦
U.S. Secretary of State Antony Blinken.
(Image credit: Tomohiro Ohsumi/Getty Images)
Mobile App

ཨ་རིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་འདུག

༢༠༢༤/༠༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese