མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཉམས་ཞིབ་དཔེ་དེབ་བཞི་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་མཐུན་འགྱུར་འོག་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཉམས་ཞིབ་དང་བསྡུ་སྒྲིག་བྱས་པའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་དཔེ་དེབ་བཞི་དབུ་འབྱེད་གནང་སྟེ་རིན་མེད་འགྲེམས་སྤེལ་བྱེད་མགོ་བརྩམས་སོང་།

ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ཉམས་ཞིབ་ཀྱི་དཔེ་དེབ་བཞི་དབུ་འབྱེད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༥།༡༡།༢༠༢༤

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་མཐུན་འགྱུར་འོག གཞོན་སྐྱེས་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཉམས་ཞིབ་དང་བསྡུ་སྒྲིག་བྱས་པའི་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་དཔེ་ཕྲེང་བཞིའི་བདག་ཉིད་ཅན་ཞིག་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་བཅས་ནས་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་གི་དབུས་པའི་བོད་ཀྱི་ལོ་རྒྱུས་མཁས་དབང་དང་ཉམས་ཞིབ་པ། གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་ཚོགས་མི་འགན་འཛིན་དང་མི་མང་བཅས་འཛོམས་འདུག

ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས། ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཉམས་ཞིབ་བྱས་ཏེ་བསྡུ་སྒྲིག་བྱས་པའི་དཔེ་དེབ་བཞིའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་སྐབས། ཐུགས་བསྐྱེད་དམ་བཅའ་བཞི་ནི། གཅིག་༧མགོན་པོ་གང་ཉིད་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་བདེ་དོན་ཆེད་བསྐྱངས་པའི་མཛད་པ་དང་། གཉིས་པ་ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་ཐད་བསྐྱངས་པའི་མཛད་པ། གསུམ་པ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་ཐོག་བསྐྱངས་པའི་མཛད་པ། དེ་བཞིན། རྒྱ་གར་གྱི་གནའ་བོའི་ལེགས་བྱང་བསྐྱར་གསོའི་མཛད་པ་བཅས་ཡིན་པ་ལས། ཐུགས་བསྐྱེད་དང་པོ་འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་པ་ག་དུས་ནས་བཞེས་ཡོད་མེད་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཕེབས་ཏེ་མིའི་བཟང་པོའི་ཡོན་ཏན་ཡར་རྒྱས་གཏོང་ཐབས་དང་མི་གཅིག་གྱུར་གྱི་འདུ་ཤེས་དང་འཛམ་གླིང་ཞི་བདེ་ཡོང་ཐབས་ཀྱི་དགོངས་པ་སོགས་ཀྱི་བྱུང་རིམ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འཇིག་རྟེན་མི་ཆོས་སུ་གྲུབ་པའི་ཡ་རབས་བཟང་སྤྱོད་སོགས་གཞི་རྩར་བཞག་སྟེ་མཛད་འཕྲིན་བསྐྱངས་ཡོད་པ། དམ་བཅའ་གསུམ་པའི་སྐོར་ལ་ལོ་རྒྱུས་ཀྱི་འགྱུར་མཚམས་དང་འབྲེལ་ནས་སྔ་དུམ་དང་ཕྱི་དུམ་གཉིས་སུ་དབྱེ་ཡོད་པ་སོགས་མདོར་ན། ད་རེས་དཔེ་དེབ་འདི་དག་བརྒྱུད་མ་འོངས་པར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཞིབ་འཇུག་གནང་མཁན་ཚོར་ས་ཁྲ་ལྟ་བུ་ཆགས་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། གནའ་སྔ་མོ་ཡིན་ན་ཞིབ་འཇུག་བྱེད་པར་རྒྱུ་ཆ་མི་རག་པའི་དཀའ་ངལ་ཆེ་ནའང་། དེང་སྐབས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་བཀོལ་སྤྱོད་བྱེད་ཆོག་ཆོག་ཡོད་པས་ཞིབ་འཇུག་གནང་རྒྱུ་གལ་ཆེན་ཡིན་པ་དང་། ༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བོད་དུ་སྤྱི་ཚོགས་ལམ་ལུགས་དུས་བསྟུན་གོམ་པ་རིམ་བགྲོད་ལེགས་བཅོས་བྱ་ཕྱོགས་ཀྱི་མཛད་པ་དང་། བཙན་བྱོལ་དུ་མ་འོངས་བོད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཕྱི་ལོ་ ༢༠༠༢ ལོར་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་བར་འདེམས་ཆོག་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ལ་ཕུལ་བ་སོགས་ཀྱི་མཛད་འཕྲིན་གླེང་སློང་དང་འབྲེལ། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྟེང་༧གོང་ས་མཆོག་གིས་བཀའ་ཡིག་ཕེབས་པའི་ནང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་དོན་དངོས་ཐོག་བདེན་པ་ལ་རྒྱབ་སྐྱོར་བྱེད་པ་ཆགས་ཡོད་སྐོར་གྱི་བཀའ་སློབ་སྩལ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་ལ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས། དེང་སང་མི་རྣམས་ཕྱིའི་དངོས་པོའི་ཡར་རྒྱས་ཐོག་དོ་སྣང་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་མེད་པ་དང་ཁོར་ཡུག་ལ་འབག་རྩོག་ཤོར་བ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་ཀྱིན་ཡོད་སྟབས། ཛ་དྲག་གི་དཀའ་ངལ་དེ་དག་སེལ་བར་ལོ་མང་པོའི་གོང་ནས་༧གོང་ས་མཆོག་གིས་ཕྱི་རྒྱལ་གྱི་ཚན་རིག་པ་དང་གནད་ཡོད་མི་སྣར་བགྲོ་གླེང་མཛད་ཡོད་ཅིང་། དགེ་བཤེས་ལགས་དང་ཕྱག་རོགས་དམ་པ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས།  དགེ་བཤེས་བློ་བཟང་བསྟན་འཛིན་ལགས་བཅས་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་སློབ་ཚན་གསར་རྩོམ་གནང་བ་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese