མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གི་ལ་དྭགས་གླེ་བྱང་གཉིས་ཀྱི་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

 དེ་རིང་ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་བྱུང་ཡོད་པ་དང་ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཟླ་ ༨ པའི་ཚེས་ ༤ བར་ཨ་རིར་ཕེབས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་བ་སོགས་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༦ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་རྒྱུད་དུ་ཆགས་པའི་ལ་དྭགས་གླེ་བྱང་གཉིས་ཀྱི་གཞིས་ཆགས་ཁག་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་སྤྱི་ཁྱབ་གཞོན་པ་བྷི་ཌི་མི་ཤ་རཱ་(Brigadier Dr BD Mishra)མཆོག་དང་། ལ་དྭགས་ཉེན་རྟོག་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་སེང་ཧ་ཇཱམ་ཝཱལ་(Dr SD Singh Jamwal) ལགས་རྣམ་གཉིས་ལ་མཇལ་འཕྲད་གནང་སྟེ། ལ་དྭགས་ཁུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་སྐོར་ལ་བཀའ་མོལ་གནང་ཡོད་འདུག ཉིན་རྒྱབ་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་དུ། སྲིད་སྐྱོང་མཆོག་ནས་ལ་དྭགས་དབུས་གཞུང་གི་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་མིའི་བདེ་སྡུག་སྙན་སེང་ཞུས་ཡོད་པའི་སྐོར་དང་།  བོད་མི་རྣམས་ཀྱིས་ས་གནས་མི་མང་དང་མཉམ་དུ་ཞི་བདེ་མཉམ་གནས་ཡོང་བར་འབད་བརྩོན་བྱེད་པའི་ལམ་སྟོན་གནང་འདུག

དེ་བཞིན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་སློབ་གྲྭ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད། སློབ་གྲྭ་དེའི་ནང་ད་ལྟ་བར་དུ་སློབ་ཕྲུག་བརྒྱ་ཕྲག་མང་པོ་སློབ་མཐར་ཕྱིན་ཡོད། བསླབ་གཞི་བོད་ཡིག་གཙོ་བོ་བྱས་པའི་ཐོག་ཚོང་ལས་སྡེ་ཚན་སོགས་ཀྱི་སློབ་ཁྲིད་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་སློབ་གྲྭ་འདིའི་ཕན་ཐོགས་ཀྱི་ཡོད་པ་ཤེས་ཡོད། ད་ལྟའི་རྒྱ་ནག་གཞུང་གི་སྲིད་ཇུས་ནི་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་འཛིན་གྱི་ཡོད་པས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཡང་སྒོ་བརྒྱབ་ཡོད། རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ཡག་ཏུ་གཏོང་བའི་ཚབ་དུ་སྡུག་ཏུ་གཏོང་བཞིན་ཡོད་པ་ཉིན་རེ་བཞིན་གསལ་རུ་འགྲོ་བཞིན་ཡོད། དེ་བཞིན་བཙན་བྱོལ་དུ་བོད་མི་ཚོ་བོད་ནང་གི་མགྲིན་ཚབ་པ་ཡིན་ཟེར་བ་བཞིན་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་ཕམ་བྱུང་ཡོད། ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་ལ་དྭགས་གླེ་བྱང་དུ་གཞུང་འབྲེལ་འཚམས་གཟིགས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་ནས་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་དང་མཇལ་འཕྲད་གནང་སྟེ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་བོད་མིའི་བདེ་དོན་ཡར་རྒྱས་ཐད་རོགས་སྐྱོར་གང་ཐུབ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་ཅིང་། མ་འོངས་པར་བོད་མིའི་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་ལ་རོགས་སྐྱོར་དང་། མཉམ་རུབ་ཀྱིས་སྨན་རྩ་འདེབས་ལས་གནང་ཕྱོགས། བོད་མིར་ས་ཁང་ཐོག་རོགས་སྐྱོར་གནང་ཐབས་སོགས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་ཡོད་འདུག  དེ་བཞིན་སྲིད་སྐྱོང་མཆོག་ལ་དྭགས་ནང་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ཏེ་ལ་དྭགས་ནང་ཚོགས་དང་དགོན་པ་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྐོར་དང་།  ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་འཕྲོད་བཞེས་སྐོར། ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག

ཉིན་དེའི་ཉིན་གུང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཚོགས་ཁང་དུ། ལ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག ལ་དྭགས་དབུས་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་ལ་དྭགས་དབུས་གཞུང་གི་གནད་ཡོད་མི་སྣ་རྣམས་ཕེབས་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཙོས་ལ་དྭགས་དབུས་གཞུང་ནས་བོད་མིའི་ཐོག་ཡུལ་མི་དང་གཅིག་མཚུངས་ཀྱི་མཐུན་རྐྱེན་སྦྱོར་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ཁག་བཅུ་གཉིས་སུ་ཕེབས་ཏེ་ནང་སྲིད་ལས་ཁུངས་ཀྱི་ལས་འཆར་ཁག་ལ་གཟིགས་ཞིབ་དང་། ས་གནས་མི་མང་རྣམས་ཀྱི་དཀའ་སྡུག་ལ་གསན་ཞིབ་གནང་ཡོད་པ་མ་ཟད། གླེའི་སྨན་རྩིས་ཁང་དང་། བོད་མིའི་ཚོང་ཁང་ཁག་དུ་གཟིགས་སྐོར་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བོད་ཁྱིམ་དུ་འཚམས་གཟིགས་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་ལ་དྭགས་བྱང་ཐང་སུམ་མདོ་རུ། སྲིད་སྐྱོང་མཆོག་ནས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཨ་རིའི་སྲིད་འཛིན་རྗོ་བྷའི་ཌེན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གྱུར་ཡོད་པའི་གཏམ་བཟང་གི་གནས་ཚུལ་རེད། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ལོ་གཉིས་དང་ཟླ་བ་གཉིས་རིང་སྲིད་བྱུས་དེ་དབུ་མའི་ལམ་ཡིན་པ་གང་ཞིག་ལ་ཐབས་བྱུས་ལ་འགྱུར་བ་བཏང་སྟེ་དབུ་མའི་མཐའ་གཅིག་ནི་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབ་ཐོག་ཤུགས་རྒྱག་རྒྱུ་བྱེད་པ་ནང་བཞིན་ཁ་ནས་བཤད་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་ཨ་རིའི་གྲོས་ཚོགས་མཉམ་དཀའ་ལས་བརྒྱབ་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། དེའི་ནང་དཀའ་ལས་རྒྱག་མཁན་མང་པོ་ཡོད། དངོས་སུ་ཕྱག་ལས་གནང་མཁན་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གཙོས་ལས་བྱེད་རྣམ་པ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅཊ་གྷེ་རི་ (Richard Gere) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་ཆོས་རྒྱ་མཚོ་ལགས། བུ་ཆུང་ཚེ་རིང་ལགས། ཕེ་རན་ཇི་ (Franz) ལགས་བཅས་ཀྱི་ཧུར་ཐག་གནང་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ ༣ ཚེས ༡༡ དང་ ༡༢ ལ་ཨ་རི་ནང་ཡོད་པའི་བོད་པའི་ཞུ་གཏུག་པ་མི་གྲངས་ཉིས་བརྒྱ་ལྷག་ཙམ་ཞིག་ཝ་ཤིང་ཊོན་ཌི་སིར་ཕེབས་ནས་ཁྲིམས་འཆར་འདི་དང་འབྲེལ་བའི་ཐོག་ནས་ཞུ་བསྐུལ་བྱས་ཡོད། བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་དེའི་ཐོག་སྐུ་ལས་ཧ་ཅང་བསྐྱོན་ཡོད། ཚང་མས་སྐུ་ལས་བསྐྱོན་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་ད་ལྟ་གནས་སྟངས་འདི་འདྲ་ཞིག་ལ་བསླེབས་ཐུབ་ཡོད། དེར་བརྟེན། ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པ་ཡིན་ནའང་འདི་ལྟ་བུའི་ལས་ཀ་མང་པོ་ཞིག་བྱེད་དགོས་ཐུག་གི་རེད། ཚང་མས་མཉམ་རུབ་ཀྱི་ཐོག་ནས་ནུས་པ་མཉམ་སྤུངས་བྱས་པ་ཡིན་ན་དོན་དག་སྒྲུབ་རྒྱུ་ཡོད་པ་འདི་ནས་ཁུངས་སྐྱེལ་ཐུབ་པའི་གནས་སྟངས་ཆགས་ཡོད། ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་གླེ་བྱང་དུ་འཚམས་གཟིགས་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉིན་དེར་སྲིད་སྐྱོང་མཆོག་ནས་བྱང་ཐང་སུམ་མདོ་དང་ས་སྨད་གཞིས་ཆགས་སུ་འཚམས་གཟིགས་གནང་སྟེ་ས་གནས་མི་མང་ལ་གསུང་བཤད་དང་། ས་གནས་ཀྱི་ལས་གཞི་ཁག་ལ་རྟོག་ཞིབ་གནང་གྲུབ་རྗེས། ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་མཆོག་ནས་ལ་དྭགས་ཧན་ལེ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད་ཅིང་། སྐབས་དེར་མི་མང་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་བྱེད་ཕྱོགས་དང་། རྒྱལ་སྤྱིའི་བོད་དོན་འཐབ་རྩོད་ཀྱི་གནས་བབ་སྐོར་གསུང་གནང་གྲུབ་རྗེས། ས་གནས་བོད་ཁྱིམ་ཡན་ལག་སློབ་གྲྭར་འཚམས་གཟིགས་དང་། ས་གནས་ཀྱི་དཔོན་རིགས་མཇལ་འཕྲད་ཀྱིས་ས་གནས་བོད་མིའི་བདེ་དོན་སྐོར་ཞུ་སྐུལ། དེ་བཞིན་བྱང་ཐང་ཆུ་དམར་འབྲོག་ཁུལ་གྱི་བོད་མིའི་འབྲོག་པའི་བདེ་སྡུག་རྒྱུས་ལོན་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནས་ལ་དྭགས་བྱང་ཐང་ཁུལ་དུ་ཕེབས་ཐོན་གནང་སྟེ།  བྱང་ཐང་ནུ་མ་དང་། བཀག་གཞུང་། རྒོད་ཡུལ། ཧན་ལེ། ས་སྨད་སོགས་ཀྱི་སློབ་གྲྭ་དང་སྨན་ཁང་། དགོན་པ་སོགས་ལ་གཟིགས་སྐོར་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་བབ་ལ་གཟིགས་ཞིབ་གནང་ཡོད་འདུག ཕྱི་ཚེས་ ༩ ཉིན་ཕོ་བྲང་དགེ་འཕེལ་གླིང་དང་། ཀརྨ་སྒྲུབ་རྒྱུད་ཆིས་གླིང་དགོན། སྨན་ལྷ་སློབ་གྲྭ། ལ་དྭགས་བོད་ཁྱིམ། བོད་ཁྱིམ་རྒན་གསོ་ཁང་། ཨག་གླིང་བོད་ཁྱིམ་སློབ་གྲྭ་སོགས་སུ་འཚམས་གཟིགས་དང་གསུང་བཤད་གནང་བ་དང་། དེ་བཞིན་ཕྱི་ཚེས་ ༨ ཉིན་ལ་སྤྱི་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། གླེ་བྱང་གཉིས་ཀྱི་རང་བདེན་ཚོསག་ཆུང་ལས་ཁུངས། ལ་དྭགས་མཉམ་འབྲེལ་ལས་ཁུངས། ས་གནས་ཁྲིམས་ཞིབ་ཁང་། ལ་དྭགས་ལྕོང་ལམ་ས་འགྲོ་ཕན་སྨན་རྩིས་ཁང་སོགས་སུ་འཚམས་གཟིགས་གནང་ཡོད་འདུག 

གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

༢༠༢༥/༡༠/༣༠
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese