མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་དམར་ཤོག་མགོ་ཁྲིད་ཅིག་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པ་ཟུར་བ་ཚུའེ་མའོ་ཧུའུ་ཡིས་རྒྱ་སྒོར་ཁྲི་ ༡༠༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་ ༡༡ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་དམར་ཤོག་མགོ་ཁྲིད་ཟུར་པ་ཚུའེ་མའོ་ཧུའུ་ལ་ཁྲིམས་ཆད་བཅད། དྲ་ལམ་གྱི་པར།

ཉེ་ལམ་རྒྱ་ནག་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པ་དང་། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁང་གི་མགོ་ཁྲིད་ཟུར་བ་ཚུའེ་མའོ་ཧུའུ་ (崔茂虎) ཡིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༡༠༤༣ བླངས་བའི་ནག་ཉེས་བཙུགས་ཏེ་ལོ་ ༡༡ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༡༥༠ ཡིས་ཁྲིམས་ཆད། དེ་བཞིན་མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག

ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཚུའེ་མའོ་ཧུའུ་ཡིས་ཕྱི་ལོ་ ༢༠༠༧ ལོ་ནས་ ༢༠༢༣ ལོའི་བར་ཡུན་ནན་ཞིང་ཆེན་རྩ་འཛུགས་ཁང་གི་མགོ་ཁྲིད་གཞོན་པ་དང་། ལི་ཅང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཡིག  ཡུན་ནན་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ་སོགས་ཀྱི་གཞུང་འབྲེལ་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ་མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། ཁེ་ཕན་དོན་གཉེར་ཟེར་བ་སོགས་བྱས་ནས་ལྐོག་རྔན་ཁྱོན་རྒྱ་སྒོར་ཁྲི་ ༡༠༤༣ བླངས་ཡོད་པའི་ནག་ཉེས་བཙུགས་འདུག

ཚུའེ་མའོ་ཧུའུ་ནི་ཕྱི་ལོ་ ༡༩༦༥ ལོར་ཡུན་ནན་ཞིང་ཆེན་ཞོན་ཝེ་གྲོང་ཁྱེར་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༧ ལོར་ཡུན་ནན་མཐོ་སློབ་ཀྱི་ཆབ་སྲིད་རིག་པའི་སྡེ་ཁག་ཏུ་མཚན་ཉིད་རིག་པར་ཆེད་སྦྱོང་བྱས་འདུག ཕྱི་ལོ་ ༢༠༠༧ ནས་ ༢༠༡༤ བར་ཡུན་ནན་ཞིང་ཆེན་རྩ་འཛུགས་སྡེ་ཁག་གི་མགོ་ཁྲིད་གཞོན་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་བདེ་འཇགས་ཀྱི་མགོ་ཁྲིད་བྱས། ཕྱི་ལོ་ ༢༠༡༧ ལོར་ཡུན་ནན་ཞིང་ཆེན་ལི་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག  ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ བར་ཡུན་ནན་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པ། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁང་གི་མགོ་ཁྲིད་བཅས་བྱས་ཡོད་འདུག  ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༨ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱས་ཏེ་རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁང་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད།  ལོ་དེའི་ཕྱི་ཟླ་ ༨ པ་ནས་བཟུང་ལིའོ་ཉིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་མི་མང་ཞིབ་དཔྱོད་ཁང་གིས་ཚུའེ་མའོ་ཧུའུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བཏང་བ་དང་འཛིན་བཟུང་བྱས་པ་བསྒྲགས་ཡོད་འདུག

  གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese