མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་ཞིག་གིས་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་གི་སློབ་དཔོན་བཞི་ལ་གྲི་བཙུགས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཅི་ལིན་གྱི་བྷེ་ཧྭ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་བཞི་ལ་གྲི་བཙུགས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་བཅོས་བྱེད་མུས་ཡིན་འདུག

Victims of a stabbing attack are seen lying on the ground in Beishan Park, Jilin, China on Monday, June 10, 2024. social media

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཅི་ལིན་ཞིང་ཆེན་གྱི་བྷེ་ཧྭ་མཐོ་རིམ་སློབ་གཉེར་ཁང་ (Beihua University) གི་སློབ་དཔོན་བཞི་ཉེ་འགྲམ་སྐྱེད་ཚལ་དུ་འགྲོ་བཞིན་པའི་སྐབས་སུ། རྒྱ་མི་ཞིག་གིས་གློ་བུར་དུ་གྲིས་བརྒྱབ་སྟེ་ས་ལ་འགྱེལ་ཡོད་པ་དང་། ཡུལ་དངོས་ཀྱི་བརྙན་ཐུང་ནང་དུ་ཁོང་རྣམས་ས་ལ་འགྱེལ་ནས་རྒྱབ་སོགས་ནས་ཁྲག་ཐོན་བཞིན་ཡོད་ཀྱང་། ཡུལ་མི་མང་པོས་མཐའ་སྐོར་ནས་བལྟས་བསྡད་འདུག

སློབ་དཔོན་བཞི་དེ་ཨ་རིའི་ཁོར་ནལ་མཐོ་རིམ་སློབ་གཉེར་ཁང་ནས་ཡིན་ཞིང་། མཐོ་སློབ་དེས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། སློབ་དཔོན་བཞི་དེར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག ཕྱི་ལོོ་ ༢༠༡༨ ལོར་ཁོར་ནལ་མཐོ་རིམ་སློབ་གཉེར་ཁང་ (Cornell College) དང་བྷེ་ཧྭ་མཐོ་རིམ་སློབ་གཉེར་ཁང་ (Beihua University) གཉིས་མཉམ་འབྲེལ་མགོ་འཛུགས་བྱས་ཡོད་པ་དང་། སློབ་དཔོན་བཞི་ཡིས་རྒྱ་ནག་གི་མཐོ་སློབ་དེར་ཚན་རིག་དང་ཨང་རྩིས་སོགས་སློབ་འཁྲིད་གནང་གི་ཡོད་འདུག

ཨ་རིའི་གཞུང་གི་མགྲིན་ཚབ་པ་མེ་ཐེའུ་མི་ལར་ (Mathew Miller) ལགས་ཀྱིས། རྒྱ་ནག་ནང་གྲི་བཙུགས་པའི་དོན་རྐྱེན་དེར་རྒྱུས་ལོན་དང་རྩད་གཅོད་གནང་བཞིན་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་དེའི་སྐོར་ལ་གསལ་བཤད་གང་ཡང་བྱས་མི་འདུག་ལ། སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་རྣམས་ཁྱབ་སྤེལ་གཏོང་བར་བཀག་འགོག་དང་ནག་གསུབ་གཏོང་གི་ཡོད་འདུག་ལ། ད་ལྟའི་ཆར་ཉེན་རྟོག་པས་མི་དེ་འཛིན་བཟུང་བྱས་ཏེ་ཞིབ་བཤེར་ཡིག་ཆ་ལྟར་ན། མི་དེའི་མིང་ལ་ཚའེ་ཏ་ཕོང་ཟེར་ཞིང་། ཅི་ལིན་གྲོང་ཁྱེར་གནས་སྡོད་བྱེད་མཁན་ཞིག་ཡིན་འདུག

རྒྱ་ནག་གཞུང་གིས་ཨ་རིའི་མཐོ་སློབ་ཁག་དང་མཉམ་འབྲེལ་གྱིས་ཤེས་ཡོན་བརྗེ་རེས་བྱེད་བཞིན་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་དཀའ་ངལ་མང་པོ་འབྱུང་བཞིན་འདུག འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཨ་རིར་ཕྱིན་ཏེ། འབྱུང་འགྱུར་ལོ་ལྔའི་རིང་ཤེས་ཡོན་བརྗེ་ལེན་གྱི་ཆེད་དུ་རྒྱ་ནག་ནང་ཨ་རིའི་གཞོན་སྐྱེས་གྲངས་ ༥༠,༠༠༠ ཙམ་གདན་འདྲེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་ནང་སློབ་ཆུང་དང་ཁྲོམ་ར། མེ་འཁོར་འབབ་ཚིགས་སོགས་སུ་གང་བྱུང་གྲིས་བརྒྱབ་པའི་དོན་རྐྱེན་བསྟུད་མར་འབྱུང་བཞིན་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཀྲན་ཞོང་སྨན་ཁང་དུ་གནས་སུ་གྲི་བཙུགས་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གྲངས་ ༢ རྐྱེན་འདས་དང་མི་གྲངས་ ༢༡ ལ་རྨས་སྐྱོན་ཕོག་ཡོད་པ་རེད། དེ་བཞིན་འདས་ལོའི་ཀོང་ཏུང་ཞིང་ཆེན་དུ་མི་ ༦ རྐྱེན་འདས་དང་མི་གྲངས་ ༡ ལ་རྨས་སྐྱོན་ཕོག ་། ཕྱི་ལོ་ ༢༠༢༢ ལོའི་ནང་སྔོན་འགྲོའི་སློབ་གྲྭར་གྲི་བཙུགས་པའི་དོན་རྐྱེན་བྱུང་སྟེ་མི་གྲངས་ ༣ རྐྱེན་འདས་དང་མི་གྲངས་ ༦ ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP
Mobile App

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

༢༠༢༤/༠༦/༡༡
Chow Hang Tung, a human rights lawyer, was arrested earlier this year and charged with promoting unauthorised assembly
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དྲུག་འཛིན་བཟུང་བྱས།

༢༠༢༤/༠༥/༢༩
Indian passport holders can get visa-free access to countries such as Oman, Qatar, Kazakhstan, Nepal, Mauritius and Tunisia.
Mobile App

རྒྱ་གར་གྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱལ་ཁབ་གང་དུ་བསྐྱོད་ཆོག་གམ།

༢༠༢༤/༠༥/༠༧
ཡེ་ན་དགོན་གྱི་ལས་སྣེ་དང་མི་མང་གིས་པུས་མོ་ས་ལ་བཙུགས་ནས་ངུ་འབོད་གནང་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། བོད་ཀྱི་དུས་བབ་ཀྱི་པར།
Mobile App

མི་མང་གིས་པུས་མོ་སར་བཙུགས་ཏེ་ངུ་འབོད་གནང་།

༢༠༢༤/༠༢/༢༡
A ship of the Japanese Maritime Self-defence Force sails in formation during a naval fleet review. GETTY IMAGES
Mobile App

ཉི་ཧོང་གིས་སླར་ཡང་དམག་དོན་གྱི་ནུས་པ་ཇེ་མཐོར་གཏོང་མགོ་བཙུགས་འདུག

༢༠༢༤/༠༡/༡༦
U.S. Secretary of State Antony Blinken.
(Image credit: Tomohiro Ohsumi/Getty Images)
Mobile App

ཨ་རིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་འདུག

༢༠༢༤/༠༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese