མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གལ་གནད་ཆེ་བའི་སྐོར།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཀ་ཐིག་འབྲི་རྩོམ་པ་མོ་ཧན་གཱུ་རུ་སོ་ཝ་མིན་གྱིས་བརྩམས།
འཕྲིན་ལས་དབང་འདུས་ཀྱིས་བོད་བསྒྱུར་བྱས།

Tibetan spiritual leader the Dalai Lama. (AP Photo/Ashwini Bhatia)

༸གོང་ས་ཏཱ་ལའི་བླ་མ་ ༼ཆོས་མིང་། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ།༽ སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ཕྱི་ལོ་ ༡༩༣༥ ལོའི་ཟླ་ ༧ ཚེས་ ༦ ཉིན་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༩ ནས་བཟུང་རྒྱ་གར་ནང་བཞུགས་ཤག་མཛད་མུས་ཡིན། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཆེས་བླ་ན་མེད་པ་དེ་ཡིན་པ་མ་ཟད། ཀུན་གྱིས་བཀུར་བསྟི་དང་ཡིད་སྨོན་བྱེད་སའི་ཞིང་མཆོག་དམ་པ་དེའང་ཡིན། ང་རང་བོད་དུ་བསྐྱོད་སྐབས་བོད་མི་རྣམས་ཀྱིས་དུས་རྒྱུན་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་གསང་སྟབས་ཀྱིས་སྐེ་ལ་གྱོན་ཡོད་པ་མཐོང་བ་མ་ཟད། སྐབས་དེ་དུས་མཚོ་སྔོན་དང་ཡུན་ནན་གཙོས་པའི་བོད་ཀྱི་ས་ཁུལ་མང་ཆེ་བའི་བོད་པའི་ཚོང་ཁང་དེ་ཚོའི་ནང་༸གོང་ས་མཆོག་གི་སྐུ་པར་མཇལ་རྒྱུ་འདུག གཞན་ཡང་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དང་འབྲས་ལྗོངས། ལ་དྭགས་བཅས་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

གཞི་རྩའི་ལོ་རྒྱུས་དང་ཆབ་སྲིད། ངོ་བོ་གང་གི་ཆ་ནས་བལྟས་ཀྱང་བོད་འདི་རྒྱ་ནག་དང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། འོན་ཀྱང་། ཕྱག་སྲོལ་ནང་བཟང་པོའི་ཡོན་ཏན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་རྒྱ་གར་གཙོ་བོར་ཁུངས་གཏུག་ཡོད། བོད་ཀྱི་ལོ་རྒྱུས་ནང་རྒྱ་ནག་དང་འཐབ་འཁྲུག་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད་ཅིང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཁྲོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་མཁན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཐོག་མ་དེ་ཆགས་མེད། སྐབས་དེར་དབྱིན་གཞུང་ནས་བོད་རང་བཙན་གྱི་རྣམ་པའི་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཅིག་བཟོ་གང་ཐུབ་བྱས་ཏེ་རྒྱ་ནག་དང་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་ཤུགས་ཆེན་བཟུང་ཡོད། ལྷ་སར་བཅའ་སྡོད་རྒྱའི་ཨམ་བན་གྱིས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་དབྱིན་ཇིའི་སྐུ་ཚབ་ཡཱང་ཧསེ་བྷེནཌི་ཡི་བོད་ནང་གི་རྟོག་ཞིབ་ལ་དོག་ཟོན་བྱས་ཡོད་པ་དང་། དེའི་མཇུག་འབྲས་གཙོ་བོ་གཅིག་ནི་བོད་རང་བཙན་ཡིན་པའི་རྩོད་སྒྲུབ་བྱས་པ་དེ་རེད། ཕྱི་ལོ་ ༡༩༡༢ ལོའི་ཟླ་ ༡ ཚེས་ ༡ ཉིན་ཅང་ཅེ་ཧྲི་ཡིས་རྒྱ་ནག་མི་སེར་རྒྱལ་ཁབ་གསར་འཛུགས་བྱས་པའི་རྗེས་སུ་ལོ་དེའི་ཕྱི་ཟླ ༤ ཚེས ༡ ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་ནས་བོད་དང་རྒྱ་ནག་དབར་གྱི་འབྲེལ་བ་བཅད་པའི་གསལ་བསྒྲགས་གནང་སྟེ་ཨམ་བན་དང་རྒྱ་མིའི་དམག་དཔུང་ཡོངས་རྫོགས་ཕྱིར་འབུད་བཏང་བ་རེད། དེ་ནས་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པར་ནང་འཁྲུག་གི་རྒྱལ་ཁ་ཐོབ་མ་ཐག་བོད་བཙན་བཟུང་བྱས་ཡོད། ལོ་ངོ་བཅུ་ཕྲག་བཞི་ཙམ་རིང་བོད་ཡུལ་འདི་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་ལྟ་བུར་གནས་ཐུབ་པ་བྱུང་ཡོད།

དུས་དེ་ནས་བཟུང་རྒྱ་གར་གྱིས་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པར་ངོས་འཛིན་བྱས་ནས་བོད་ཀྱི་དཀའ་ངལ་ལ་གཡོལ་གང་ཐུབ་བྱས་ཡོད། ལྷག་པར་ལོ་དེ་དག་གི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཕྱིར་མའོ་ཙེ་ཏུང་གི་དམར་ཤོག་རིང་ལུགས་ཀྱི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་མི་རིགས་དང་ནང་ཆོས་རྩ་མེད་བཟོ་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད། ད་སྐབས་སྲིད་ཇུས་དེའི་ཚབ་ཏུ་གཡོ་བྱུས་ལྡན་པའི་ཧན་མི་རིགས་རིང་ལུགས་དར་སྤེལ་དང་དཔལ་འབྱོར་ཡར་རྒྱས་ཀྱི་ལས་གཞི་རྒྱ་ཆེན་སྤེལ་བཞིན་པ་རེད། རྒྱ་གཞུང་གི་ཕྱོགས་ནས་བརྗོད་ན། མི་རིགས་དར་སྤེལ་དང་དཔལ་འབྱོར་རྒྱ་བསྐྱེད་ཀྱི་ལས་གཞི་འདི་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱེད་ཐུབ་མེད་ཀྱང་། སྔ་མོ་མའོ་ཡི་ལྕགས་ཀྱི་སྡེར་མོ་ལྟ་བུའི་བཙན་ཤེད་ཆེ་བའི་ཆབ་སྲིད་སྐྱོང་སྟངས་དང་བསྡུར་ཚེ་ཕྲན་བུའི་གྲུབ་འབྲས་བཟང་བ་ཐོབ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།

ད་ལྟ་བོད་འདི་གང་ཙམ་གྱིས་ཞི་འཇམ་ལྟ་བུར་གནས་མོད་ཀྱང་། དོན་དངོས་ཐོག་བོད་འདི་ད་དུང་ཡང་འབར་རྫས་ཀྱི་སྒམ་ཆུང་སྐམ་པོ་ཞིག་དང་འདྲ་བར་གནས་ཡོད་ཅིང་། རྒྱ་མི་ཚོས་མེ་སྟག་དེ་བརྒྱུད་ནམ་ཞིག་མེ་ལྕེ་འབར་སྲིད་པའི་འཇིགས་སྣང་བྱེད་བཞིན་ཡོད། རྒྱ་གར་ལ་མཚོན་ནའང་། སྲིད་ཇུས་དེས་ཏོག་ཙམ་ལས་ཕན་ཐོགས་བྱུང་མེད། ད་ལྟ་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག ༡༥༠ ལྷག་གནས་སྡོད་བྱེད་ཀྱི་ཡོད་ལ། རྒྱ་གར་ནི་བོད་མི་ཚོས་སོ་སོའི་རྒྱལ་ཁབ་སླར་གསོའི་ཆེད་འཛམ་གླིང་ཁྱོན་ཡོངས་ཀྱི་འཐབ་རྩོད་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད། མདོར་བསྡུས་ནས་བཤད་ན། ད་ལྟ་བོད་ཀྱི་འཐབ་བརྩོད་དེ་ཁུ་སིམ་མེར་ལྟ་བུར་སྣང་ཡང་། བོད་དོན་ད་དུང་གསོན་པོར་གནས་ཡོད་སྟབས་རྒྱ་གར་ལ་འདོད་པ་ཡོད་མེད་ལ་མ་ལྟོས་པར་གནད་དོན་དེ་སོ་སོའི་རྭ་སྐོར་མདུན་དུ་འབྱུང་བཞིན་པ་ཞིག་རེད།

བོད་དོན་འཐབ་བརྩོན་འདི་རྒྱུན་གནས་ཡོང་ཐུབ་པའི་འགག་རྩ་ལྟེ་བ་དེ་ནི་རྒྱལ་སྤྱིའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་བཀྲིན་ཉག་གཅིག་ཡིན་པ་དང་། ཁོང་གི་ཕུགས་བསམ་དང་སྣང་བརྙན་རྣམས་ཀུན་གྱིས་བཀུར་བསྟིའི་ཡུལ་དུ་གྱུར་ཡོད། དུས་རབས་གསར་པའི་སེམས་དོན་རིག་པ་དང་། བཟང་སྤྱོད། ཁོར་ཡུག་གི་རིན་ཐང་། ཆབ་སྲིད་བཅས་ཀྱི་ནུས་མཐུ་ལ་བརྟེན་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཅན་དང་ཕྱུག་བདག་ཅན་མང་པོ་ཞིག་བོད་བརྒྱུད་ནང་བསྟན་ལ་ཐུགས་སྣང་ཅན་དང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་གྱུར་ཡོད། དེང་སང་ཧི་མ་ཅལ་མངའ་སྡེའི་དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་གྲོང་རྡལ་ཆུང་ཆུང་མེག་ལེ་ཌི་གྷན་ཇི་ནི། མི་ཚེའི་ཕུགས་འདུན་དང་དོན་སྙིང་གསར་པ་འཚོལ་བཞིན་པའི་ནུབ་ཕྱོགས་པའི་གཞོན་སྐྱེས་དུ་མའི་ཡིད་སེམས་འགུག་བྱེད་ཀྱི་རྡོ་ཁབ་ལེན་ཞིག་དང་གཉིས་སུ་མ་མཆིས། རི་གྲོང་ཆུང་ཆུང་འདིར་ཆབ་སྲིད་ཀྱི་མི་སྣ་གྲགས་ཅན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཧྥེ་ལའོ་སི་དང་། ཧོ་ལི་ཝུད་ཀྱི་གྲགས་ཅན་གློ་བརྙན་འཁྲབ་སྟོན་པ་རེ་ཆར་ཌི་གྷེ་རེ་དང་། ཨུ་མ་ཐར་མན་བཅས་ཕེབས་མྱོང་ཡོད་པ་རེད།

རྒྱ་དཀར་ནག་གཉིས་ཀས་༸གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་རྗེས་ཀྱི་དུས་སྐབས་ལ་སེམས་འཚབ་བྱེད་བཞིན་པ་རེད། བོད་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཛིན་གྱི་ཡོད། འོན་ཀྱང་ཁོང་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་མིའི་ཤ་གཟུགས་སུ་བྱོན་པ་ཞིག་ཡིན་དུས་ནམ་ཞིག་སྐུ་ཚེར་ཚད་འཛིན་ཡོད་པ་ཞིག་ཡིན། ད་ཆ་ཁོང་དགུང་ལོ་ ༨༨ ལ་ཕེབས་ཡོད་པ་དང་། དོན་དངོས་ལྟར་དུས་ཚོད་ནི་ཁོང་གི་ཕྱོགས་སུ་མེད་པ་ངེས་གཏན་ཡིན། ཇི་སྲིད་སྐུ་འཚོ་བཞུགས་གནང་བ་དེ་སྲིད་དུ་ཁོང་གིས་བསླས་པའི་དུས་རབས་གསར་པའི་ནང་བསྟན་གྱི་རས་གདན་དེས་བོད་ཀྱི་མི་རིགས་རིང་ལུགས་ཀྱི་མེ་རོ་དེ་གསོན་པོར་འཚོ་ཐུབ་ངེས་ཡིན་ཡང་། ༸གོང་ས་མཆོག་དགོངས་པ་རྫོགས་པའི་རྗེས་བསྟན་པའི་མེ་རོ་དེའང་ངང་གིས་འཆི་སྲིད་པ་ཡིན།

མི་མང་གིས་འོས་འདེམས་གནང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུག་ཀྱི་དབུ་ཁྲིད་རྣམས་ལ་འགོག་རྐྱེན་མེད་པ་མ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་དབང་ཆ་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གིས་ཁོང་ཚོ་རང་ཉིད་ཀྱིས་འདེམས་སྒྲུག་ཞུས་པའི་ཡང་སྲིད་ཅིག་ངོས་འཛིན་བྱ་རྒྱུ་དང་། ཡང་སྲིད་དེ་ཁྲིམས་མཐུན་བཟོ་ཐབས་བྱེད་ངེས་ཡིན་པ་གཏན་འཁེལ་ཡིན་མོད་ཀྱང་ཁོང་ཚོའི་འདོད་པ་ལྟར་ལམ་ལྷོང་འབྱུང་མི་སྲིད། དེས་གནས་སྟངས་དེ་རབ་རིབ་བཟོས་ནས་མ་འོངས་པར་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཀྱི་གནད་དོན་ཐད་ལ་རྒྱ་གཞུང་གི་འདྲེ་ལག་རྐྱང་ནས་འགོག་རྐྱེན་བཟོ་རྒྱུ་ཡིན་པ་ངེས་གཏན་ཡིན། སྐབས་དེ་དུས་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་རྩོད་གླེང་ཡོང་སྲིད་ཀྱང་། བཙན་བྱོལ་བོད་མིའི་མི་རབས་གསར་པ་རྣམས་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་འགན་འཁྲི་འཁུར་དུ་བཞེས་རྒྱུ་ནི་ཟློག་ཏུ་མེད་པའི་འོས་འགན་ཆགས་རྒྱུ་རེད། གལ་སྲིད་རྒྱ་གར་དུ་ངོས་འཛིན་ཞུས་པའི་ཡང་སྲིད་དང་འབྲེལ་བའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཕྱོགས་ནས་རྩོད་གླེང་བྱུང་ཚེ། ང་ཚོས་བོད་རིགས་གཞོན་སྐྱེས་ཚོའི་སེམས་དང་བསམ་པའི་བར་དུ་འགྲན་རྩོད་ཅིག་མཐོང་ངེས་ཡིན། དེ་ལ་བརྟེན་ནས་ཤོག་ཁག་མི་འདྲ་བ་ཚོས་དབང་ཆའི་འཐབ་རྩོད་ཆེད་དུ་འགྲན་རྩོད་ཀྱི་འདོད་རྔམ་ཆེ་རུ་འགྲོ་རྒྱུ་ཡིན་པ་སྨྲོས་མ་དགོས་པ་ཡིན། ནང་ཁུལ་འཐབ་རྩོད་དེ་འདྲའི་རིགས་ཀྱིས་ཡང་ཡང་དྲག་པོའི་དམག་འཁྲུག་སློང་གི་ཡོད་ལ། རྒྱ་གར་ནི་དེའི་རྟེན་གཞི་གཙོ་བོ་གཅིག་རེད།

ཕྱོགས་གཞན་ཞིག་ནས་བཤད་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྱད་ཆོས་གཉིས་ལྡན་གྱི་འགོ་ཁྲིད་གཅིག་མངོན་འགྱུར་ཡོང་སྲིད་པ་རེད། འགོ་ཁྲིད་དེ་གཉིས་ནི། སེམས་ཁམས་གསོ་བའི་ཆོས་ཕྱོགས་ཀྱི་འགོ་ཁྲིད་གཅིག་དང་། སྲིད་དོན་གྱི་དམིགས་ཡུལ་སྒྲུབ་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་བྱེད་མཁན་གྱི་དྲག་པོའི་འགོ་ཁྲིད་གཅིག་རེད། ད་ལྟ་དབུ་ཁྲིད་གཉིས་ཅན་གྱི་ལམ་ལུགས་འདི་ལྟ་བུ་ཞིག་གི་རྣམ་པ་མངོན་དུ་འགྱུར་བཞིན་པ་འདི་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྨད་དུ་བྱུང་བའི་རྣམ་དཔྱོད་དང་མཁྱེན་ཡོན་གྱི་བཀའ་དྲིན་ཉག་ཅིག་ལོས་ཡིན། དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཨང་གཉིས་པ་དང་ད་ལྟ་ཇཱར་མི་ནིར་བཞུགས་བཞིན་པའི་༸དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ནི་བོད་ནང་དང་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་ཁྲོད་དུ་སྙན་གྲགས་ཆེན་པོ་ཡོད།

རྒྱ་གར་གྱི་ངོས་ནས་བལྟས་ན། བར་གནས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་གཞན་ཞིག་ཕེབས་ཐུབ་པ་ཡིན་ན་བོད་བརྒྱུད་ནང་བསྟན་འདི་ཁ་ཐོར་དུ་མི་འགྲོ་བའི་སྔོན་འགོག་བྱེད་ཐུབ་ངེས་ཡིན་པ་དང་། འོས་འགན་འདི་ནི་སྐུ་ན་གཞོན་པའི་དཔལ་རྒྱལ་བ་ཀརྨ་པ་ཁོང་གིས་ལེགས་པར་སྒྲུབ་སྲིད།

ས་ཁམས་དང་མི་རིགས་ཀྱི་ཆ་ནས་ལ་དྭགས་ནི་བོད་ཀྱི་བྱང་ཐང་གི་ས་འབྲེལ་ཅིག་ཡིན་པ་དང་། སྐད་ཡིག་གཙོ་བོ་བོད་ཀྱི་ཡུལ་སྐད་ཆགས་ཡོད། ཡང་ས་སྟོང་ལུང་ཁུག་ཏུ་ཆགས་པའི་མོན་རྟ་དབང་ལྟ་བུར་མཚོན་ན། ཕྱི་ལོ ༡༩༥༠ འགོ་སྟོད་དུ་རྒྱ་གར་གྱི་མངའ་ཁོངས་སུ་ཟླ་སྒྲིལ་མ་བཏང་བར་དུ་ལྷ་སར་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གནས་སྐབས་ཀྱི་དབང་སྒྱུར་འོག་གནས་ཡོད།

ང་ཚོས་རྒྱ་ནག་དང་ལྷན་དུ་བྱུང་བའི་ས་མཚམས་ཀྱི་རྩོད་རྙོག་དེ་དོན་དངོས་ཐོག་བོད་དང་ལྷན་དུ་བྱུང་བའི་ས་མཚམས་ཀྱི་རྩོད་རྙོག་ཅིག་ཡིན་པ་བརྗེད་མི་རུང་། གནད་དོན་གཞན་ཞིག་ནི་གལ་སྲིད་བོད་འདི་དོན་དམ་གྱི་རང་བཙན་རྒྱལ་ཁབ་གཅིག་ཡིན་ཚེ། རྒྱ་ནག་དམར་གཞུང་ནས་བདག་དབང་ལ་རྩོད་ལེན་བྱེད་ཐབས་བྲལ་བ་ཞིག་རེད། རྒྱ་ནག་གིས་རྟ་དབང་དང་ཉེ་འཁོར་གྱི་ས་ཁུལ་ལ་བདག་དབང་རྩོད་ཀྱི་ཡོད་པ་དེ་ནི། གཙོ་བོ་ཕྱི་ལོ ༡༩༤༠ ལོ་སྨད་དུ་གསར་དུ་རང་བཙན་ཐོབ་པའི་རྒྱ་གར་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞུང་འབྲེལ་གྱི་ཐོག་ནས་ས་ཁོངས་བདག་དབང་རྩོད་པའི་ཕྱག་བྲིས་ཤིག་ཕུལ་ཡོད་པ་དེར་གཞི་བཅོལ་བཞིན་ཡོད།

ད་ནས་རྩིས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རྗེས་སུ་རྒྱ་ནག་རྒྱལ་ཁབ་ཀྱི་མི་འབོར་དེ་བཞིན་རྒས་འཁོགས་ཤ་སྟག་ཅིག་ཏུ་འགྱུར་ངེས་རེད། འོན་ཀྱང་རྒྱ་གཞུང་གི་ངོས་ནས་ད་ལྟ་མདུན་དུ་ལྷག་པའི་གོ་སྐབས་གང་ཡོད་བེད་སྤྱོད་གང་ལེགས་གཏོང་རྒྱུ་སྨྲོས་མ་དགོས་པ་ཡིན། རྒྱ་དམར་གཞུང་གིས་འདས་པའི་ལོ་རྒྱུས་ནང་རྒྱ་གར་ལ་བཙན་འཛུལ་གྱི་བྱ་སྤྱོད་རིམ་སྤེལ་བྱས་པ་དེའི་དམིགས་ཡུལ་ནི་ས་ཁུལ་བྱེ་བྲག་གཅིག་ལ་དམིགས་འབེན་གཏད་པ་གཏན་ནས་མིན། གང་ལྟར་བོད་ཀྱི་འགོ་ཁྲིད་འཕེལ་རིམ་ཐོག་ལ་བསམ་གཞིག་ནན་ཏན་བྱེད་དགོས་པ་ནི་གནས་དོན་གལ་གནད་ཅན་ཞིག་ཆགས་འདུག་གོ།།

མ་རྩོམ་འབྲེལ་ཐག https://www.deccanchronicle.com/opinion/columnists/mohan-guruswamy-the-importance-of-being-tibets-14th-dalai-lama-894626

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese