མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛུགས་སྐྲུན་ཆེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌ་རྒྱལ་ཡོངས་ཀྱི་སྤྱི་དམངས་གཟེངས་རྟགས་(Order of Canada) ཞེས་པ་དེ་ཡུལ་དེའི་ནང་གནས་བཞུགས་བོད་མི་འཛུགས་སྐྲུན་ཆེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་ཐོབ་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་བ་དང་སྦྲགས་མ་འོངས་པའི་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཛུགས་སྐྲུན་ཆེེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་བ། པར་དུས་བབ་ཀྱིས་བསྒྲིགས།

ཉེ་ལམ་སྨན་པ་དང་སྒྱུ་རྩལ་བ། ལས་འགུལ་བ། དཔལ་འབྱོར་རིག་པ་བ་སོགས་མི་གྲངས་ ༨༣ གྱི་མཚན་གཞུང་གསལ་བསྒྲགས་གནང་ཡོད་པ་དང་། དེའི་ཁྲོད་དུ་འཛུགས་སྐྲུན་ཆེད་མཁས་པ་བོད་མི་ཉི་མ་རྡོ་རྗེ་ལགས་ཀྱང་ཚུད་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁོང་ལ་འཚམས་འདྲིའི་འཕྲིན་ཡིག་ཅིག་ཕུལ་ཏེ། ཁོང་གི་མ་འོངས་པའི་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་གནང་བའི་འཚམས་འཕྲིན་ནང་། ཁྱེད་ལ་ཁེ་ན་ཌའི་ནང་སྙན་གྲགས་ཆེ་བའི་སྤྱི་དམངས་ཀྱི་གཟེངས་རྟགས་དེ་ཐོབ་པར། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་ཞུ་ཡི་ཡོད་ལ། ཆེ་མཐོང་དེ་ནི་ཁྱེད་ཀྱིས་ཤེས་རིག་གི་གོ་སྐབས་གོང་འཕེལ་དུ་བཏང་བའི་བྱས་རྗེས་དང་། ཁལ་ཀར་རི་མཐོ་སློབ་ཀྱི་ཤུ་ལིག་སིའི་བཟོ་བཀོད་སློབ་གླིང་དུ་ཉམས་གསོག་ལས་གཞི་བརྒྱུད་ཁེ་ན་ཌའི་གཞོན་སྐྱེས་གྲངས་ལས་འདས་པ་ཞིག་གི་མི་ཚེའི་ཁ་ཕྱོགས་བསྒྱུར་ཡོད་པ་མ་ཟད། ཁྱེད་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ཁྱེད་ཀྱི་བོད་དོན་ལས་གཞི་ (Project Tibet Society) ཚོགས་པའི་ཚོགས་གཙོ་གནང་སྐབས་བོད་མི་སྟོང་ཕྲག་གཅིག་ལྷག་ཁེ་ན་ཌར་གནས་སྤོར་བྱས་ཏེ་རོགས་འདེགས་བླ་མེད་གནང་ཡོད་པའི་ཁར།  ཁྱེད་ཀྱི་ལམ་སྟོན་འོག་བོད་མི་ཚོའི་འཚོ་བ་ཇེ་ལེགས་སུ་གཏོང་ཐབས་ལ་འབད་དེ། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་རྒྱུན་འཛིན་གྱི་ཐད་ལ་ནུས་པ་ཤུགས་ཆེན་ཐོན་པ་མ་ཟད། བོད་དོན་ཞུ་གཏུག་ཀྱང་ལན་མང་གནང་ནས་ཕན་ཐོགས་བྱུང་ཡོད། ཅེས་དང་། ཁྱེད་ཀྱིས་ད་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་བོད་དོན་ཐད་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པས། ཁྱེད་ནི་བོད་དོན་འཐབ་རྩོད་ཁྲོད་ཀྱི་མགོ་ཁྲིད་ཀྱི་ནུས་པ་ཡང་དག་ཅིག་གི་དཔེ་མཚོན་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། བོད་ཀྱི་མི་རབས་གསར་པ་ཚོ་ཁྱེད་ཀྱི་རྗེས་སུ་འབྲངས་ཐུབ་ཚེ། ཁྱེད་ཀྱི་བྱས་རྗེས་ལ་སྔར་མེད་ཀྱི་ཟིལ་མདངས་འཚེར་བའི་གདེང་ཚོད་ཡོད། ཅེས་གསུངས་འདུག

ཕྱི་ལོ་ ༡༩༨༡ ལོར་ཉི་མ་རྡོ་རྗེ་ལགས་རྒྱ་གར་ནས་ཁེ་ན་ཌར་གནས་སྤོར་གནང་སྟེ། ཁེ་ན་ཌའི་ཁེལ་གྷ་རི་(Calgary) མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་གནང་། སློབ་མཐར་ཕྱིན་རྗེས་བཟོ་ལས་འཆར་འགོད་ཐོག་སློབ་གཉེར་གནང་ནས་བཟོ་ལས་འཆར་འགོད་པ་རྣམས་ལ་བཟོ་ལས་སྦྱོང་བརྡར་བྱ་སའི་ལས་ཁུངས་ཤིག་བཙུགས། ཁོང་ལ་ཁེ་ན་ཌའི་ཞི་བདེའི་གཟེངས་རྟགས་(Canada Peace Medal) དང་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་(Calgary Freedom of Expression Award)། ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌའི་ཨེལ་བྷི་ཊ་(Alberta) ཁུལ་གྱི་བཟོ་རིག་འཆར་འགོད་དང་ས་ཁམས་ཚན་རིག་སྡེ་ཚན་གྱི་ཚོགས་གཙོར་འདེམས་ཐོན་བྱུང་། དེ་བཞིན་ཁོང་གིས་ཨ་རི་དང་། དབྱིན་ཡུལ། སུད་སི་སོགས་ཀྱི་སྐུ་ཚབ་དོན་གཅོད་ཁང་ནང་ཕྱག་ལས་གནང་མྱོང་ཡོད་ལ། ཕྱི་ལོ་ ༡༩༨༧ ལོར་བོད་དུ་ཕེབས་ཏེ་བོད་ནང་གི་གནས་སྟངས་སོགས་རྒྱུས་ལོན་གནང་ཡོད་པ་རེད།

ཁེ་ན་ཌའི་སྤྱི་དམངས་གཟེངས་རྟགས་དེ་ནི་ཡུལ་དེའི་སྤྱི་ཚོགས་ཞབས་འདེགས་དང་གཟེངས་སུ་ཐོན་པའི་བྱས་རྗེས་ཅན་རྣམས་ལ་སྤྲད་སྲོལ་ཡོད་ཅིང་། གཟེངས་རྟགས་དེ་ཕྱི་ལོ་ ༡༩༦༧ ལོར་ཐོག་མར་སྤྲད་མགོ་བཙུགས་པ་ནས་ད་བར་ཡུལ་དེའི་སྤྱི་ཚོགས་ཞབས་འདེགས་ཀྱི་སླད་དུ་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་གྱི་མི་གྲངས་ ༧༦༠༠ ཙམ་ལ་གཟེངས་རྟགས་དེ་ཐོབ་ཡོད་ཅིང་། གཟེངས་རྟགས་དེ་ནི་ཁེ་ན་ཌ་རྒྱལ་ཡོངས་ཀྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གཉིས་པ་དེ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ པའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་དབང་བསྒྱུར་འོག་གི་ཛ་དྲག་གནས་སྟངས་གླེང་སློང་གནང་བཞིན་འདུག

༢༠༢༣/༡༠/༢༧
གངས་སྐྱིད་གསོལ་ཚིགས་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཐེངས་གཉིས་པ་བསྡུས། ༢༠༢༣།༠༨།༣༡ དུས་བབ་ཀྱི་པར།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐེངས་གཉིས་པ་འཚོག་བཞིན་འདུག

༢༠༢༣/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན། པར་དབང་། བོད་ཀྱི་དུས་བབ།
Mobile App

འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།

༢༠༢༣/༠༣/༢༣

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ཟླ་བ། 12 སྔོན།

    ཉི་མ་རྡོ་རྗེ་ལགས། མ་འོངས་པར་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་བསམ་གཞིགས་གནང་རོགས་གནང་། མི་མང་ནས་ཀྱང་དགོངས་བཞེས་གནང་རོགས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese