མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབུམ་ལ་དགོན་ཐུབ་མཆོག་དགའ་ཚལ་གྲྭ་ཚང་གི་གཙུག་ལག་ཁང་གསར་པ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དལ་འབྱོར་གྱི་ལུས་འདི་དོན་དང་ལྡན་པ་ཞིག་ཡོང་བར་དུས་རྒྱུན་༧གོང་ས་མཆོག་གི་བཀའ་སློབ་རྣམས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་གལ་ཆེན་པོ་རེད་ཅེས་གསུངས།

༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་འབུམ་ལ་དགོན་ཐུབ་མཆོག་དགའ་ཚལ་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་གནང་བ། ༢༠༢༤།༡༡།༠༤ བོད་མིའི་རང་དབང་གི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པར་མོན་ཡུལ་འབུམ་སྡེ་ལ་རུ་དགོན་ཐུབ་མཆོག་དགའ་ཚལ་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག དབུ་འབྱེད་སྐབས་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་དབུས་༧སྐྱབས་རྗེ་མེ་རག་བླ་མ་གུ་རུ་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་དགེ་འདུན་གྱི་སྡེ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཏ་པིར་གྷའོ་ (Tapir Gao) ལགས་དང་། རྒྱ་གར་དབུས་གཞུང་དང་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས། དད་ལྡན་སེར་སྐྱ་མི་མང་ཕོན་ཆེན་འཛོམས་ཡོད་འདུག

མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་བསྩལ་བའི་ནང་། མེ་རག་བླ་མའི་སྐུ་སྐྱེ་གུ་རུ་སྤྲུལ་སྐུ་རིམ་པ་ནས་༧རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་༧རྒྱལ་བ་རིམ་བྱོན་གྱིས་བཀའ་འབྲེལ་ལྷོ་མོན་ཁུལ་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་ཞབས་འདེགས་རིམ་པར་ཞུས། སྐྱེ་ཕྲེང་འདི་པ་ངོས་འཛིན་དང་དགེ་ཚུལ་སློང་གི་སྡོམ་འབོགས་རྣམས་ངོས་ཀྱིས་བྱས་པར་མ་ཟད། ཆུང་དུས་ནས་ངོས་ཀྱི་ཉེ་འགྲམ་མཚན་ཉིད་གྲྭ་ཚང་དུ་གཞུང་ཆེན་སློབ་གཉེར་དང་། དབང་ལུང་ཁྲིད་སོགས་ཞུས་ཤིང་། ངོས་ཀྱི་གམ་བཅར་ཡང་ལོ་མང་བགྱིས་པས་འབྲེལ་འདྲིས་ཆེ། སྐབས་བབ་མོན་འབུམ་སྡེ་ལར་སྐྱེ་ཕྲེང་གོང་མའི་གདན་ས་འབུམ་དགོན་ཐུབ་མཆོག་དགའ་ཚལ་གླིང་གི་འདུ་ཁང་རྙིང་པ་ལོ་མང་སོང་སྟབས་གཙུག་ལག་ཁང་ཞིག་གསར་བཞེངས་བགྱིད་འཆར་གྱིས། ཕྱི་ལོ་ ༢༠༡༧ ངོས་མོན་ཡུལ་དུ་བསྐྱོད་སྐབས་རེ་བསྐུལ་ལྟར་གཙུག་ལག་ཁང་གསར་བསྐྲུན་གྱི་རྨང་རྡོ་བཏིང་། ད་ཆར་ལེགས་གྲུབ་ཀྱིས་རབ་གནས་དབུ་འབྱེད་སླད་ གདན་ཞུ་རིམ་པར་བྱུང་བས་ཡོང་འདུན་ནར་མར་ཡོད་ནའང་། ད་ལན་དགའ་ལྡན་ཁྲི་རིན་པོ་ཆེ་དེ་གར་གདན་ཞུས་ཀྱིས་དབུ་འབྱེད་བགྱིས་ན་ལེགས་ཚོགས་ཆེ་ཞིང་། འདི་ནས་བསྟན་པ་རྒྱས་པ་དང་འགྲོ་བའི་བདེ་བ། ལྷག་པར་འདུས་སྡེར་བཤད་སྒྲུབ་ཆོས་སྤྱོད་གོང་འཕེལ་ཡོང་བའི་སྨོན་ལམ་དང་ཚེ་རབས་རྗེས་འཛིན་གྱི་སྐྱབས་སྨོན་བཅས་གནང་འདུག

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། གཙུག་ལག་ཁང་འདི་ལྟ་བུ་བཞེངས་པར་མཐུན་འགྱུར་མང་པོ་དགོས་ཀྱི་ཡོད། གཙུག་ལག་ཁང་འདི་རྟེན་དང་བརྟེན་པ་རྒྱས་པའི་ཐོག་ནས་བསྟན་འགྲོ་ལ་ཕན་ཐོགས་རྒྱུའི་ཐད་ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་ཐུབ་དགོས་གལ་ཆེ་བ་དང་། ང་ཚོ་འགྲོ་བའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ལྟ་བུ་དེ་༧རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆགས་ཀྱི་ཡོད་པས། རྒྱལ་བའི་བསྟན་པ་ལ་སོ་སོས་འདོད་འདུན་ཡོད་པ་ཙམ་མ་ཟད། སློབ་སྦྱོང་གནང་རྒྱུ་དང་སེམས་གཏིང་ནས་དད་བཀུར། དེ་བཞིན་སོ་སོའི་ངོས་ནས་ཞབས་འདེགས་གང་ཐུབ་ཞུ་རྒྱུའི་འདུན་པ་དགོས་གལ་ཆེན་པོ་རེད། དེ་བས་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་མཛད་འཕྲིན་ལ་བརྟེན་ནས་གཙུག་ལག་ཁང་ཆེན་པོ་འདི་ལྟ་བུ་ཕྱི་ནང་རྟེན་དང་བརྟེན་པ་རྒྱས་པ་ཞིག་བྱུང་བ་རེད། དེར་བརྟེན་གཙུག་ལག་ཁང་འདིའི་ནང་བཞུགས་མཁན་གྱི་དགེ་འདུན་པ་དང་གྲྭ་ཚང་གི་ཐོག་ནས་༧རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་བཤད་སྒྲུབ་གཉིས་ལྡན་གྱི་ཐོག་ནས་འཛིན་སྐྱོང་ཡ་མ་བྲལ་་བ་བྱེད་ཐུབ་དགོས་པ་ནི་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དེ་བཞིན། དེང་སང་འཛམ་གླིང་སྤྱི་ཡོངས་ནས་ལྟ་དུས་ནང་ཆོས་ཟེར་བ་དེ་འགྲོ་བའི་སྡུག་བསྔལ་འཇོམས་པའི་གཞི་གཅིག་པོ་དང་ཞི་བདེ་ལའང་ཕན་ཐོགས་རྒྱུའི་རིག་གཞུང་དང་ལྟ་གྲུབ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། དུས་རྒྱུན་དུ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོའི་བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་འདི་འཛམ་གླིང་གི་གཅེས་ནོར་ཡིན་གདའ། འཛམ་གླིང་སྤྱི་ལ་ཕན་ཐོགས་པའི་རིན་ཐང་ཆེ་བའི་རིག་གཞུང་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུང་གི་ཡོད་པ་རེད། དེ་ཡང་བོད་སྐད་ཡིག་ཐོག་ལ་བཀའ་བསྟན་འགྱུར་ ༣༠༠ ལྷག་དང་། ད་ལྟའི་དུས་སུ་འདུལ་བ་ཆ་ཚང་བ་ཞིག་ལ་ཞིབ་འཇུག་བྱེད་སྐབས་སྐད་ཡིག་འདི་བོད་སྐད་ཡིག་གཅིག་པོ་ལ་མ་གཏོགས་མེད་པའི་གནས་སྟངས་ཆགས་ཀྱི་ཡོད། དེར་བརྟེན་བོད་ཀྱི་སྐད་ཡིག་གི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་དགོས་གལ་ཆེན་པོ་རེད་ལ། འབྲེལ་ཡོད་རིན་པོ་ཆེ་མཆོག་དང་གྲྭ་ཚང་གི་འབྲེལ་ཡོད་ཚང་མས་འགན་ཁུར་བཞེས་ཐུབ་དགོས་གལ་ཆེ། ཞེས་སོགས་གསུངས་སོང་།

དབུ་འབྱེད་མཛད་སྒོར་བཞུགས་པའི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས། ༢༠༢༤།༡༡།༠༤ བོད་མིའི་རང་དབང་གི་པར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཐུབ་མཆོག་དགའ་ཚལ་གླིང་དགོན་འདི་ཕྱི་ལོ་ ༡༩༥༩ དང་ ༡༩༦༠ ཙམ་ལ་ས་གནས་མང་ཚོགས་ཀྱིས་འཛུགས་སྐྲུན་གནང་སྟེ། གུ་རུ་རིན་པོ་ཆེ་སྐུ་གོང་མ་མཆོག་ལ་དགོན་པ་ཕུལ་བ་ཞིག་རེད་འདུག་ཅིང་། ད་ཆ་གུ་རུ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འཛིན་སྐྱོང་གནང་བཞིན་པ་རེད། ཐུབ་མཆོག་དགའ་ཚལ་གླིང་གི་ཡན་ལག་ཏུ་ཤེས་ཡོན་བསྟི་གནས་གུ་རུ་བསྟན་པའི་སྒྲོན་མེ་སློབ་གྲྭ་ཟུར་འཛུགས་བསྐྱངས་འདུག་པ་དེས་སྤྱི་ཚོགས་ལ་ཕན་རླབས་རྒྱ་ཆེ་འགྲོ་ཡི་ཡོད་པ་དེ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་བྱུང་། དྲ་རྒྱའི་ཐོག་ནས་ཐུབ་མཆོག་དགའ་ཚལ་གླིང་གི་ངོ་དེབ་ (Facebook) མཇལ་བའི་སྐབས་སུ། དེ་རིང་དབུ་འབྱེད་གནང་བའི་དགོན་པའི་འདུ་ཁང་གསར་བཞེངས་ཐོག ཉེ་འཁོར་གྱི་གྲོང་སྡེ་དང་ཚོགས་པ། ཕྲུ་གུ་མང་པོ་ཞིག་དང་བླངས་ཀྱི་སྒོ་ནས་ཕྱར་གྲུ་མཉམ་འདེགས་ཞུ་བཞིན་པ་མཐོང་བས། མོན་ཡུལ་འདིར་ད་དུང་ནང་པའི་བྱམས་བརྩེའི་རིག་གཞུང་རྨང་མཐུག་པོ་ཞིག་ཡོད་པ་ཚོར་གྱི་འདུག འདུ་ཁང་འདིའི་རྨང་རྡོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཇོག་གནང་མཛད་འདུག་པས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བ་སྨོས་མ་དགོས་ཤིང་། བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་ཡི་ཡོད། མེ་རག་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་རྒྱལ་སྲིད་སྐྱོང་མཁན་དང་། སྤྲུལ་པའི་རིགས་རྒྱུད། བོད་བཙན་པོའི་གདུང་རྒྱུད་སོགས་སྤྲུལ་པའི་རོལ་གར་སྣ་ཚོགས་ཤིག་བཞེས་འདུག་ཅིང་། མེ་རག་བླ་མ་སྐུ་ཕྲེང་དྲུག་པ་ནི་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གཅུང་པོར་འཁྲུངས་ཡོད་ལ། སྐུ་ཕྲེང་བཅུ་པ་༧གོང་ས་བཅུ་པའི་སྐུ་ཚབ་ཏུ་མཛངས་ཏེ་མོན་དང་འབྲུག་གི་ས་མཚམས་སུ་ཆིབས་བསྒྱུར་གནང་བ་སོགས་ཀྱི་་རྣམ་ཐར་མང་པོ་ཡོད། མེ་རག་བླ་མ་སྐུ་ཕྲེང་བཅུ་གཉིས་པ་༧སྐྱབས་རྗེ་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་ཀྱང་བཞུགས་སྒར་མཚན་ཉིད་གྲ་ཚང་ནས་ལོ་ངོ་བཅུ་ཕྲག་གཅིག་དང་ཕྱེད་ཀ་ཙམ་ལ་སློབ་གཉེར་མཛད་དེ། འབྲས་སྤུངས་སྒོ་མང་དུ་དགེ་བཤེས་ལྷ་རམས་པ་དང་། རྒྱུད་སྨད་དུ་སྔགས་རིམ་པའི་དམ་འཇོག་མཛད་པ་མ་ཟད་སྨད་རྒྱུད་པའི་དགེ་བསྐོས་བཞེངས་ཤིང་། བཞུགས་སྒར་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལོ་མང་སྲི་ཞུ་ཧུར་བསྐྱེད་བསྒྲུབས་གནང་ཡོད་པས་མཚོན། བསྟན་འགྲོའི་མཛད་འཕྲིན་སྤྱི་དང་། ཡང་སྒོས་མོན་ཡུལ་དུ་ཆོས་དང་རིག་གཞུང་། ཤེས་ཡོན། སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གཟེངས་ཐོན་གནང་བར་རྒྱ་གར་དབུས་གཞུང་ནས་ངོས་འཛིན་ཆེ་བསྟོད་ཀྱི་པད་མ་ཤྲིའི་གཟེངས་རྟགས་འབུལ་བཞེས་མཛད་པ་སོགས་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པར་རྗེས་སུ་ཡི་རང་ཞུ། ཞེས་སོགས་གསུངས་སོང་།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། དེ་རིང་འབུམ་སྡེ་ལ་རུ་དགོན་ཐུབ་མཆོག་དགའ་ཚལ་གྲྭ་ཚང་གི་གཙུག་ལག་ཁང་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དངོས་སུ་ཆིབས་བསྒྱུར་བསྐྱངས་པ་ནི་སྐལ་བ་བཟང་པོ་ཞིག་ཡིན་པ་མ་ཟད། ལོ་ངོ་གཉིས་ཀྱི་གོང་ལ་བསྟན་འཛིན་སྒང་དུ་ཡོད་པའི་བོད་པའི་སློབ་གྲྭའི་ལས་རིམ་ཞིག་གི་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་མཇལ་ཁ་ཞུ་བའི་གོ་སྐབས་བྱུང་། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བོད་དང་རྒྱ་གར་གཉིས་ཀྱི་དབར་ལ་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་ལ། དམིགས་བསལ་གྱིས་དེ་སྔ་རྒྱ་གར་ནང་ཡོད་པའི་ན་ལེནྜའི་ཆོས་ལུགས་ཉམས་རྒུད་དུ་ཕྱིན་ནས་བོད་ནང་དུ་ན་ལེནྜའི་་ནང་བསྟན་དར་ཁྱབ་བྱུང་ཡོད་ལ། རིམ་གྱིས་རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་དང་ཨ་རུ་ན་ཅལ་སོགས་ལ་བོད་བརྒྱུད་ནང་བསྟན་ཁྱབ་མགོ་བཙུགས་པ་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་མང་པོའི་ནང་དུ་ནང་ཆོས་དར་ཁྱབ་ཕྱིན་ཡོད་པར་བརྟེན། ང་ཚོ་ཚང་མར་འཕགས་བོད་གཉིས་ཀྱི་ཆོས་ལུགས་ཀྱི་འབྲེལ་ལམ་གཙོས་པའི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་འགན་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཐེར་འདོན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་བ་བཞིན་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་མཁན་ཡོངས་དང་དམིགས་བསལ་གྱིས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ནང་ཆོས་སློབ་གཉེར་བྱེད་མཁན་རྣམས་ཀྱིས་ནང་ཆོས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ད་ལྟའི་ཆར་སེ་ར་དང་འབྲས་སྤུངས་སོགས་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་ཡོད་པའི་གྲྭ་བཙུན་མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་ནས་རེད་འདུག མ་འོངས་པར་བོད་ཀྱི་ནང་ཆོས་འདི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་ཁོ་ནས་ཉམས་ལེན་བྱེད་ཀྱི་ཡོད་པ་ཙམ་མིན་པར་མང་ཚོགས་ནང་དུའང་ཁྱབ་སྤེལ་བྱ་དགོས་གལ་ཆེ་བ་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་སློབ་གཉེར་དང་། ནང་ཆོས་ཀྱི་ནང་དོན་གཏིང་ཟབ་པོ་དང་ཁ་གསལ་པོའི་ཐོག་ནས་ཤེས་རྟོགས་ཐུབ་པར་བོད་ཀྱི་སྐད་ཡིག་ངེས་པར་དུ་ཤེས་དགོས་གལ་ཆེ་བར་བརྟེན། ཉེ་ལམ་མོན་ཡུལ་དུ་ཡོད་པའི་གཞུང་གི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་བྱེད་མགོ་བཙུགས་ཡོད་ལ། ད་ལྟའི་ཆར་མོན་ཡུལ་གྱི་ན་གཞོན་ཕོ་མོ་ཡོངས་ཀྱིས་བོད་ཀྱི་སྐད་ཡིག་ཀློག་ཤེས་ཀྱི་ཡོད་སྐོར་སོགས་གསུངས་ཡོད་འདུག

དགའ་ལྡན་ཁྲི་ཐོག་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་བསྟན་དང་བསྟན་པའི་ཞིང་ས་བཞེངས་ཐུབ་པར་དགའ་པོ་བྱུང་། བསྟན་པའི་ཞིང་ས་བཞེངས་དགོས་དོན་ནི། དགེ་འདུན་པ་རྣམ་པ་གཙོས་མི་མང་ཚང་མས་སྐྱེ་བ་འདི་དང་ཕྱི་མའི་ལེགས་ཚོགས་བསྐྲུན་པར་བྱེད་པའི་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། སློབ་སྦྱོང་བྱེད་པར་གལ་ཆེ་ཤོས་ནི་འཕྲོད་བསྟེན་ཡག་པོ་དགོས། གཟུགས་པོའི་འཕྲོད་བསྟེན་ཡག་པོ་བྱུང་ན་དོན་དག་ག་རེ་ཡིན་ཡང་བསྒྲུབ་ཐུབ། གཟུགས་པོ་བདེ་ཐང་ཡིན་དུས་ལུས་འདི་འཕྲོ་བརླག་ཏུ་མ་ཕྱིན་པ་བྱ་དགོས། ང་ཚོའི་སྨོན་ལམ་ནང་ཡོད་པ་ནང་བཞིན་དལ་འབྱོར་གྱི་ལུས་འདི་དོན་དང་ལྡན་པ་ཞིག་བྱ་རྒྱུ་གལ་ཆེ་ཤོས་རེད། དོན་དང་ལྡན་པ་ཡོང་བར་བླང་དོར་ཉམས་སུ་བླང་དགོས། དུས་རྒྱུན་དུ་ནས་སློབ་གཉེར་གནང་རྒྱུ་དང་དམིགས་བསལ་༧གོང་ས་མཆོག་ནས་བསྩལ་བའི་བཀའ་སློབ་རིམ་པ་རྣམས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་རེད། དེ་ཚོ་ཀློག་པ་དང་འཆད་པ། ཤེས་པ་ཙམ་མིན་པར་ལག་ལེན་བསྟར་ནས་མི་ཚེ་དོན་དང་ལྡན་པ་ཡོང་བ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་སློབ་བསྩལ་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese