མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱད་པ་དེ་རྒྱག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འབྱུང་འགྱུར་ལོ་ལྔའི་ནང་བོད་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་བྱ་རྒྱུ་ཡིན་འདུག

Zamgmu dam built on the Brahmaputra by China became fully operational in 2015.

རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་ཆེ་ཁག་ལ་ཆུ་མཛོད་མང་དག་ཅིག་གསར་རྒྱག་གི་ལས་དོན་སྤེལ་མུས་ཡིན་པ་ལྟར། རྒྱ་ནག་གིས་སླར་ཡང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་གི་ལས་དོན་གཉེར་འཆར་ཡོད་པ་ནི། བོད་ཀྱི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གིས་སེམས་ཁྲལ་ཆེན་པོ་བྱ་དགོས་པའི་གནད་དོན་ཞིག་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ཨ་རུ་ན་ཅལ་མངའ་སྡེ་ཡིན་ནས་ཡིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཏཱ་པུར་གྷ་བོ་(Tapir Gao) ལགས་ཀྱིས། རྒྱ་ནག་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་གསར་རྒྱག་བྱེད་བཞིན་པའི་གནད་དོན་ནི་ཨ་རུ་ནཱ་ཅལ་མངའ་སྡེ་དང་རྒྱ་གར་གཅིག་པུར་ཉེན་ཚགས་ཅན་ཞིག་ཏུ་གྱུར་བ་གཏན་ནས་མིན་པར། བྷང་གྷ་ལའང་ཉེན་ཚབས་ཅན་ཞིག་ཏུ་གྱུར་ཡོད་པས། ངས་རྒྱ་གར་གྲོས་ཚོགས་སུ་རྒྱ་ནག་གིས་ཆུའི་འབར་མདེལ་(water bomb) བཟོ་མུས་ཡིན་པའི་གནད་དོན་དང་། དུས་ངེས་མེད་ལ་གསོག་འཇོག་བྱས་པའི་གཙང་པོ་དེ་དག་ཀློད་ཉེན་ཡོད་པའི་སྐོར་གླེང་སློང་བྱས་ཡོད། ཆུ་རགས་དེ་དག་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། བྷང་གྷ་ལ་སོགས་སུ་འཇིག་པ་ཆེན་པོ་གཏོང་ཉེན་ཡོད་པས། ང་ཚོས་སྲིད་བློན་མུ་དྷི་མཆོག་གི་ལམ་སྟོན་གྱི་འོག་ནས། རྒྱ་ནག་གི་དྲག་རྒོལ་ལ་གདོང་ལེན་བྱ་ཆེད་ཨ་རུ་ན་ཅལ་དུའང་ཆུ་རགས་གསར་རྒྱག་གི་ལས་གཞི་གཉེར་རྒྱུ་གྲ་སྒྲིག་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

ཡང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་འབུམ་རམས་པ་བདེ་ཆེན་དཔལ་མོ་ལགས་ཀྱིས། འདི་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་། རྒྱ་ནག་གཞུང་གིས་འབྱུང་འགྱུར་མི་ལོ་ལྔའི་ནང་ཚུད་བོད་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། ཆུ་མཛོད་དེས་བོད་ཀྱི་རང་བྱུང་སྐྱེས་ཁམས་དང་། བོད་ཀྱི་ལྷོ་རྒྱུད་དུ་ཆགས་པའི་རྒྱ་གར། བྷང་གྷ་ལ་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་གནོད་འཚེ་ཆེན་པོ་ཐེབས་ཉེན་ཡོད་སྐོར་སོགས་བརྗོད་འདུག

བོད་ནི་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་རྐྱེན། བོད་ནང་དུ་ཚ་དྲོད་འཕེལ་ནས། གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་གྱིན་ཡོད་སྟབས། བོད་ཀྱི་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་ཉེན་ཡོད་པ་མ་ཟད། ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག་ལ། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་དང་རྒྱུག་ཆུ་ཁ་བསྒྱུར་དང་ཆུ་རགས་གསར་རྒྱག་སོགས་བྱས་པ་དེས། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ གྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད་པ་རེད།

བོད་མཐོ་སྒང་ནས་བཞུར་བའི་ཡར་ཀླུང་གཙང་པོ་ནི་འཛམ་གླིང་གི་ཆེས་རིང་བའི་རྒྱུག་ཆུ་དགུ་པ་དེ་ཡིན་ལ། གཙང་པོ་དེ་བོད་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། དེ་བཞིན་བྷང་གྷ་ལ་སོགས་སུ་བཞུར་ནས་མཐའ་མར་མཐའ་ཡས་རྒྱ་མཚོར་འདྲེས་ཤིང་། དེའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་ ༣༠༠༠ དང་། ཟབ་ཚད་ལ་རྨི་ ༣༠ ནས་ ༡༣༥ བར་འདུག་ལ། བོད་ནས། རྒྱ་གར་དང་། བྷང་གྷ་ལར་བཞུར་བའི་གཙང་པོ་དེ་ནི་ཉུང་མཐར་ཡང་མི་གྲངས་ས་ཡ་ ༤༠༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་། ༢༠༠༧། ༢༠༡༣། ༢༠༡༥། ༢༠༡༩། ༢༠༢༠ བཅས་སུ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་བདུན་གསར་རྒྱག་བྱས་ཟིན་ཡོད་ཅིང་། འབྱུང་འགྱུར་མི་ལོ་ལྔའི་ནང་ཚུད་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༨ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༩ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese