མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུ་མཚན་ལ་བསམ་བློ་བཏང་ནས་དཔྱད་པ་བྱས་པའི་འབྲས་བུས་སེམས་ཀྱི་ཞི་བདེ་བསྐྲུན་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོའི་དོན་གྱི་སྙིང་བོ་ཆ་ཚང་བོད་ཀྱིས་བདག་པོ་བརྒྱབ་སྟེ་ཉམས་ལེན་བྱེད་བཞིན་ཡོད་པ་མ་ཟད། འཛམ་གླིང་གི་ས་ཁུལ་གང་སར་དོ་སྣང་གསར་བ་ཞིག་ཡོང་བཞིན་འདུག་ཅེས་གསུངས།

༧གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འགྲེལ་མཛད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༢།༡༠།༢༠༢༤

དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་ཆོས་སྤྱི་བཤད་ལས་བརྩམས་པའི་བཀའ་ཆོས་བསྩལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོ་བཙན་བྱོལ་བར་གྱུར་ནས་དྷ་རམ་ས་ལར་གནས་གཞི་ཆགས་ཡོད། ས་ཆ་འདིར་རྒྱ་མི་གཙོ་བོར་གྱུར་བའི་ཆོས་དད་ཡོད་མཁན་དང་། སྔོན་མ་ནང་ཆོས་ལ་རྒྱུས་མེད་པའི་ནུབ་ཕྱོགས་པ་ཚོས་ཀྱང་དེང་སྐབས་དོ་སྣང་གསར་བ་ཞིག་བསླེབས་ཏེ་འདིར་འདུས་ཡོང་གི་ཡོད། ཆོས་ཉམས་ལེན་བྱེད་རྒྱུ་དེ་སྔོན་མ་ནས་ཤེས་མཁན་གཅིག་ཀྱང་མེད། ཆོས་ཀྱི་བསམ་བློ་གཏོང་སྟངས་ཀྱིས་སོ་སོའི་སེམས་ལ་ཞི་བདེ་བསླེབ་རྒྱུ་དང་། སེམས་ཀྱི་ཞི་བདེ་བརྒྱུད་ནས་ལུས་ཁམས་བདེ་བོ་ཡོང་བར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག

དེང་སང་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་ཕྱིན་འདུག  ངོས་ནས་འདི་ལྟར་ལབ་ན་འདྲ་ཆགས་པོ་མེད་པ་མ་གཏོགས། ངོས་རང་ལ་དད་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག གང་ལྟར་འཛམ་གླིང་སྟེང་དུ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་། སྒོས་སུ་ནང་ཆོས་ཀྱི་སེམས་ཁམས་རིག་པ་གཙོ་བོ་བྱས་ཏེ་སེམས་ལ་ཞི་བདེ་བཟོ་བ་དང་། སེམས་ཀྱི་ཞི་བདེ་བསྐྲུན་པའི་རྒྱུ་མཚན་ཡང་དད་པ་དང་སྨོན་ལམ་རྒྱག་གི་མེད། སེམས་ཁམས་རིག་པའི་འགྲོ་སྟངས་ལ་དོ་སྣང་བྱས་པའི་ཐོག་ནས་དད་མོས་བྱེད་ཀྱི་ཡོད། ངོས་ཀྱི་ངོ་ཤེས་ཚན་རིག་པའི་ཁྲོད་ནས་ཀྱང་དམིགས་བསལ་དོ་སྣང་དང་དགའ་མོས་བྱེད་ཀྱི་འདུག སེམས་ཁམས་རིག་པའི་འགྲོ་སྟངས་ཐོག་ནང་པའི་གཞུང་ནས་གསུངས་ཡོད་པ་དང་། ང་ཚོས་ཉམས་ལེན་གང་ཐུབ་བྱས་པའི་སེམས་ཀྱི་ཞི་བདེའི་ལག་ལེན་ཐོག་དམིགས་བསལ་དོ་སྣང་བྱེད་བཞིན་འདུག སྔོན་མ་ནང་པ་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པར་གཞི་ནས་ནང་ཆོས་ལ་དོ་སྣང་བྱེད་བཞིན་འདུག

ནང་པའི་ཆོས་ཞེས་པ་སྨོན་ལམ་བརྒྱབ་པ་གཅིག་པོ་མིན་པར་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་བཟོ་བ་དང་། ཉོན་མོངས་ཀྱི་རིགས་ཆགས་སྡང་སོགས་སེམས་ཁམས་རིག་པའི་ཐོག་ནས་ཉུང་དུ་གཏོང་གི་ཡོད། སྤྱིར་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡག་པོ་རེད། སྒོས་སུ་ནཱ་ལནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་དེ་སེམས་ཁམས་ལ་ཉམས་ཞིབ་བྱས་ཏེ། ང་རྒྱལ་དང་། ཕྲག་དོག ཞེ་སྡང་སོགས་གཉན་པོ་བརྟེན་པའི་ཐོག་ནས་ཤུགས་ཆུང་དུ་འགྲོ་བཞིན་ཡོད། དད་པ་གཅིག་པོ་མིན་པར་རྒྱུ་མཚན་གྱི་ཐོག་ཏུ་འགྲོ་རྒྱུ་གནད་འགག་ཆེན་པོ་རེད། ངོས་རང་ལ་ཚན་རིག་པ་ངོ་ཤེས་མང་པོ་ཐུག་གི་ཡོང་བཞིན་ཡོད། ཆོས་དོན་དུ་གཉེར་མཁན་དེ་འདྲ་གང་ཡང་མ་རེད། སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་ཞི་བདེའི་ཐོག་དམིགས་བསལ་དོ་སྣང་ཡོང་བསྡད་ཀྱི་འདུག སངས་རྒྱས་ཀྱི་ཆོས་དེ་སེམས་ཁམས་རིག་པ་དང་བསྟུན་ནས་འགྲོ་བཞིན་ཡོད་པས་དམིགས་བསལ་ཞིག་རེད། སེམས་ཁམས་རིག་པ་དང་བསྟུན་ནས་འགྲོ་དུས་ཚན་རིག་དང་མཐུན་པར་བཤད་ཐུབ་ཀྱི་ཡོད། ལམ་དང་འབྲས་བུའི་གནས་ལུགས་ཀྱི་ཡོན་ཏན་ལ་བསམ་བློ་བཏང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཤེས་པའི་ཐོག་ནས་དད་པ་ཡོང་གི་ཡོད་པ་ཧ་ཅང་ཡག་པོ་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། དེང་སང་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བའི་དུས་ཤིག་ཡིན་ཡང་། དངོས་ཡོད་གནས་ཚུལ་ཐོག་བསམ་བློ་གཏོང་དུས་སངས་རྒྱས་ཀྱི་ཆོས་ལ་དམིགས་བསལ་དོ་སྣང་ཡོང་བཞིན་ཡོད། ང་ཚོས་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཀོན་མཆོག་མཁྱེན་ཟེར་བ་ཙམ་མིན་པར་སེམས་ཁམས་རིག་པ་དང་འབྲེལ་ནས་ཞེ་སྡང་སོགས་ཉུང་དུ་གཏོང་བ་དང་བྱམས་པ་སོགས་ཡར་རྒྱས་གཏོང་དགོས། དེ་ནི་སྐྱེ་བ་སྔ་ཕྱིའི་སྐད་ཆ་བཤད་ཀྱི་མེད། ཚེ་འདིར་ཆ་བཞག་ནའང་སེམས་ཁམས་རིག་པ་དང་འབྲེལ་ནས་ཡོད་དུས་སེམས་ཀྱི་ཞི་བདེ་ལ་ཕན་ཐོགས་ཡག་པོ་ཡོང་གི་ཡོད། ངོས་རང་འདིར་བཙན་བྱོལ་ཆགས་ཏེ་སྡོད་བཞིན་ཡོད། ནང་ཆོས་ཀྱི་འགྲོ་སྟངས་སྤྱི་དང་། སེམས་ཁམས་རིག་པའི་ཐོག་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག

གང་ལྟར་ནང་པ་ཆགས་ཀྱང་མ་ཆགས་རུང་། སེམས་ཁམས་རིག་པ་ཤེས་པའི་ཐོག་སེམས་ཞི་ཞིང་དུལ་བ་ཞིག་བྱ་རྒྱུ་དེ་འཛམ་གླིང་སྤྱི་ལ་ཞབས་འདེགས་རེད། ཆོས་ཀྱི་སྐད་ཆ་མ་བཤད་པར་སེམས་ཀྱི་ཐོག་ནས་ཞི་བདེ་བསྒྲུབ་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་དང་གལ་ཆེན་པོ་རེད། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་རྗེས། སྔོན་ལ་འདུལ་བའི་འགྲོ་སྟངས་གསུངས་ཡོད་པ་དང་། དེ་ནས་ཤེར་ཕྱིན་གྱི་གཞུང་འཁོར་ལོ་བར་མའི་སྐབས་སུ་གསུངས་འདུག དེ་ཧ་ཅང་གཏིང་ཟབ་མོ་རེད། དེ་དེང་སང་ཚན་རིག་པ་དང་འབྲེལ་ནས་སེམས་ཁམས་རིག་པ་དང་ཀླད་པའི་འགྲོ་སྟངས་བསྡུར་བའི་བསམ་བློ་ཤུགས་ཆེན་པོ་འདུག ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་མཆོག་ནས། ངོས་རང་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་སྐོར་ལ་བསམ་བློ་ཉིན་ལྟར་གཏོང་བཞིན་ཡོད། སེམས་ཀྱི་ཞི་བདེ་བཟོ་བར་ཁྱད་པར་ཆེན་པོ་འདུག སྔོན་རྒྱ་གར་གྱི་མཁས་པའི་དབང་བོ་མཁན་ཆེན་ཞི་བ་འཚོ་ལྟ་བུ་བོད་དུ་ཕེབས་པ་དང་། དེ་བཞིན་བོད་ཀྱི་མཁས་པ་མང་པོ་རྒྱ་གར་དུ་ཕེབས་ཏེ་ནཱ་ལནྡྲ་ནས་སློབ་སྦྱོང་གནང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་གར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་གྱི་སྙིང་བོ་ཆ་ཚང་བོད་ཀྱིས་བདག་པོ་བརྒྱབ་སྟེ་ཉམས་ལེན་བྱེད་བཞིན་ཡོད། བོད་རིགས་ཀྱི་ནང་ཆོས་འགྲོ་སྟངས་ལ་ཨེ་ཤ་ཡའི་ས་ཁུལ་ཙམ་མིན་པར་འཛམ་གླིང་གི་ས་ཁུལ་གང་སར་དོ་སྣང་གསར་བ་ཞིག་ཡོང་བཞིན་འདུག  སྐྱེ་བ་སྔ་ཕྱི་ཁས་ལེན་མིན་གང་ལྟར་ཡང་། ཚེ་འདིར་ཁོང་ཁྲོ་སོགས་ཉུང་དུ་གཏོང་བ་དང་། དེ་དག་ཉུང་དུ་ཕྱིན་པའི་དབང་གིས་སེམས་ལ་ཞི་བདེ་ཡོང་གི་ཡོད། དེའི་ཐོག་ནང་པའི་གཞུང་གི་དཔྱད་པ་བྱ་རྒྱུ་གལ་ཆེན་ཡིན་དུས། ཚན་རིག་པ་དང་འབྲེལ་ནས་སྐད་ཆ་བཤད་པ་གནས་ཚུལ་གསར་བ་ཞིག་ཆགས་ཡོད། སྐྱབས་སུ་མཆི་ཟེར་བ་ཙམ་མིན་པར་བོད་ལ་དཔལ་ནཱ་ལནྡྲ་ནས་བརྒྱུད་ཡོང་བའི་བསམ་བློའི་ཐོག་ནས་འགྲོ་སྟངས་ཡོད་པ་དེ་ཧ་ཅང་ཡག་པོ་རེད། རྒྱུ་མཚན་ལ་བསམ་བློ་བཏང་ནས་དཔྱད་པ་བྱས་པའི་འབྲས་བུས་སེམས་ཀྱི་ཞི་བདེ་བཟོ་ཡི་ཡོད། ཚན་རིག་པ་ཚོ་དང་མཉམ་དུ་བསམ་བློ་དེ་མཐུན་པོ་ཡོང་གི་འདུག ཅེས་གསུངས་སོང་།

དེ་བཞིན་དད་ལྡན་པ་ཁག་ཅིག་གིས་ཆོས་ཀྱི་སྙིང་པོ་དང་། བྱམས་བརྩེ། སྟོང་ཉིད་བཅས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་༧གོང་ས་མཆོག་ནས། ཆོས་ཀྱི་སྙིང་པོ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། ཀུན་ལ་ཕན་ཐོགས་པ་མ་གཏོགས་འཚེ་བ་བྱ་རྒྱུ་མེད། ཅེས་དང་། དཀའ་ངལ་ཆེན་པོ་འཕྲད་སར་ཆོས་ཕྱོགས་ཀྱི་བསམ་བློ་གཏོང་བའི་མཐུན་རྐྱེན་ཡོད་པ་ཞིག་རེད། ཆོས་ཀྱི་འབྲེལ་བ་མེད་ཚེ་གནས་ཚུལ་ཁ་ཁ་རེད། ཆོས་དང་འབྲེལ་ནས་བསམ་བློ་གཏོང་ཤེས་ན་དཀའ་ངལ་ཇི་ཙམ་འཕྲད་ཀྱང་། བྱམས་བརྩེའི་བློ་ཡིས་ཞེ་སྡང་སོགས་སེམས་འཁྲུག་པ་ཉུང་དུ་གཏོང་བར་གདོང་ལེན་བྱེད་ཐུབ། ཅེས་དང་། སེམས་འདུལ་བར་དད་པ་དང་ཤེས་རབ་གཉིས་ཀྱི་ཐོག་འདུལ་ཐབས་གཉིས་ཡོང་གི་ཡོད། ཤེས་རབ་ཀྱི་ཐོག་ནས་ཁོང་ཁྲོ་སོགས་མི་དགའ་བ་ཡོང་བའི་ཡུལ་དེ་དོན་དམ་གྱིས་མེད་བསམ་པའི་སྟོང་ཉིད་ཀྱི་བསམ་བློ་གཏོང་སྟངས་དེས་ཧ་ཅང་ཕན་ཐོགས་ཡོད། ངོས་རང་གིས་ཉིན་ལྟར་སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་ཐོག་བསམ་བློ་གཏོང་བཞིན་ཡོད། དངོས་ཡོད་གནས་ཚུལ་དང་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཕན་ཐོགས་འདུག ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

སྐར་མ ༣༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༣ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese