མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་གཅིག་སྒྲིལ་རྫོང་གི་དགེ་འདུན་པ་ཞིག་ལ་ཆབ་སྲིད་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བོད་མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་ཀྱི་དགོན་པ་དོ་དམ་ཁང་དང་དམངས་དམ་ཁང་ཟེར་བ་གཉིས་ཀྱིས་“དགོན་པའི་དགེ་འདུན་པར་དོ་དམ་ཤུགས་སྣོན”རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་འདུག

མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོའི་དྲིལ་བསྒྲགས་ཚན་པས་སྨིན་ཐང་དགོན་དུ་རྒྱལ་གཅེས་ཆོས་གཅེས། ཁྲིམས་སྦྱོང་ཁྲིམས་སྲུང་། དོ་དམ་ཚད་ལྡན། འཆམ་མཐུན་བརྟན་བརླིང་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་བསྡུས་པ། ༢༠༡༩།༠༤།༠༣

རྒྱ་གཞུང་གིས་བོད་ཁུལ་གྱི་དགོན་པ་ཁག་གི་ནང་དགོན་པ་དོ་དམ་ཁང་དང་དམངས་དམ་ཁང་ཟེར་བ་སོགས་ཆེད་འཛུགས་བྱས་ཏེ་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་དང་། བོད་མགོ་ལོག་ཁུལ་གྱི་དགོན་པ་ཁག་གི་ནང་དགེ་འདུན་པར་དོ་དམ་ཤུགས་སྣོན་ཞེས་པའི་དམ་དྲག་སྲིད་ཇུས་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ལྷག་པར་དུ་སྤྱི་ཚོགས་དྲ་ལམ་ནས་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་འགལ་བའི་སྐད་ཆ་དང་ཡི་གེ་རིགས་སྤེལ་བར་བཀག་སྡོམ་ནན་པོ་དགོས་སྐོར་བསྒྲགས་འདུག

ཕྱི་ཟླ་ ༥ པའི་ཟླ་མཇུག་ཙམ་ལ། བོད་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་དགོན་པ་ཞིག་གི་དགེ་འདུན་པ་རང་ལོ་ ༢༦ ཅན་ཞིག་གིས། རྒྱ་ནག་དམར་གཞུང་གི་ཆབ་སྲིད་དང་འགལ་བའི་གསལ་བསྒྲགས་ཤིག་ལ་དཔྱད་མཆན་བཀོད་དེ་ཁ་བྲལ་བའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། གཅིག་སྒྲིལ་རྫོང་གི་རྫོང་དཔོན་དང་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་སོགས་དགོན་པར་ཡོང་སྟེ་དགོན་པའི་བླ་སྤྲུལ་དང་དམངས་དམ་ཁང་ཟེར་བའི་ལས་བྱེད་ཚོར་སྐྱོན་བརྗོད་བྱས་ཡོད་འདུག་ལ། དགོན་པར་བསྡད་ཡོད་པའི་དགེ་འདུན་པ་ ༡༠༠ ཙམ་ལ་ཉིན་གྲངས་ ༡༠ ཡས་མས་རིང་ཆབ་སྲིད་སློབ་གསོ་སྤྲད་ཡོད་འདུག

ཕྱིས་སུ་ཁུལ་མི་མང་སྲིད་གཞུང་གིས་ལས་བྱེད་ཆེད་མངགས་ཀྱིས་དགོན་པར་ཡོང་ཡོད་སྟབས། དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་འབྲེལ་ཡོད་ལས་བྱེད་ཅིག་གིས་དོན་ཚན་བཞི་ཅན་གྱི་བརྡ་ཁྱབ་ཅིག་སྤེལ་བའི་ནང་། དགོན་པའི་དོ་དམ་གྱི་བྱ་བར་སྔར་ལྷག་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་དྲ་ལམ་བདེ་འཇགས་ཐད་གཟབ་ནན་བྱས་ཏེ། རྒྱ་ནག་གཞུང་གི་ཆབ་སྲིད་དང་འགལ་བའི་སྐད་ཆ་མི་བཤད་པ་དང་། ཡི་གེ་མི་བསྐུར་བ། མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ལ་གནོད་འཚེ་གཏོང་བའི་སྐད་ཆ་དང་ཡི་གེ་མི་བསྐུར་བའི་ཐད་ངེས་པར་དུ་སྤྱི་ཚོགས་དྲ་ལམ་གྱི་ཚོགས་པ་ཁག་གི་ནང་བརྡ་ཁྱབ་བཏང་སྟེ་སྟངས་འཛིན་ནན་པོ་དགོས་ཀྱི་འདུག་ཅེས་བཀའ་རྒྱ་བཏང་ཡོད་པ་ལྟར། དགོན་པ་ཙམ་མ་ཟད་ཁོང་ཚོའི་ནང་མི་དང་ཁྱིམ་མཚེས་སོགས་ལའང་དེ་ལྟར་བཀོད་མངགས་ནན་པོ་དགོས་སྐོར་བརྗོད་འདུག

དགོན་པ་དོ་དམ་ཁང་གི་འབྲེལ་ཡོད་ནས་ཡུན་རིང་དགོན་གཞུང་གི་རྩིས་བཤེར་དང་། ཉིན་རེའི་བྱེད་སྒོ། དགེ་འདུན་པ་དོ་དམ་བྱེད་ཕྱོགས་སོགས་ལ་བྱ་བ་མང་པོ་བསྒྲུབས་ཡོད་ཀྱང་། ད་དུང་མགོ་ཚགས་དམ་པོ་ཞིག་ཡོང་གི་མེད་སྟབས། འབྲེལ་ཡོད་ཚང་མས་དོ་ནན་དགོས་སྐོར་དང་། དགོན་པ་རང་གི་ས་ཆ་ས་སྟོང་དུ་ལུས་ཡོད་པ་རྣམས་མྱུར་ཏུ་གཙང་བཟོ་དང་བེད་སྤྱོད་མ་བྱས་ན། རྒྱ་ནག་གཞུང་གིས་གཞུང་བཞེས་བྱ་རྒྱུ་ཡིན་སྐོར་ཀྱི་ཉེན་བརྡ་བཏང་འདུག

མཆན། གནས་ཚུལ་མཁོ་སྤྲོད་པའི་རེ་སྐུལ་ལྟར་དགོན་པ་དང་དགེ་འདུན་པའི་མཚན་བྲིས་མེད། 

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese