མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཚེ་རིང་ལགས་ཀྱི་གནས་སྟངས་ཁ་གསལ་མེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཚ་རུ་མ་སྡེ་བའི་རྡོ་བྱེ་སྔོག་འདོན་དང་འབྲེལ་རྒྱ་ནག་གིས་མཚོ་སྔོན་ཚེ་རིང་ལགས་འབོད་འགུག་བྱས་ཏེ་འདྲི་རྩད་བྱས་པ་མ་ཟད། ཁོང་གི་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་ཡོད་འདུག

ཁྱུང་མཆུའི་ཚ་རུ་མ་སྡེ་བའི་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་གནད་དོན།

འདི་གའི་གསར་འགོད་པར་ཚ་རུ་མ་སྡེ་བའི་བྱེ་རྡོ་སྔོག་འདོན་དང་འབྲེལ་མཚོ་སྔོན་ཚེ་རིང་ལགས་ཀྱི་གནས་སྟངས་ཇི་ཆགས་སྐོར་ལ་འབྲེལ་ཡོད་ཅིག་གིས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་མཚོ་སྔོན་ཚེ་རིང་ལགས་འབྲེལ་ཡོད་རྒྱ་གཞུང་ལས་བྱེད་པས་འབོད་འགུག་བྱས་ཏེ་འདྲི་རྩད་བྱས་ཡོད་པ་དང་། ད་ལྟའི་ཆར་ཚེ་རིང་ལགས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་མ་ཟད། ཁོང་གི་གནས་སྟངས་ཇི་ཆགས་སྐོར་གསལ་ཁ་མེད་ཅིང་། ཚ་རུ་མ་སྡེ་བའི་བྱེ་རྡོ་སྔོག་འདོན་བྱེད་མཁན་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ (安徽先河建筑工程又很公司) གིས་རྔ་བ་ཁུལ་རིམ་པའི་ལས་འཆར་ཁྲོད་ལམ་བཟོའི་མིང་འོག་ནས་བྱེ་རྡོའི་གཏེར་ཁ་སྔོན་འདོན་བྱེད་བཞིན་ཡོད་སྟབས། ཚ་རུ་མ་སྡེ་བའི་ཞུ་གཏུགས་ལ་གྲུབ་འབྲས་གང་ཡང་ཐོན་མེད་སྐོར་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མའི་སྡེ་མི་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀྱིས། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ (Kuaishou) སྟེང་སྐར་མ་ལྔ་ཟིན་ལ་ཉེ་བ་ཙམ་གྱི་བརྙན་ཐུང་ཞིག་སྤེལ་ཏེ།  ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ 安徽先河建筑工程又很公司གིས། ཚ་རུ་མ་སྡེ་བའི་གཞུང་ལམ་གསར་བཟོའི་སྐབས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་ཐོག་ཆུ་འགྲམ་སྔོག་འདོན་བྱས་ཏེ་རྡོ་བྱེ་དབོར་འདྲེན་བྱས་ཡོད་པ་ཞུ་གཏུགས་བྱས་ཡོད་ལ། ཚ་རུ་མ་སྡེ་བའི་རྡང་ཆུ་གཙང་པོའི་ཁུལ་སྔོག་འདོན་བྱས་པར་བལྟས་ན། རྒྱ་ནག་གིས་ཁུལ་དེར་རྡོ་བྱེ་ཙམ་མིན་པར་གཏེར་ཁ་གཞན་རིགས་སྔོག་འདོན་བྱེད་བཞིན་ཡོད་སྲིད་སྐོར་ཉམས་ཞིབ་པས་བརྗོད་བྱུང་།

གསར་འགོད་པས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཕྱི་ལོ ༢༠༢༣ ཟླ ༥ ནས་བཟུང་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ 安徽先河建筑工程又很公司གིས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མ་སྡེ་བའི་གཞུང་ལམ་གསར་བཟོའི་སྐབས་སུ། ཁྲིམས་འགལ་གྱིས་ལམ་འགྲམ་གྱི་ཆུ་གཞུང་སྔོག་འདོན་བྱས་ཏེ་རྡོ་བྱེ་དབོར་འདྲེན་བྱས་ཡོད་སྟབས། དེས་ཡུལ་དངོས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། རྡོ་བྱེ་ཤུགས་ཆེན་སྔོག་འདོན་བྱས་རྐྱེན་ཉེ་འཁོར་གྱི་རྒྱུགས་ཆུར་གནོད་སྐྱོན་དང་ཡུལ་མིའི་སྡོད་གནས་ལ་ཉེན་ཁ་བཟོས་ཡོད་འདུག

ད་ལྟའི་ཆར་ཚ་རུ་མ་སྡེ་བའི་ཁོར་ཡུག་འབག་བརྩོག་བཟོས་པའི་ཤུགས་རྐྱེན་དེ། སྡེ་བ་དེའི་སྐྱེ་ཁམས་ཁོར་ཡུག་དང་མ་འོངས་པའི་མི་རབས་ཚོའི་འཚོ་གནས་ལ་ཐད་ཀར་འབྲེལ་བ་ཡོད་སྟབས། སྡེ་བའི་ཡུལ་མི་ཚོས། འབྲེལ་ཡོད་ས་གནས་དང་ཁུལ་སྲིད་གཞུང་སོགས་ནས་ཐག་གཅོད་ཡག་པོ་ཞིག་ཡོང་བར་ངང་སྒུག་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་གཞུང་ཕྱོགས་ནས་བརྡ་ལན་གང་ཡང་སྤྲད་མེད་ཅིང་། དམིགས་བསལ་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ནི་གཞུང་འབྲེལ་གྱི་ལས་དོན་གཉེར་མཁན་ཞིག་ཡིན་པས། རྒྱ་ནག་དབུས་ནས་ཐག་གཅོད་ཅིག་མ་བླངས་ཚེ་གྲུབ་འབྲས་ཐོན་ཁག་པོ་ཡིན་སྐོར་འབྲེལ་ཡོད་ཅིག་གིས་བརྗོད་བྱུང་།

འདས་ལོར་ཚ་རུ་མ་སྡེ་བའི་རྡོ་བྱེ་སྔོག་འདོན་བྱས་པའི་གནད་དོན་དང་འབྲེལ་ནས། སྡེ་བའི་ཡུལ་མི་སྐོར་ཅིག་གིས་རང་མོས་ཐོག་ཚ་རུ་མའི་སྲིད་གཞུང་དང་། ཁྱུང་མཆུ་རྫོང་སྒྲིག་ཁྲིམས་ལྷན་ཁང་། ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཁུག་ལྷན་ཁང་། ཁྱུང་མཆུ་རྫོང་གི་ཆུ་དོན་ལྷན་ཁང་། རྔ་བ་ཁུལ་གྱི་ཆུ་དོན་ལྷན་ཁང་། རྔ་བ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་ཡོད་ཀྱི་ལྷན་ཁང་རྣམས་ལ་གཏུག་བཤེར་བྱས་ཡོད་པ་མ་ཟད། ས་ཁུལ་དུ་གནོད་སྐྱོན་ཐེབས་པའི་འདྲ་པར་དང་། གློག་བརྙན་སོགས་མཁོ་སྤྲོད་བྱས་ཡོད་ནའང་། འབྲེལ་ཡོད་ལས་ཁུངས་གཅིག་གིས་ཀྱང་ལན་འདེབས་བྱས་མེད་པ་རེད་ལ། འདི་ལོའི་ཕྱི་ཟླ་ ༤ བར་སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས། ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ 安徽先河建筑工程又很公司 གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ནས་རྡོ་བྱེ་སྔོག་འདོན་བྱས་པ་དངོས་བྱུང་ཡིན་པ་དང་། དོ་བདག་ལ་ཉེས་ཆད་བཅད་ཟིན་པ་མ་ཟད་གནད་དོན་མཇུག་སྒྲིལ་ཟིན་ཡིན་ཞེས་ལན་འདེབས་བྱས་ཡོད་མོད། ཚ་རུ་མའི་སྡེ་བའི་རྡོ་བྱེ་མུ་མཐུད་དུ་སྔོག་འདོན་བྱེད་བཞིན་ཡོད་སྟབས། ཚེ་རིང་ལགས་ཀྱིས་དེ་ནི་འབྲེལ་ཡོད་ཀྱི་ཁེ་ལས་ལ་སྲུང་སྐྱོབ་བྱས་པ་དང་། ཉེས་པ་སྦས་གསང་བྱས་པ། དོན་གལ་སྣང་ཆུང་བྱས་པ་རེད་ཅེས་བརྗོད་འདུག

མཚོ་སྔོན་ཚེ་རིང་ལགས་ཀྱི་ཞུ་གཏུགས་བརྙན་དེའི་ནང་། རྡོ་བྱེ་སྔོག་འདོན་བྱེད་ཡུལ་ཚ་རུ་མའི་རྡང་ཆུ་གཙང་བོ་ནི་རྨ་ཆུ་དང་འབྲི་ཆུ་གཉིས་ལ་ཡོད་པ་དང་། ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེས་རྨ་ཆུ་དང་འབྲི་ཆུའི་ཆུར་འབག་བཙོག་བཟོ་བ། ཡུལ་དངོས་ཀྱི་སྐྱེ་ཁམས་ཁོར་ཡུག སྐྱེ་དངོས་སྣ་ཚོགས་སྲུང་སྐྱོབ་ལ་གནོད་སྐྱོན་ཐེབས་སྲིད། ད་དུང་ཨེ་ཤ་ཡའི་སྐྱེ་ཁམས་དང་། མཐོ་སྒང་གི་གཤེར་ས་ལ་ཐད་གར་དུ་ཤུགས་རྐྱེན་ངན་པ་འགྲོ་བཞིན་ཡོད། དེར་བརྟེན། རྒྱལ་ཁབ་ཀྱི་གལ་ཆེའི་རང་བཞིན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་འདི་ལྟ་བའི་ཚབས་ཆེན་གྱི་སྐྱེ་ཁམས་གཏོར་སྐྱོན་དང་། ཡུལ་མི་རྣམས་ལ་བཟོད་ཐབས་བྲལ་བའི་ཤུགས་རྐྱེན་ངན་པ་འཕྲད་བཞིན་ཡོད་པས། བརྒྱུད་རིམ་འདིའི་ཁྲོད་དུ་འབྲེལ་ཡོད་ལས་བྱེད་ཚོས་རང་གི་ལས་ཀ་འགན་ལེན་མི་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་སྲིད་གཞུང་གིས་ཁ་ཡ་མ་བྱས་པ་དང་། ཡུལ་མི་རྒན་གཞོན་རྣམས་ལ་གནོད་སྐྱོན་གྱི་སྡུག་བསྔལ་སྔར་བཞིན་ཡོད། གཏུག་བཤེར་བྱེད་མཁན་རྣམས་ལ་ཞུ་ས་བཤད་ས་མེད་པ་དང་། གྱོད་དོན་ལ་བདག་པོ་བརྒྱག་མཁན་མི་འདུག ཅེས་བརྗོད་ཡོད།

རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་རྩ་ཁྲིམས་ཟེར་བ་ལྟར་ན་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གཏོང་མཁན་ལ་འོས་འཚམ་གྱི་ཐག་གཅོད་བྱེད་པ་དང་། གཏོར་སྐྱོན་བྱས་པའི་སྐྱེ་ཁམས་ཁོར་ཡུག་ལ་གུན་གསབ་སྤྲོད་དགོས་ཞེས་བཤད་ཡོད་ཀྱང་། ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཁུག་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་ཐད་འགན་ལེན་གཙང་མ་བྱས་མེད་ཁར། སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་དང་འགན་ལེན་བྱས་མེད་པ་མ་ཟད། ཕྱི་ལོ ༢༠༢༣ ལོའི་ཟླ ༩ ནང་ཐོག་མར་གཏུག་བཤེར་སྐབས་ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལྷན་ཁང་གིས་ཡིག་ཐོག་ནས་བརྡ་ལན་འབྱོར་བའི་ནང་དུ་ཁྱུང་མཆུ་རྫོང་གི་སྒྲིག་ཁྲིམས་ལྷན་ཁང་དང་ཁྱུང་མཆུ་རྫོང་མི་དམངས་སྲིད་གཞུང་ཁང་གིས་འགོ་ཁྲིད་གཙོ་བོ་དང་འབྲེལ་ཡོད་འགན་འཁུར་མགོ་ཁྲིད་ཀྱིས་ཐེངས་མང་པོར་མི་སྣ་ཁྲིད་དེ་འབྲེལ་ཡོད་གནད་དོན་ལ་བདེན་དཔྱད་བྱས། ཁྱུང་མཆུ་རྫོང་གི་ཆུ་དོན་ལྷན་ཁང་། ཁྱུང་མཆུ་རྫོང་གི་འགྲིམ་འགྲུལ་ལས་ཁུངས། རྔ་བ་ཁུལ་ཁྱུང་མཆུ་རྫོང་སྐྱེ་ཁམས་ཁོར་ཡུག་ལྷན་ཁང་། ཚ་རུ་མ་ཡུལ་ཚོ་སོགས་འབྲེལ་ཡོད་སྡེ་ཚན་དང་ཡུལ་ཚོས་འབྲེལ་ཡོད་གནད་དོན་ལ་བརྟག་དཔྱད་བྱས། ཚ་རུ་མ་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་གཞུང་ངོས་ནས་བརྟག་དཔྱད་བྱས་པའི་གྲུབ་འབྲས་དང་། ཐག་གཅོད་བྱས་པའི་མཇུག་འབྲས་ལ་ཐེངས་མང་པོར་ཡིག་ཐོག་གམ་ངག་ཐོག་གཉིས་ནས་བསམ་འཆར་བཏོན་ཡོད། དེ་དང་དུས་མཚུངས་སུ། གནད་དོན་འདི་ ༢༠༢༣ ལོའི་ཟླ་ ༡༠ ནས་ ༡༢ བར་རྔ་བ་ཁུལ་ཆུ་དོན་ལས་ཁུངས་སྡེ་ཚན་ལ་ཐག་གཅོད་མཇུག་འབྲས་སྐོར་ནས་ཐེངས་མང་པོར་བསྐྱར་ཞིབ་ནན་སྐུལ་བྱས་ཀྱང་འབྲས་བུ་གང་ཡང་བྱུང་མེད།  ཕྱི་ལོ ༢༠༢༤ ལོའི་ལོ་མགོར། ཁྱུང་མཆུ་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་གནད་དོན་དང་ཐག་གཅོད་བྱས་པའི་གནས་སྟངས་ལ་བསྐྱར་ཞིབ་བྱས་ཀྱང་དམིགས་བསལ་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese