མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་འདི་ལོའི་ཨོ་རྩེད་ཁྲོད་མཉམ་ཞུགས་བྱས། 

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཨོ་ལིམ་ཕིག་གི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་རྩེད་འགྲན་ཁྲོད་བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་ཨང་རིམ་བཅུ་བཞི་པ་བླངས་སོང་། 

Qieyang Shijie of China competes during the marathon race walk relay mixed of Athletics at the Paris 2024 Olympic Games in Paris, France, Aug. 7, 2024. (Xinhua/Li Gang)

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ནས་ཕྱི་ཟླ་ ༨ ཚེས་ ༡༡ བར་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་དེ་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་བསྡུ་མུས་ཡིན་པ་ལྟར། དེ་རིང་འདིའི་ལོའི་ཨོ་ལིམ་ཕིག་གི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་ ༤༥  ཡི་འདུར་རྒྱུག་ཁྲོད། བོད་ཀྱི་ལུས་རྩལ་བ་གྲགས་ཅན་ཆོས་དབྱིངས་སྐྱིད་ལགས་ཀྱིས་མཉམ་ཞུགས་བྱས་ཏེ། ཁོ་མོར་ཨང་རིམ་བཅུ་བཞི་པ་ཐོབ་སོང་ལ།  རྩེད་འགྲན་སྐབས་བོད་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་ཁོང་མོར་དགའ་བསུ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དྲ་ལམ་ནས་ཆོས་དབྱིངས་སྐྱིད་ལ་སྨོན་ཚིག་མང་དག་ཅིག་བྲིས་སོང་། 

རྩེད་འགྲན་མགོ་མ་བཙུགས་སྔོན་དུ་བོད་ནང་གི་བོད་མི་མང་དག་ཅིག་གིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་”གངས་རིའི་བུ་མོ་” མིང་ཞེས་བཏགས་ནས། ཁོང་མོར་སྨོན་ཚིག་དང་ལམ་ལྷོངས་ཡོང་བའི་སྨོན་ལམ་བཏབ་སོང་སྟེ། བོད་ནང་གི་བོད་མི་ཁག་ཅིག་གིས་ཆོས་དབྱིངས་སྐྱིད་ཀྱི་འདུར་རྒྱུག་རོགས་པ་རྒྱ་མི་དེས་སྒྲིག་འགལ་བྱས་རྐྱེན་མཇུག་འབྲས་དེ་ལྟར་ཐོན་ཡོད་པའི་བསམ་ཚུལ་གླེང་སློང་བྱས་ཏེ། མཇུག་འབྲས་ལ་འདོད་བློ་ཁེངས་མེད་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག

བོད་ཀྱི་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཕྱི་ལོ་ ༢༠༡༢ ལོ་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་ཏེ། རྒྱ་ནག་དང་རྒྱལ་སྤྱིའི་འགྲན་ཚོགས་མང་པོའི་སྟེང་རིམ་པ་མི་འདྲ་བའི་བྱ་དགའ་སྣ་ཚོགས་བླངས་ཡོད་པ་དང་། ད་ལོའི་ཕྱི་ཟླ་༣ པའི་ནང་ཚོགས་པའི་རྒྱལ་སྤྱིའི་འདུར་རྒྱུག་གི་བདམས་གསེས་འགྲན་སྡུར་ཁྲོད་ཨང་དང་པོ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༤ པའི་ནང་པོར་ཅི་ཀོ་རྒྱལ་ཁབ་ནས་ཚོགས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་སྤྱི་ལེ་  ༢༠ འགྲན་སྡུར་ཁྲོད་ཨང་དང་པོ། ཕྱི་ལོ་ ༢༠༡༨ ནང་སི་པན་དུ་བསྡུས་པའི་སྤྱི་ལེ་ ༢༠ འདུར་རྒྱུག་ཁྲོད་ཨང་དང་པོ་བླངས། 

བོད་ཀྱི་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང༌། ཆུང་དུས་ནས་ཡུལ་ཚོའི་སློབ་གྲྭར་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་ལོན་ཏོན་ཨོ་རྩལ་ཐོག་ཨང་དང་པོ་ཐོབ། ཕྱི་ལོ་ ༢༠༡༩ ལོ་ནས་འཛམ་གླིང་གི་བུད་མེད་འདུར་རྒྱུགས་མྱུར་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་ཤས་ནས་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་གཙོས་བོད་ཀྱི་ན་གཞོན་མང་དག་ཅིག་གིས་རྒྱལ་སྤྱི་དང་རྒྱལ་ནང་རང་བཞིན་གྱི་ལུས་རྩལ་འགྲན་མང་དག་ཅིག་ལ་མཉམ་ཞུགས་བྱེད་མགོ་བཙུགས་ཡོད་པ་མ་ཟད། ཁོ་ཚོས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ད་ལྟའི་ཆར་རྒྱལ་སྤྱིའི་ལུས་རྩལ་གྱི་གར་སྟེགས་ཆེ་ཤོས་ཁག་ན་མཆོང་རྒྱུག་འཕེན་གསུམ་དང་། གངས་ཞུད། རྐང་སྤོལ་རྩེད་འགྲན། ཁུ་ཚུར་འགྲན་བསྡུར་སོགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་ཞིག་ཁྲོད་གྲུབ་འབྲས་མི་དམན་པ་ཞིག་བླངས་མུས་ཡིན་པ་རེད། 

རྒྱ་ནག་གཞུང་ཕྱོགས་ཀྱིས་ཕྱོགས་སྒྲིག་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་བོད་རིགས་ལུས་རྩལ་བའི་ལོ་རྒྱུས་ལྟར་ན། བོད་ཉིང་ཁྲི་ས་ཁུལ་ནས་ཡིན་པའི་བོད་མི་ཕུར་བུ་ཚེ་རིང་ལགས། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་རྒྱལ་ཡོངས་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཐོག་ཞུགས་ཏེ། ལྕགས་རིལ་དང་ལག་དབྱུག་རྒྱང་འཕེན་ཁྲོད་ཨང་དང་པོ་ཐོབ་ཡོད་པ་དང་། ཕྱིས་སུ་རྒྱལ་ཡོངས་རང་བཞིན་གྱི་འགྲན་ཚོགས་ཐེངས་བཞིར་མཉམ་ཞུགས་གནང་སྟེ། ཁོང་ལ་ཨང་དང་པོ་གཅིག་དང་གཉིས་པའི་གཟེངས་རྟགས་གཉིས་ཐོབ་ཡོད་པ་མ་ཟད། སྔ་གཞུག་ཏུ་སྐབས་གཉིས་པའི་ཡ་གླིང་ལུས་རྩལ་འགྲན་ཚོགས་དང་། ཡུ་རོབ་དང་ཨ་ཧྥེ་རི་ཁ། ཨོ་གླིང་བཅས་ཀྱི་ནང་བསྡུས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་ཚོགས་ནང་དུའང་ཞུགས་ཡོད་འདུག ཁོང་ནི་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་མཐུན་ཚོགས་ནང་ཚུད་པའི་བོད་རིགས་ལུས་རྩལ་བ་ཐོག་མ་དང་།  རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་བོད་རིགས་ཐོག་མ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག 

གཞན་ཡང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཀང་ཀྲུའུ་གྲོང་ཁྱེར་དུ་བསྡུས་པའི་རྒྱལ་ཡོངས་སྐབས་དྲུག་པའི་ལུས་རྩལ་འགྲན་ཚོགས་ཐོག བོད་ཀྱི་མདའ་རྩལ་བ་རྡོ་རྗེ་ཆོས་དབྱིངས་ལགས་ཀྱིས་ཨང་དང་པོ་བླངས་ཏེ། ཕྱི་ལོ་ ༡༩༨༨ ལོར་ལྷོ་ཀོ་རི་ཡའི་རྒྱལ་སར་བསྡུས་པའི་སྐབས་ ༢༤ པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་མཉམ་ཞུགས་གནང་ཡོད་སྟབས།  ཁོང་ནི་བོད་རིགས་ཨོ་རྩལ་བ་དང་པོ་དེ་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese