མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་སུ་ཡང་བསྐྱར་གཅར་རྡུང་བཏང་།

བོད་ཀྱི་དུས་བབ།
༢༠༢༤/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་གྱིས་ཁྲིམས་ཞིབ་བྱེད་དགོས་པའི་ཞི་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་བཏང་ནས་བཙན་གྱིས་ཕྱིར་ལོག་བཏང་ཡོད་འདུག

འདི་གའི་གསར་འགོད་པར་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་གྱི་ཁྲིམས་ཆད་ཡོང་སླད། ཁོང་གི་གཅེན་མོ་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་ནས་ཞི་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བཙན་གྱིས་ཕྱིར་རང་ཁྱིམ་དུ་ལོག་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞི་རྒོལ་ལས་འགུལ་སྤེལ་སྐབས། ཉེན་རྟོག་པ་སྐོར་ཞིག་ཡོང་ནས་ཁོང་མོར་གཅར་རྡུང་གཏོང་གིན་གཏོང་གིན་ཕྱིར་བཙན་གྱིས་ལོག་བཏང་ཡོད་པ་དང་། མི་དམངས་ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ལ་དྲང་བདེན་གྱི་ཁྲིམས་ཐག་གཅོད་པའི་གནད་དོན་དང་ལེན་མ་བྱས་པར། ད་དུང་ཉེན་རྟོག་པ་བཀོལ་སྤྱོད་ཀྱིས་ཁོང་མོར་གཅར་རྡུང་བཏང་སྟེ་ལག་པ་དང་ལུས་པོར་སྔོ་སྨུག་བབ་ཡོད་སྐོར་སོགས་བརྗོད་བྱུང་།

ཞི་རྒོལ་ལས་འགུལ་སྤེལ་བཞིན་པའི་བརྙན་ཁག་ཅིག་འདི་གར་འབྱོར་བའི་ནང་། མགོན་པོ་སྐྱིད་ཀྱིས་ལག་ཏུ་ཕྱི་ལོ་ ༢༠༡༥ ཡས་མས་ལ་པེ་ཅིན་ཆེས་མཐོའི་མི་དམངས་ཉེན་རྟོག་ཁང་ནས་སྤྲད་པའི་ཡི་གེ་ཞིག་སྟོན་བཞིན། པེ་ཅིན་ཆེས་མཐོའི་ཉེན་རྟོག་ཁང་གིས་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་དེ་ཟླ་གསུམ་གྱི་ནང་ཐག་གཅོད་བྱེད་དགོས་ལུགས་བརྗོད་ཡོད་ཀྱང་། ད་དུང་ཐག་གཅོད་མ་བྱས་པར་ལོ་མང་པོ་འགོར་སོང་། ཚང་མས་ལྟོས་དང་། འདི་ན་ལྷ་ས་མི་དམངས་ཁྲིམས་ཁང་གིས་མི་དཀར་པོར་ཞྭ་མོ་ནག་པོ་གཡོགས་ནས་འདས་པའི་ལོ་ངོ་བདུན་བརྒྱད་རིང་ལ་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་ལ་དྲང་བདེན་གྱིས་ཁྲིམས་ཞིབ་མ་བྱས་པ་དང་། ནང་མིར་ཐུག་འཕྲད་བྱེད་མ་བཅུག་པར་འགོར་འགྱངས་བཏང་ནས་བཞག་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

ད་རེས་མགོན་པོ་སྐྱིད་ཀྱི་ལག་ཏུ་བཟུང་བའི་ཡི་གེ་དེ་ནི། དེ་སྔ་རྡོ་རྗེ་བཀྲ་ཤིས་ཀྱི་ནང་མི་དང་ཁྲིམས་རྩོད་པས། རྡོ་རྗེ་བཀྲ་ཤིས་ལ་ཁྲིམས་ཆད་ལ་ཁྲིམས་ཞིབ་བྱས་ཏེ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ཞུ་གཏུགས་སྐབས། པེ་ཅིན་གྱི་ཆེས་མཐོའི་ཉེན་རྟོག་ཁང་གིས་སྤྲད་པ་ཞིག་ཡིན་པ་དང་། ཡི་གེའི་ནང་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་དེ་དུས་ཡུན་ཟླ་གསུམ་ནང་ཐག་གཅོད་དགོས་སྐོར་བཀོད་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་ལ་ཁ་ཡ་བྱས་མེད་སྟབས། ད་རེས་མགོན་པོ་སྐྱིད་ལགས་ཀྱིས་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། བརྙན་ནང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་ལ་དྲང་བདེན་གྱིས་ཐག་གཅོད་བླངས་ཚེ། ངས་ཀྱང་ཁྲིམས་ཁང་གི་སྒོ་འགྲམ་ནས་ཞུ་གཏུགས་བྱེད་དགོས་དོན་མེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་འབྲེལ། གཅེན་མོ་མགོན་པོ་སྐྱིད་དང་མོའི་ཁྱོ་ག་ཆོས་སྐྱོང་གཉིས་ལ་གཅར་རྡུང་བཏང་ནས་འཇིགས་སྐུལ་བྱས་པ་ཉུང་ཉུང་མིན་ལ། འདས་ལོའི་ཕྱི་ཟླ་ ༨ ནང་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་ཉེན་རྟོག་པ་སྐོར་ཞིག་ཡོང་ནས་ཁོང་མོ་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་པ་དང་། དང་པོ་བཙན་འཁྲིད་བྱེད་སྐབས་བདེ་པོ་ཐང་པོ་ཡིན་ཡང་ཀློད་གྲོལ་ཐོབ་སྐབས་འགུལ་སྐྱོད་མི་ཐུབ་པར་རོ་ལྟ་དང་ལུས་ལ་གཅར་རྡུང་བཏང་ནས་སྔོ་སྨུག་གིས་ཁེངས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

སྐར་མ ༢༥ སྔོན་ལ།
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese