མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་འགྲེམས་སྟོན་ཁང་གཅིག་གིས་མགྱོགས་མྱུར་ལེགས་བཅོས་བྱ་རྒྱུའི་ཁས་ལེན་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧྥ་རན་སི་བོད་རིགས་ཚོགས་པ་དྲུག་གིས་ཧྥ་རན་སིའི་བྷེ་རན་ལི་འགྲེམས་སྟོན་ཁང་གི་ངོས་ནས་བོད་ཅེས་པའི་ཚབ་ཏུ་རྒྱ་ནག་གི་ཐ་སྙད་བེད་སྤྱོད་བྱས་པར་དགོངས་སེལ་དང་སྦྲགས་གང་མགྱོགས་ལེགས་བཅོས་བྱ་རྒྱུའི་ཁས་ལེན་གནང་ཡོད་སྐོར་བརྗོད་འདུག

བྷེ་རན་ལི་འགྲེམས་སྟོན་ཁང་གི་སྐུ་ཚབ་ཁེ་ལི་མེན་ཊི་ལགས་དང་ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་ལགས། སྦར་སིལ་སྐུ་ཚབ་དོན་གཅོད་སོགས་གླེང་སློང་གནང་བཞིན་པ། ༢༠༢༤།༩།༢༥ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་སྟེང་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་རྟེན་གཞི་བྱས་པའི་བྷེ་རན་ལི་ (Branly) འགྲེམས་སྟོན་ཁང་གི་རྒྱལ་སྤྱིའི་གནད་དོན་སློབ་སྟོན་པ་ཁི་ལེ་མེན་ཊི་ (Clément Tougeron) ལགས་ཀྱིས་ཧྥ་རན་སིར་གནས་འཁོད་བོད་ཀྱི་ཚོགས་པ་ཁག་དྲུག་གི་སྐུ་ཚབ་འགྲེམས་སྟོན་ཁང་དུ་སྣེ་ལེན་གྱིས་བོད་ཅེས་པའི་ཚབ་ཏུ་རྒྱ་ནག་གི་ཐ་སྙད་ཞི་ཙང་བེད་སྤྱོད་བྱས་པའི་གནད་དོན་དང་འབྲེལ་ནས་གལ་ཆེན་ཚོགས་འདུ་ཞིག་འཚོགས་ཡོད་འདུག

ཚོགས་འདུའི་ཐོག་འགྲེམས་སྟོན་ཁང་གི་སྐུ་ཚབ་ཁི་ལེ་མེན་ཊི་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་མཆོག་གིས་སྣེ་འཁྲིད་པའི་ཧྥ་རན་སིར་གནད་འཁོད་ཚོགས་པ་ཁག་དྲུག་གི་སྐུ་ཚབ། དེ་བཞིན་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་ཚེ་རིང་ལགས་དང་ལས་བྱེད་འཇིགས་མེད་ལགས་བཅས་མཉམ་ཞུགས་གནང་འདུག

དེ་རིང་ཕྱི་ཚེས ༢༦ ཉིན་ཧྥ་རན་སི་བོད་རིགས་ཚོགས་པས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། བྷེ་རན་ལི་འགྲེམས་སྟོན་ཁང་གི་སྐུ་ཚབ་ཁེ་ལི་མེན་ཊི་ལགས་ཀྱིས། འགྲེམས་སྟོན་ཁང་གི་ངོས་ནས་ད་ལྟའི་གནས་བབ་ཐད་ཁ་ཞེ་གཉིས་མེད་ཐོག་དགོངས་སེལ་ཞུ་བ་དང་། དེ་སྔ་ནོར་འཁྲུལ་གང་ཤོར་བ་རྣམས་ལ་ངོས་ལེན་བྱས་ཏེ་འགྲེམས་སྟོན་ཁང་ནང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་སྔར་ལྟར་འཇོག་རྒྱུའི་ཁས་ལེན་གནང་ཞིང་། བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ཏུ་རྒྱ་ཡིག་ཞི་ཙང་བེད་སྤྱོད་བྱས་པའི་གནད་དོན་འདི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་ཞིག་ཡིན་པ་ངོས་འཛིན་གསལ་པོ་བྱུང་ཡོད་སྐོར་དང་། གང་མགྱོགས་ནོར་འཁྲུལ་དེ་ལེགས་བཅོས་བྱ་རྒྱུའི་ཞལ་བཞེས་གནང་ནས་གཟའ་འཁོར་གསུམ་གྱི་ནང་ཚུད་དུ་འགྲེམས་སྟོན་ཁང་ནང་གཟིགས་མོ་བ་ཕེབས་མཁན་ཚོའི་སྤྱན་ལམ་དུ་བོད་ཅེས་པའི་མིང་འདི་ཁྲ་ལམ་མེར་མཇལ་རྒྱུ་ཡོད་ཞིག་བཟོ་རྒྱུ་ཡིན་ཟེར། གཞན་ཡང་། འགྲེམས་སྟོན་ཁང་གི་ངོས་ནས་མུ་མཐུད་དུ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་གླེང་སློང་བྱ་རྒྱུའི་ཆོད་སེམས་ཡོད་ལུགས་དང་། མ་འོངས་པར་བོད་དང་འབྲེལ་བའི་གནད་དོན་ཐོག་ལ་གུས་བརྩི་དང་ཁ་དན་ཚིག་ལ་གནས་པའི་ཐོག་ནས་གླེང་མོལ་རབ་དང་རིམ་པ་བྱ་རྒྱུའི་ཁས་ལེན་གནང་ཡོད་སྐོར་གསལ་བ་དང་། བོད་པའི་ཚོགས་པ་ཁག་དྲུག་ཐུན་མོང་ནས་གྷུའི་མེ་ཟི་ (Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་མིང་བསྒྱུར་བྱས་ཡོད་པར་བཟང་ཕྱོགས་ཀྱི་ཡ་ལན་ཞིག་མ་སྤྲད་བར་དུ་ཞི་བའི་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་གནང་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese