མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རེབ་གོང་ནས་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་འདི་ལོའི་གསུམ་བཅུ་དུས་དྲན་སྐབས་སུ་སྐད་འཕྲིན་རྒྱབ་ངོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་བརྒྱུད་འགོད་བྱས་པའི་ཉེས་མིང་འོག་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༩།༢༤

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། གསུམ་བཅུ་དུས་དྲན་ཉིན་མོ་རྗེས་དྲན་གྱི་ཚུལ་དུ་གནས་ཚུལ་སྤེལ་བ་དང་འབྲེལ་ཏེ། འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་དཀྱིལ་དུ་བོད་མདོ་སྨད་རེབ་གོང་ནས་ཡིན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་རང་ཤག་ནས་འཛིན་བཟུང་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༢ ཉིན་ནས་བཟུང་རེབ་གོང་སྨད་པའི་གུ་ར་ཐང་ན་ཡོད་པའི་རྒྱ་གཞུང་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་དུ་བཀག་ཉར་དུས་ཡུན་དང་བསྡོམས་ནས་ལོ་གཅིག་ཕྱེད་ཀའི་བཙོན་འཇུག་ཉེས་འགེལ་བྱས་འདུག

གནས་ཚུལ་མཁོ་སྤྲོད་པས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་བཟུང་། རྒྱ་གཞུང་གིས་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་གནས་སྤར་ཏེ་ལོ་གཅིག་རིང་བཙོན་འཇུག་ཁྲིམས་ཆད་ཁུར་ནས་སྡོད་དགོས་ཀྱི་ཡོད་ཅིང་། ཁོང་ས་གནས་རེབ་གོང་གྲོང་ཁྱེར་(同仁市)རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ཏེ། རེབ་གོང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ཆད་ཉེས་འགེལ་བྱས་པ་དང་། རེབ་གོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པ་སོགས་འགྲོ་ལུགས་གང་གི་སྐབས་སུའང་། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱི་ནང་མི་ཉེ་འབྲེལ་ལ་བརྡ་ལན་ཅི་ཡང་སྤྲད་མེད་པ་མ་ཟད།  ཁོང་གི་ཤ་ཉེ་སྤུན་མཆེད་རྣམས་ལ་ཉེས་ཆད་གཅོད་སྲིད་པའི་འཇིགས་སྐུལ་བྱས་ཡོད་པ་དང་། འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ་ཁོང་གི་གནས་སྟངས་གང་ཡིན་འདྲི་རྒྱུ་དེའང་ཉེན་ཁ་ཚབས་ཆེན་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་སྐད་འཕྲིན་རྒྱབ་ངོས་སུ་༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་བརྒྱུད་འགོད་བྱས་པ་དེ་ཁྲིམས་འགལ་ཡིན་པར་བསྙད་ནས་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་གཞུང་གིས་དེ་སྔ་ནས་འཆར་ཅན་ཁོང་ལ་དོགས་ཟོན་ནན་མོ་བྱེད་བཞིན་ཡོད་པ་མ་ཟད།  བོད་ཀྱི་དུས་ཆེན་གང་ཞིག་སླེབས་པའི་ཚེ། ཁོང་གི་བཞུགས་ཤག་གི་ཀླད་དང་གྱང་ཁ་སོགས་ནས་གསང་ཉུལ་དང་སོ་ལྟ་བྱེད་བཞིན་ཡོད་འདུག

དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ནི་ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས། དྷ་རམ་ས་ལའི་མཚན་ཉིད་གྲྭ་ཚང་དུ་ལོ་བཅུའི་རིང་སློབ་གཉེར་བྱས་ཏེ་ཕར་ཕྱིན་གྲུབ་པ་དང་། ཕྱི་ལོ་ ༡༩༩༦ ལོར་བོད་ལ་ཕྱིར་ལོག་འདུག དུས་རྒྱུན་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་པར་མཚམས་བསྙེན་སྒྲུབ་དང་ཉམས་ལེན་ལ་འབད་བཞིན་ཡོད་ཅིང་། སྐབས་རེར་གནས་ཆེན་ཁག་ཏུ་ཉམས་ལེན་གནང་གིན་ཡོད་འདུག ཁོང་ནི་བོད་ཀྱི་ཡིག་གཟུགས་ལེགས་བྲིས་ལ་མཁས་པ་དང་དབྱིན་ཡིག་མཁྱེན་གྱི་ཡོད་པས། དོན་གཉེར་ཅན་རྣམས་ལ་ཡིག་གཟུགས་དང་དབྱིན་ཡིག་སློབ་ཁྲིད་གནང་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese