མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཛེ་ལན་གྱི་ནང་ཡོད་པའི་ཨོག་ལན་བོད་རིགས་མཐུན་ཚོགས་ཀྱིས་ཡུལ་དེའི་སྲིད་བློན་ཁུར་སི་ཊོ་ཧྥུར་ལུག་སོན་(Christopher Luxon)ལགས་སུ་བོད་དོན་སྐོར་གྱི་དོན་ཚན་དྲུག་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་ཐུག་འཕྲད་གནང་སྐབས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག

New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP

བདུན་ཕྲག་འདིའི་གཟའ་མཇུག་ཏུ་རྒྱ་ནག་གི་སྲིད་བློན་ལི་ཆང་ནེའུ་ཛི་ལན་དུ་རྒྱལ་དོན་སྐོར་སྐྱོད་དུ་ཕྱིན་ཏེ་ཡུལ་དེའི་སྲིད་བློན་ཁུར་སི་ཊོ་ཧྤུར་ལུག་སོན་ལགས་སུ་མཇལ་འཆར་ཡོད་སྟབས། ཡུལ་དེའི་ནང་ཡོད་པའི་ཨོག་ལན་བོད་རིགས་མཐུན་ཚོགས་(Auckland Tibetan Association)ཀྱིས་དོན་ཚན་དྲུག་ཅན་གྱི་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག་ལ། རེ་སྐུལ་ཞུ་ཡིག་དེའི་ནང་དུ་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་དང་།  སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་ཟུར་བཅད། ཁོར་ཡུག་གཏོར་བཤིག རིག་གཞུང་གཅིག་གྱུར་གྱི་བཙན་གནོན་སྲིད་ཇུས་ནི་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཤིག་ཆགས་ཡོད་སྐོར་བཀོད་འདུག

འདི་ལོའི་ལོ་མགོ་རྒྱ་ནག་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གསར་རྒྱག་བྱས་ཏེ་བོད་སྡེ་དགེ་ཕྱོགས་ཀྱི་དགོན་གྲོང་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་པ་མ་ཟད། སེར་སྐྱ་མང་པོ་འཛིན་བཟུང་བཀག་ཉར་བྱས་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་ཆེད་བོད་ཕྲུག་ས་ཡ་ ༡ ལྷག་བཙན་གྱིས་གཏན་སྡོད་སློབ་གྲྭར་བཅུག་ཡོད་པ། ཁ་ན་ཌའི་ཊོ་རོན་ཊོ་ལ་ཡོད་པའི་སྤྱི་དམངས་ཚོད་ལྟ་ཁང་གི་ཕྱི་ལོ་ ༢༠༡༦ ནས་ ༢༠༢༢ བར་གྱི་ཞིབ་འཇུག་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བཙན་གྱིས་བོད་ཀྱི་བྱིས་པ་ལོ་ལྔ་ཅན་ཚུད་པའི་མི་གྲངས་ས་ཡ་ ༡༢ ལྷག་གི་རིགས་རྫས་བརྟག་དཔྱད་བྱས་ཏེ་ཁྲ་རིགས་བསྡུ་རུབ་བྱས་པ། དེ་བཞིན་ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་དུ་ཉུང་མཐར་བོད་སེར་སྐྱ་གྲངས་ ༡༥༩ ཡིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ཡོད་པ་སོགས་བཀོད་འདུག

དེ་བཞིན་རེ་སྐུལ་ནང་། ཆོས་ལུགས་ནི་བོད་མིའི་འཚོ་བ་སྐྱེལ་སྟངས་ཀྱི་གཞི་རྩ་དང་གཙོ་བོ་བོད་རྒྱལ་ཁབ་ཀྱི་ངོ་བོ་མཚོན་གྱི་ཡོད། བོད་མི་རྣམས་ཀྱིས་དད་གུས་ཆེན་པོ་ཞུ་སའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་བའི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེའི་རྐྱེན་པས་བོད་ཀྱི་དགོན་སྡེ་ཁག་དང་ཆོས་དད་རང་དབང་ལ་མུ་མཐུད་ནས་དྲག་གནོན་བྱེད་བཞིན་ཡོད་སྐོར་སོགས་བྲིས་འདུག

ཨོག་ལན་བོད་རིགས་མཐུན་ཚོགས་ཀྱི་འབོད་སྐུལ་དོན་མཚན་དྲུག་ནི། གཅིག རྒྱ་ནག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་འབྲེལ་མོལ་བསྐྱར་མཐུན་དགོས་པ།

གཉིས།   རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་སྐུ་ཚབ་ཀྱི་ལས་ཁུངས་ཐེ་བའི་རང་དབང་ལྡན་པའི་ཞིབ་འཇུག་པ་ཚོ་བོད་དུ་བཀག་སྡོམ་མེད་པར་འཕྲལ་དུ་གཏོང་ཐབས་དགོས་པ།

གསུམ། རྒྱ་ནག་གིས་བོད་ཕྲུག་ཚོར་དམིགས་སུ་བཀར་བའི་བཙན་གནོན་སྲིད་ཇུས་མཚམས་འཇོག་དགོས་པ་དང་། བོད་ཕྲུག་ས་ཡ་གཅིག་ཙམ་རང་གི་ཁྱིམ་ཚང་དང་ཁ་བྲལ་དུ་བཏང་སྟེ་ཁོ་ཚོའི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་གི་ཐོབ་ཐང་བཙན་འཕྲོག་བྱེད་མཁན་གྱི་གཏན་སློབ་དང་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པ།

བཞི། མ་འོངས་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམས་ངོས་འཛིན་དང་བསྐོ་གཞག་ཞུ་རྒྱུར་རྒྱ་ནག་གིས་ཐེ་བྱུས་རྩ་བ་ནས་མཚམས་བཞག་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཞིར་བཟུང་བོད་མི་མང་ཁོ་ནས་ཐག་གཅོད་བྱེད་དགོས་པ།

ལྔ། རྒྱ་ནག་གཞུང་གིས་འཛམ་གླིང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་ཆེན་པོ་མཆོག་གི་དབུས་དཔྱོད་ཤེས་ཀྱི་བཙོན་པ་ཚང་མ་འཕྲལ་དུ་ཀློད་གྲོལ་གཏོང་དགོས།

དྲུག  རྒྱ་ནག་གི་གཏུག་བཤེར་གྱི་ཁྲིམས་ནང་བཀག་ཉར་བྱས་པའི་དོགས་ཡོད་རྣམས་ལ་དྲང་བདེན་གྱི་ཁྲིམས་བཤེར་བཅད་ཁྲ་གཏོང་ཕྱོགས་ཕྱིར་བསྡུའམ་ལེགས་བཅོས་གཏོང་དགོས། བཅད་ཁྲ་དེ་དག་གི་ཐོག་ནས་དུས་རྒྱུན་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་གཡོགས་ཏེ་ཉེས་མེད་བོད་མི་འཛིན་བཟུང་བྱེད་ཀྱི་ཡོད་སྐོར་བཅས་བཀོད་འདུག

ནེའུ་ཛི་ལན་གྱིས་སློབ་ཆེན་ཁག་གི་ནང་དུ་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་རྣམས་ངེས་པར་དུ་སྒོ་རྒྱག་དགོས་པ་དང་། ནེའུ་ཛི་ལན་གཞུང་གིས་བོད་ལ་འགྲོ་འོང་གི་ཁྲིམས་དང་མེག་ནི་ཊི་སི་ཀི་ཁྲིམས་གཏན་འབེབ་ལག་བསྟར་བྱས་ཏེ་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལ་ཁ་གཏད་གཅོག་དགོས་པ། གལ་སྲིད་ནེའུ་ཛི་ལན་གཞུང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་མུ་མཐུད་དྲག་གནོན་བྱེད་པར་ཉེས་ཆད་མ་བཅད་ཚེ། ནེའུ་ཛི་ལན་ཡང་བོད་མིར་བཙན་གནོན་བྱེད་མཁན་ངན་རོགས་ཤིག་ཆགས་པ་ཡིན་སྐོར་སོགས་བཀོད་འདུག

མཇུག་ཏུ་སྲིད་བློན་མཆོག་ལ་རྒྱ་ནག་གི་སྲིད་བློན་ལི་ཆིང་གི་སྐོར་སྐྱོད་ཀྱི་གོ་སྐབས་དང་བསྟུན་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་བཙན་གནོན་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་འདུག

གནས་ཚུལ་ཕྱོགས་སྒྲིག་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་མི་ཞིག་གིས་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་གི་སློབ་དཔོན་བཞི་ལ་གྲི་བཙུགས།

༢༠༢༤/༠༦/༡༡
Chow Hang Tung, a human rights lawyer, was arrested earlier this year and charged with promoting unauthorised assembly
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དྲུག་འཛིན་བཟུང་བྱས།

༢༠༢༤/༠༥/༢༩
Indian passport holders can get visa-free access to countries such as Oman, Qatar, Kazakhstan, Nepal, Mauritius and Tunisia.
Mobile App

རྒྱ་གར་གྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱལ་ཁབ་གང་དུ་བསྐྱོད་ཆོག་གམ།

༢༠༢༤/༠༥/༠༧
ཡེ་ན་དགོན་གྱི་ལས་སྣེ་དང་མི་མང་གིས་པུས་མོ་ས་ལ་བཙུགས་ནས་ངུ་འབོད་གནང་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། བོད་ཀྱི་དུས་བབ་ཀྱི་པར།
Mobile App

མི་མང་གིས་པུས་མོ་སར་བཙུགས་ཏེ་ངུ་འབོད་གནང་།

༢༠༢༤/༠༢/༢༡
A ship of the Japanese Maritime Self-defence Force sails in formation during a naval fleet review. GETTY IMAGES
Mobile App

ཉི་ཧོང་གིས་སླར་ཡང་དམག་དོན་གྱི་ནུས་པ་ཇེ་མཐོར་གཏོང་མགོ་བཙུགས་འདུག

༢༠༢༤/༠༡/༡༦
U.S. Secretary of State Antony Blinken.
(Image credit: Tomohiro Ohsumi/Getty Images)
Mobile App

ཨ་རིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་འདུག

༢༠༢༤/༠༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese