མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཨོཾ་བྷིར་ལཱ་ (Shri. Om Birla) མཆོག་བསྐྱར་དུ་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་འཚམས་འདྲི་གནང་འདུག

A day after getting elected unanimously, in his first meeting with senior floor leaders of different parties, Birla made it clear that he wants to give a chance to more people to raise issues during Question Hour.(HT Photo)

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འཚམས་འདྲི་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་གནང་སྟེ་སྐུ་ཞབས་ཨོཾ་བྷིར་ལཱ་མཆོག་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐབས་ ༡༨ པར་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ་ཡི་ཡོད་ལ། འདས་པའི་མི་ལོ་མང་པོར་རྒྱ་གར་གྲོས་ཚོགས་ནང་གི་བོད་ཀྱི་གྲོགས་པོ་དང་དམིགས་བསལ་གྱིས་་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་འཁྲིད་འོག་བོད་དོན་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་གསུངས་འདུག་ལ། དེ་བཞིན་གྲོས་ཚོགས་འོག་མས་གཞི་རྒྱ་ཆེ་བའི་འཐུས་ཚབ་རང་བཞིན་གྱིས་རྒྱ་གར་གྱི་དམངས་གཙོའི་སྟོབས་ཤུགས་དང་སྣ་མང་རང་བཞིན་གྱི་འཕེལ་རྒྱས་མངོན་པར་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཨོཾ་བྷིར་ལཱ་མཆོག་གི་དབུ་འཁྲིད་འོག་སྣ་མང་རང་བཞིན་ལ་ཐུན་མོང་ངོས་འཛིན་ཐོབ་པ་དང་འཕེལ་རྒྱས་ཀྱི་སྣེ་འཁྲིད་ཀྱིས་རྒྱ་གར་གྱི་མ་འོངས་པ་དང་འཛམ་གླིང་གི་དམངས་གཙོའི་རྩ་དོན་ལ་སྐུལ་འདེད་ཡོང་རྒྱུ་ཡིན་སྐོར་གསུངས་ཏེ། སྐུ་ཞབས་ཨོཾ་བྷིར་ལཱ་མཆོག་གི་ལས་ཡུན་འདིའི་ནང་རྒྱ་གར་གྱི་མི་མང་ལ་ཞབས་ཕྱི་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་གནང་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་འཚམས་འདྲི་གནང་བའི་ནང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་བསྐྱར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་། ད་ལན་སྐུ་ཉིད་གྲོས་ཚོགས་འོག་མའི་ཚོགས་གཙོར་འོས་འདེམས་བྱུང་བ་དེས། སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་ཀྱི་ནུས་པར་ཡིད་ཆེས་ཆེན་པོ་ཡོད་པ་གསལ་པོར་མཚོན་གྱི་ཡོད། སྐུ་ཉིད་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ལོ་མང་ཞབས་ཕྱི་ཧུར་ཐག་ཞུས་པ་མ་ཟད། གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་ཡོད་པ་ནི་བསྔགས་འོས་སུ་གྱུར་བ་ཞིག་ཆགས་ཀྱི་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་གར་གཞུང་མང་གཉིས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་མི་རྣམས་ལ་མཐུན་འགྱུར་དང་། བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་མུ་མཐུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྐུ་ཉིད་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ངས་སླར་ཡང་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་ཡུན་རིང་རྒྱ་གར་གྲོས་ཚོགས་འོག་མའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

སྐུ་ཞབས་ཨོཾ་བྷིར་ལཱ་མཆོག་ནི་ཕྱི་ལོ་ ༡༩༦༢ ལོར་རཱ་ཇི་སི་ཐན་མངའ་སྡེའི་ཧིན་དྷུའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་ཅིང་། མཱ་ཧཱར་ཤི་ཧ་དྷ་ཡཱན་དྷི་སཱ་རཱ་ཝ་ཏི་(Maharshi Dayanand Saraswati University) གཙུག་ལག་སློབ་གཉེར་ཁང་ནས་ཚོང་རིག་སྡེ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༠༣ ནས་ ༢༠༠༨ བར་ཁོང་ཐེངས་གསུམ་རཱ་ཇི་སི་ཐིན་མངའ་སྡེའི་ནང་བྷི་ཇི་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༡༤ ལོ་ནས་རཱ་ཇི་སི་ཐན་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་འགན་བཞེས་འདུག་ལ། ཁོང་ནི་ལོ་ངོ་ ༢༠ ནང་གྲོས་ཚོགས་འོག་མའི་ཚོགས་གཙོ་གནང་རྗེས་བསྐྱར་དུ་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་བའི་འཐུས་མི་དང་པོ་དང་། བསྟུད་མར་ཐེངས་གཉིས་ལ་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བའི་འཐུས་མི་གཉིས་པ་དེ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese