མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རིག་དངོས་ཞིབ་འཇུག་ལམ་ནས་བོད་རྒྱ་ཁོངས་སུ་འཇུག་ཐབས་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞིས་ཀ་རྩེ་ཁུལ་དུ་བོད་ཀྱི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་སོགས་སྤོ་མི་རུང་བའི་རིག་དངོས་ ༣༠༡ གསར་དུ་རྙེད་ཡོད་ཟེར།

བོད་གཞིས་ཀ་རྩེ་ཁུལ་དུ་སྤོ་མི་རུང་བའི་རིག་དངོས་ཁག་ ༣༠༡ གསར་དུ་རྙེད། དྲ་ལམ་གྱི་པར།

ཉེ་ལམ་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གནའ་དངོས་ཤུལ་རྫས་དཔྱད་རིག་པ་ཁག་ཅིག་ལ་བོད་ཀྱི་གཞིས་ཀ་རྩེ་ཁུལ་དུ་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་སྐྲུན་དངོས། བྲག་ཕུག་དང་རྡོ་བརྐོས། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་སོགས་སྤོ་མི་རུང་བའི་རིག་དངོས་ཁག་ ༣༠༡ གསར་དུ་རྙེད་སོན་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་ཞིག་ལ་བཀའ་འདྲི་ཞུས་སྐབས། རྒྱ་ནག་གིས་བོད་ནང་དུ་རྟོག་ཞིབ་བྱས་པ་བརྒྱུད། བོད་ཀྱི་གཏེར་རིགས་དང་དངོས་རྫས་རིགས་ལ་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཉེ་ཆར་བོད་ཀྱི་ཁམས་ཁུལ་དུ་གཏེར་ཁ་གསར་པ་རྙེད་པའི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེན་འགྲོ་བཞིན་འདུག་ལ། དོན་དངོས་སུ་བོད་ནང་དུ་གཏེར་ཁ་སྔོག་འདོན་ཤུགས་ཆེ་རུ་འགྲོ་མུས་ཡིན་པ་མ་ཟད། ཟངས་དང་ (Lithium) སོགས་མང་པོ་ཞིག་རྙེད་ཡོད་སྐོར་སོགས་བརྗོད་བྱུང་།

དེ་འབྲེལ་བོད་གནས་བསྐྱར་ཞིབ་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་་ནང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་ཁུལ་དུ་གནའ་དངོས་ཤུལ་རྫས་དཔྱད་རིག་པ་ཁག་ཅིག་ལ་རིག་དངོས་རྙེད་པ་རྣམས་རྒྱ་ནག་རྒྱལ་རྒྱུད་ཀྱི་ཁོངས་སུ་ཡོད་པར་རྫུན་བཟོ་བྱས་ཡོད་པ་མ་ཟད། གནས་ཚུལ་འཁྱོག་བཤད་ཁྱབ་སྤེལ་གྱིས་གནའ་སྔ་མོ་ནས་བོད་དང་ཤར་ཊུར་ཀི་སི་ཐན་གཉིས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་ཚུལ་ཁུངས་སྐྱེལ་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག

རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱའི་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཞིབ་བཤེར་ལས་དོན་ཐེངས་བཞི་པའི་དུས་མཚམས་གཉིས་པའི་ལས་དོན་དང་འབྲེལ་ནས་འདས་པའི་ཟླ་ཁ་ཤས་རིང་གཞིས་རྩེའི་རྫོང་དང་རྫོང་ཁག་ ༡༨ ནང་རིག་དངོས་སྔོག་བཤེར་བྱས་ཡོད་སྐོར་སོགས་གསལ་བ་ལས། རྒྱ་ནག་གི་གནའ་རྫས་དཔྱད་རིག་པས་རིག་དངོས་ག་རེ་རྙེད་སོན་བྱུང་ཡོད་མེད་སོགས་གསལ་ཁ་གང་ཡང་མེད་འདུག

གཞིས་རྩེ་རིག་གནས་དང་ཡུལ་སྐོར་ལས་ཁུངས་ཀྱི་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཕུན་ཚོགས་དར་རྒྱས་ཀྱིས། གཞིས་ཀ་རྩེའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་། སྤོ་མི་རུང་བའི་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རིག་དངོས་རིགས་སྣ་ཚོགས་ཡོད་པའི་ཐོག ཐེངས་འདིའི་ཞིབ་བཤེར་ལས་དོན་ལས་གཞི་རིམ་གྱི་རིག་དངོས་གྲངས་འབོར་དང་ཉར་ཚགས་གནས་ཚུལ་སོགས་ཤེས་རྟོགས་བྱུང་ཡོད་ཚུལ་སོགས་བརྗོད་འདུག

གཞིས་ཀ་རྩེ་རིག་གནས་དང་ཡུལ་སྐོར་ལས་ཁུངས་ཀྱི་ཡིག་ཆ་ཞིག་ལ་ལུང་འདྲེན་བྱས་ཡོད་པའི་ནང་། ད་བར་གཞིས་རྩེ་གྲོང་ཁྱེར་གྱིས་རིག་དངོས་ས་ཚིགས་ ༡༠༨༨ ལ་ཞིབ་བཤེར་དང་དེ་འབྲེལ་ཡིག་ཆ་ཁག་བསྡུ་རུབ་བྱས་ཡོད་ཚུལ་སོགས་བསྒྲགས་འདུག་ལ། ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱུན་སྐྱོང་བཞིན་པའི་རིག་གཞུང་གི་དངོས་རྫས་ཐོ་འགོད་ཞིབ་བཤེར་ཐེངས་གསུམ་པའི་སྐབས་སུ་ངོས་འཛིན་དང་ཐོ་འགོད་བྱས་པའི་སྤོ་མི་རུང་བའི་རིག་དངོས་ ༤༢༧༧ ལ་བསྐྱར་ཞིབ་ཆ་ཚང་བ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༣ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese