མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གསར་པ་བདམས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ནུབ་ཆིངས་སྒྲིག་འཛུགས་ཀྱི་འདེམས་ཐོན་སྤྱི་ཁྱབ་དྲུང་ཡིག་ཆེན་མོས་མ་འོངས་པར་ཨ་རིའི་སྲིད་གཞུང་གསར་པ་དང་ནུབ་ཆིངས་སྒྲིག་འཛུགས་བར་གྱི་འབྲེལ་ལམ་ཡར་རྒྱས་དང་ཨུ་ཡུ་དམག་འཁྲུག་མཚམས་འཇོག་ཡོང་ཐབས་གནང་དགོས་པ་སོགས་ནི་གདོང་ལེན་ཆེ་ཤོས་ཡིན་པར་བཤད།

Dutch Prime Minister Mark Rutte speaks to the media on the day of a European Union leaders informal summit in Brussels, Belgium June 17, 2024. REUTERS/Johanna Geron/

ཉེ་ལམ་ནུབ་ཆིངས་སྒྲིག་འཛུགས་སུ་ཡོད་པའི་རྒྱལ་ཁབ་སུམ་ཅུ་སོ་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཁ་སང་ཕྱི་ཚེས་ ༢༦ ཉིན་ནཱ་ཐར་ལེན་ཌི་ཡི་སྲིད་བློན་སྐུ་ཞབས་མཱག་རུ་ཊི་(Mark Rutte) ལགས་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་( North Atlantic Treaty Organization) ཀྱི་སྤྱི་ཁྱབ་དྲུང་ཆེ་གསར་པར་བདམས་ཏེ། འདི་ལོའི་ཕྱི་ཟླ་ ༡༠ ནང་དངོས་སུ་ལས་ཁུར་ཞུ་རྒྱུ་ཡིན་འདུག་པས། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་། ཨ་རི་དང་ནུབ་ཆིངས་སྒྲིག་འཛུགས་ཀྱི་འབྲེལ་ལམ་གོང་མཐོར་གཏང་རྒྱུ་ནི་ཁོང་གིས་གདོང་ལེན་གནང་དགོས་པའི་གནད་དོན་ཆེ་ཤོས་ཤིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

སྐུ་ཞབས་མཱག་རུ་ཊི་ལགས་ཀྱིས་སྒེར་གྱི་ཨེག་སི་(X) འཕྲིན་སྟེགས་སྟེང་།  ངས་རང་གི་འགན་ཁུར་ཚད་ལྡན་ཞིག་འཁྱོངས་པར་འབད་འབུངས་བྱེད་ཀྱི་ཡིན་ལ། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཚང་མས་ང་ལ་ཡིད་ཆེས་བྱས་པར་བཀའ་དྲིན་ཆེ་ཞུ་ཡི་ཡིན། ངས་གང་མགྱོགས་འདི་ལོའི་ཕྱི་ཟླ་ ༡༠ ནང་ལས་ཁུར་ཞུ་རྒྱུར་ངང་སྒུག་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་སྐུ་ཞབས་ཇེན་སི་ (Jens Stoltenberg) ལགས་ཀྱིས། ངས་སྐུ་ཞབས་མཱག་རུ་ཊི་ལགས་ང་རང་གི་རྒྱུན་འཛིན་པ་ཞིག་ཏུ་བདམས་པར་རྟེན་འབྲེལ་ཞུ་ཡི་ཡོད། ཁོང་ནི་ཡུ་རོབ་དང་ཨ་རིའི་འབྲེལ་ལམ་གོང་མཐོར་དམིགས་མཁན་གྱི་མགོ་ཁྲིད་ཡང་དག་པ་ཞིག་ཡིན་པས། ངས་ནུབ་ཆིངས་སྒྲིག་འཛུགས་དེ་མགོ་ཁྲིད་ཡག་པོ་ཞིག་གི་ལག་ཏུ་བཞག་ཡོད་པ་ཤེས་ཀྱི་ཡོད། ཅེས་བརྗོད་འདུག

སི་ཏི་ཝི་(CTV) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། འདས་པའི་ལོ་གཉིས་ཀྱི་གོང་དུ་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་ནས། ད་བར་ཕྱོགས་གཉིས་ཀྱིས་དམག་འཐབ་དྲག་པོ་བྱས་པའི་ཁྲོད། ཕྱོགས་གཉིས་ཀྱི་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་ཚོང་དོན་ཚུད་པའི་དཔལ་འབྱོར་གྱི་གནས་སྟངས་སོགས་ལ་འགྱུར་བ་ཐེབས་ཡོད་པས། སྐུ་ཞབས་མཱག་རུ་ཊི་ལགས་ཀྱིས་ཨུ་ཡུ་གཉིས་ཀྱི་དམག་འཁྲུག་གི་དཀའ་ངལ་ཇེ་ཆུང་དང་། ཕྱོགས་གཉིས་མཉམ་འདུས་གྲོས་མོལ་སོགས་བརྒྱུད་ནས་དམག་འཐབ་མཚམས་འཇོག་རྒྱུ་ནི་ཁོང་གི་གདོང་ལེན་བྱ་དགོས་པའི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་སྐོར་གསལ་འདུག

དེ་བཞིན་གནད་དོན་དབྱེ་ཞིབ་པ་ཁག་གིས། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཊོམ་ལགས་ཀྱིས་དེ་སྔ་སྲིད་འཛིན་གྱི་ལས་གནས་འཛིན་སྐབས། ནུབ་ཆིངས་སྒྲིག་འཛུགས་དང་འབྲེལ་ལམ་སྲ་བརྟན་བཟུང་མེད་པའི་ཁར། སྐབས་དེར་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་དག་གིས་ཨ་རི་དང་ནུབ་ཆིངས་མཉམ་འབྲེལ་གྱིས་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་བསམ་བློ་དེ་དོར་ཡོད་པས། འདི་ལོའི་ཨ་རིའི་འོས་བསྡུའི་ཁྲོད། སྐུ་ཞབས་ཊོམ་ལགས་སུ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན། དེ་ནི་ནུབ་ཕྱོགས་སྒྲིག་འཛུགས་ཀྱི་སྤྱི་ཁུབ་དྲུང་ཆེ་ལགས་ཀྱིས་ཨ་རི་དང་འབྲེལ་ལམ་བརྟན་པོ་ཚུགས་ཐབས་ལ་འབད་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཕྱི་ལོ་ ༡༩༤༩ ལོར་ནེ་ཊོའམ་ནུབ་ཨེ་ཊི་ལན་ཊིག་རྒྱ་མཚོའི་ཆིངས་ཡིག་སྒྲིག་འཛུགས་དེ་ཡུ་རོབ་དབུས་མ་དང་ཤར་ཕྱོགས་སུ་ཡོད་པའི་ཨུ་རུ་སུ་མཉམ་འབྲེལ་གྱི་དམག་ཤུགས་ལ་ཁ་གཏད་གཅོག་ཆེད་དུ་ཐོག་མར་གསར་འཛུགས་བྱས་ཡོད་ཅིང་།  ཐོག་མ་གསར་འཛུགས་བྱེད་སྐབས་བྷེལ་ཇམ་དང་། ཁེ་ན་ཌ། ཌེན་མག ཧྥ་རན་སི། ཨའེ་སི་ལེན་ཌི། ཨི་ཊ་ལི། ལུ་ཛེམ་བྷག(Luzembourg) ནཱ་ཐར་ལེན་ཌི།  ནོར་ཝེ། པོར་ཇུ་གྷལ། དབྱིན་ཡུལ། ཨ་རི་བཅས་རྒྱལ་ཁབ་ ༡༣ ལས་མེད་ཀྱང་། ཕྱི་ལོ་ ༡༩༥༢ ལོར་གྷི་རི་སི་དང་། ཊར་ཀི། ཕྱི་ལོ་ ༡༩༥༥ ལོར་ནུབ་འཇར་མ་ནི། ཕྱི་ལོ་ ༡༩༨༢ ལོར་སི་པན། ཕྱི་ལོ་ ༡༩༩༩ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ཧང་གྷེ་རི། པོ་ལེན་ཌི་བཅས་མཉམ་ཞུགས་བྱས། དེའི་རྗེས་རིམ་པས་བྷལ་གྷེ་རི་ཡ་(Bulgaria) དང་། ཨེ་སི་ཊོ་ནི་ཡ། ལི་ཐུ་ནི་ཡ། བྱང་མེ་སེ་ཌོ་ནི་ཡ་རྒྱལ་ཁབ་དེ་ (North Macedonia) བཅས་མཉམ་ཞུགས་བྱས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༤ ནང་ཧྥིན་ལེན་ཌི་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས ༧ ཉིན་སུ་ཝར་ཌིན་ཡང་ནུབ་ཆིངས་སྒྲིག་འཛུགས་སུ་འཛུལ་ནས་ཚོགས་མི་ཆེས་གསར་ཤོས་དེ་ཡིན་འདུག

སྤྱིར་ནུབ་ཆིངས་སྒྲིག་འཛུགས་མཉམ་བསྡུས་བཅའ་ཁྲིམས་དོན་ཚན་བཅུ་པའི་དགོངས་དོན་བཞིན་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་སྒྲིག་འཛུགས་དེའི་ཚོགས་ཁོངས་སུ་ཞུགས་ཆོག་ཀྱང་། སྒྲིག་འཛུགས་དེའི་ཚོགས་ཁོངས་རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་དང་མོས་མཐུན་འཐོབ་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་ཡུ་རོབ་ཀྱི་ཡུ་ཁེ་རིན་དང་། བྷ་སི་ནི་ཡ་ཧ་ཌི་གྷོ་ཝི་ཡ(Bosnia and Herzegovina) ། དེ་བཞིན་ཇོར་ཇི་ཡ (Georgia) རྒྱལ་ཁབ་བཅས་ཀྱིས་ཚོགས་ཁོངས་སུ་ཞུགས་པར་རེ་སྒུག་བྱེད་མུས་ཡིན་འདུག

སྐུ་ཞབས་མཱག་རུ་ཊི་ལགས་ནི་ཕྱི་ལོ་ ༢༠༠༢ ནས་ ༢༠༠༤ བར་ནཱ་ཐར་ལེན་ཌི་སྤྱི་ཚོགས་གནད་དོན་དང་ལས་མིའི་བློན་ཆེན་ལས་ཁུངས་ (Ministry of Social Affairs and Employment) ཀྱི་འགན་འཛིན་གཞོན་པ་དང་། ཕྱི་ལོ ༢༠༠༣ ལོར་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མིར་བདམས། ཕྱི་ལོ་ ༢༠༡༠ ནས་ནཱ་ཐར་ལེན་ཌིའི་སྲིད་བློན་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༢༣ བར་རང་དབང་དང་དམངས་གཙོའི་སྲིད་དོན་ཚོགས་པའི་མགོ་ཁྲིད་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Finnish Foreign Affairs Minister Pekka Haavisto shakes hands with Secretary of State Antony Blinken in Brussels on Tuesday. NATO Secretary-General Jens Stoltenberg is between them. AFP - Getty Images
Mobile App

ཧྥིན་ལེན་ཌི་རྒྱལ་ཁབ་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས།

༢༠༢༣/༠༤/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese