མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྟད་མོ་བ་ས་ཡ་མང་པོའི་རེ་སྒུག་ཁྲོད་ཀྱི་ཡུ་རོབ་རྐང་སྤོལ་འགྲན་ཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས ༡༤ བར་ཟླ་བ་གཅིག་རིང་རྒྱལ་སྤྱིའི་ཡུ་རོབ་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་(UEFA Euro 2024)དེ་འཇར་མན་རྒྱལ་ཁབ་ཏུ་བསྡུ་འཆར་ཡོད་པས། དེང་སང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྐང་སྤོལ་ལ་དགའ་བའི་མི་གྲངས་ས་ཡ་མང་པོས་རེ་སྒུག་བྱེད་ཀྱི་ཡོད་འདུག་ལ། འདི་ལོའི་རྩེད་འགྲན་ཁྲོད་རྒྱལ་ཁབ་ཁག་ནས་དྲག་འདེམས་བྱུང་བའི་རུ་ཁག་ ༢༤ ཡིས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

ཡུ་རོབ་རྐང་སྤོལ་འགྲན་ཚོགས་ཀྱི་ཁྱབ་བསྒྲགས། དྲ་ལམ་གྱི་པར།

འདི་ལོར་འཇར་མན་དུ་བསྡུ་འཆར་ཡོད་པའི་ཡུ་རོབ་རྐང་སྤོལ་འགྲན་ཚོགས་ཆེད། རྒྱལ་ས་བྷིར་ལན་དང་། མུ་ནིག་(Munich)། ཌོར་ཊི་མོན་(Dormund)སོགས་རྐང་སྤོལ་རྩེད་ར་ཆེན་པོ་བཅུ་གོ་སྒྲིག་བྱས་ཡོད་པའི་ཁྲོད། མི་གྲངས་ས་ཡ་ ༣།༥ ལྷག་གནས་སྡོད་བྱེད་མུས་ཡིན་པའི་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་རྟེན་གཞི་བྱས་པའི་ཨོ་ལོམ་པི་ཡ་(Olympia) ནི་རྩེད་ར་ཆེ་ཤོས་དེ་ཡིན་ཞིང་། རྩེད་ར་དེའི་ནང་ལྟད་མོ་བ་མི་གྲངས་ ༧༠༠༣༣ ཤོང་གི་ཡོད་པས། འདི་ལོའི་ཡུ་རོབ་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་རྩེད་ར་དེ་རུ་འཚོག་རྒྱུ་ཡོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་འཛམ་གླིང་རྩེད་རིགས་དཔྱད་བརྗོད་སྤེལ་ས་ (Opta Analyst) ཟེར་བ་ཞིག་གིས་འདི་ལོའི་ཡུ་རོབ་རྐང་སྤོལ་ཐད་ལ་དཔྱད་བརྗོད་ཅིག་བྱས་པའི་ནང་། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་།   རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ནས། འདི་ལོའི་འགྲན་ཚོགས་དེ་དབྱིན་ཡུལ་བརྒྱ་ཆ་ ༡༩།༩ དང་ཧྥ་རན་སི་ལ་ ༡༩།༡ འཇར་མན་ལ་ ༡༢།༤ སི་པན་ལ་ ༩།༦ པོ་ཇི་གྷལ་ལ་ ༩།༢ འཐོབ་རྒྱུར་རེ་བ་ཡོད་སྐོར་སོགས་གསལ་འདུག

ད་ལྟ་ཡུ་རོབ་རྐང་སྤོལ་འཚོག་པར་ཉིན་གྲངས་ཁ་ཤས་ལས་མེད་པས། རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས། དྲ་ཐོག་སོགས་སུ་རྐང་རྩེད་དང་འབྲེལ་བའི་གནད་དོན་མང་པོ་ཞིག་དབྱེ་ཞིབ་དང་ཚ་གླེང་བྱེད་མུས་རེད། འོན་ཀྱང་། མཚམས་ལན་རེར་བསམ་པའི་ཡུལ་ལས་འདས་པའི་དོན་དངོས་རེའང་འབྱུང་གི་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༢༢ ལོའི་ཁ་ཊར་དུ་འཚོགས་པའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་སྟེང་ཉི་ཧོང་དང་། འཇར་མན་བར་གྱི་རྩེད་འགྲན་ལས་ཉི་ཧོང་རྣམ་པར་རྒྱལ་བ་དེས། ལྟད་མོ་བ་དང་རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས་ཚོད་དཔག་གི་མཚམས་ལས་བརྒལ་ཏེ། ཚང་མའི་བློ་ཡུལ་དུ་ཤོང་དཀའ་བའི་གྲུབ་འབྲས་ཤིག་ཐོན་ཡོད་པ་རེད། དེ་བཞིན་འདི་ལོའི་ཡུ་རོབ་ཀྱི་རྐང་སྤོལ་འགྲན་ཚོགས་དེའི་སྡེ་ཚན་ཁ་པའི་ཁྲོད། སི་པན་དང་། ཁོ་རོ་ཤི་ཡ། ཨི་ཊ་ལི། ཨེལ་བྷེ་ནི་ཡ་བཅས་ཁེལ་ཡོད་པས། སྡེ་ཚན་དེ་ནི་ཆེས་འགྲན་རྩོད་ཆེ་བའི་སྡེ་ཚན་ནམ་(Group of Death)ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། སྡེ་ཁག་དེ་ལས་རུ་ཁག་གཉིས་མ་གཏོགས་བསྐྱར་འགྲན་རིམ་པའི་ནང་འདེམས་ཀྱི་མེད་པ་རེད།

རྐང་སྤོལ་དབྱེ་ཞིབ་པ་མང་པོ་ཞིག་གིས། ཡུ་རོབ་རྐང་སྤོལ་འགྲན་ཚོགས་ནི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ལས་འགྲན་རྩོད་ཀྱི་རྣོ་ངར་ཆེ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རོ་ནལ་ཌོ་ ( Cristiano Ronaldo) ལོ་ཚད་ཀྱི་དབང་གིས་མཐའ་མའི་རྩེད་འགྲན་དེ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག་སྟབས། འཛམ་གླིང་རྐང་སྤོལ་གྱི་རྒྱལ་སྲས་མེ་སི་དང་རོ་ནལ་ཌོ་གཉིས་ཚོགས་ར་གཅིག་ལ་མཉམ་དུ་འཛོམས་ཏེ་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་ཤིག་ལ། རོ་ནལ་ཌོ་ཡིས་མེ་སི་ཡི་གདོང་ལ་ལྟ་བཞིན། ང་ཁོང་ལས་ལོ་ཆེ་བ་ཡིན་ཡང་། བལྟས་ཚོད་ལ་ང་གཞོན་ཉམས་ཆེ་བ་ཡོད་པ་མ་ཟད། ངའི་ལུས་སེམས་གཉིས་སྟོབས་ཤུགས་ཀྱིས་ཁེངས་ཡོད། ཅེས་སོགས་བཤད་ཡོད་པས། རོ་ནལ་ཌོ་ཡིས་ད་དུང་ཡང་ཧྥི་ཧྥ་དང་ཡུ་རོབ་རྩེད་འགྲན་ཁག་ཏུ་རྩེད་འགྲན་དུ་མ་ཞིག་ལ་མཉམ་ཞུགས་བྱ་རྒྱུའི་རྨི་ལམ་གཏོང་བཞིན་ཡོད་པ་འདྲ་ནའང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༧ ཉིན་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་རྟེན་གཞི་བྱས་པའི་རྩེད་རིགས་དུས་དེབ་ (The Game Magazine) གྱིས། འདི་ལོའི་ཡུ་རོབ་རྐང་སྤོལ་འགྲན་ཚོགས་ནི་རོ་ནལ་ཌོ་ཡི་ཡུ་རོབ་རྐང་སྤོལ་གྱི་རྩེད་འགྲན་མཐའ་མར་འགྱུར་སྲིད་པའི་ཚོད་དཔག་ཀྱང་བྱས་འདུག རོ་ནལ་ཌོས་ད་བར་ཡུ་རོབ་རྐང་སྤོལ་འགྲན་ཚོགས་ཐེངས་ ༥ ལ་མཉམ་ཞུགས་བྱས་ཏེ། ཕྱི་ལོ་ ༢༠༡༦ ལོར་ཁོས་སྣེ་ཁྲིད་པའི་པོ་ཇི་གྷལ་རུ་ཁག་གིས་ཡུ་རོབ་རྐང་སྤོལ་གྱི་གསེར་བུམ་དེ་བཀྱགས་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ལོའི་འགྲན་ཚོགས་དེའི་ཁྲོད། འདས་ལོའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ནང་སྤོ་ལོ་མང་ཤོས་ལྡུག་མཁན་གྱི་ལོ་ཆུང་སྐར་ཆེན་ཧྥ་རན་སིའི་རྐང་སྤོལ་བ་ཨེམ་བྷ་པེ་ (Kylian Mbappé) དང་། དབྱིན་ཡུལ་གྱི་ཇུ་ཌི་བྷེ་ལིམ་གྷམ་ (Jude Bellingham)། ས་ཀ་ (Bukayo Saka)། ཧྥིལ་ཧྥོ་ཌན་ (Phil Foden) སོགས་ཀྱིས་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། འདི་ལོར་ཡུ་རོབ་རྐང་སྤོལ་ཁྲོད་ནོར་ཝེ་ཡི་ལོ་ཆུང་ཕུལ་བྱུང་རྩེད་མོ་བ་གྲགས་ཅན་ (Erling Haaland) དང་། སི་པན་གྱི་གྷ་ཝི་ (Gavi)། སྦེལ་ཇམ་གྱི་སྒོ་སྲུང་བ་ཁོ་ཌ་ཝ་ (Thibaut Courtois) སོགས་མཉམ་ཞུགས་ཐུབ་མེད་པ་རེད།

ཕྱི་ལོ་ ༡༩༢༨ ལོར་ཡུ་རོབ་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་མྱུ་གུ་ཐོག་མར་འབུས་ཡོད་ཀྱང་། ཕྱི་ལོ་ ༡༩༦༠ ལོར་རྩེད་འགྲན་ཐོག་མ་བྱེད་མགོ་བཙུགས། དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་ཡི་ཡོད་ལ། ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་ལ་ཐེངས་གསུམ་དང་། སི་པན་ལ་ཐེངས་གསུམ། ཧྥ་རན་སི་ལ་ཐེངས་གཉིས། ཨི་ཊ་ལི་ཐེངས་གཉིས་བཅས་ཀྱི་རྒྱལ་ཁ་ཐོབ་འདུག དེ་བཞིན་ཕྱི་ལོ་ ༢༠༢༨ ལོའི་ཡུ་རོབ་ཀྱི་རྐང་སྤོལ་འགྲན་ཚོགས་དེ་དབྱིན་ཡུལ་དང་།  ཨ་རི་ལེན་ཌི་དང་། ཕྱི་ལོ་ ༢༠༣༢ ལོར་ཨི་ཊ་ལི་དང་། ཏུར་ཀི་བཅས་ཀྱིས་གོ་སྒྲིག་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

 Holocaust and October 7 survivor Mirjam Beit Talmi Szpiro holding a photo of herself as a 3-year-old in Amsterdam, 1939, on the way to Britain
Mobile App

རང་ཉིད་ཀྱི་ས་ཐོག་ཏུ་སྐྱབས་བཅོལ་བ་ཞིག་བྱ་འདོད་མེད།

༢༠༢༤/༠༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese