མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཚེ་རིང་ལགས་སུ་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་བོད་མི་མཚོ་སྔོན་ཚེ་རིང་ལགས་སུ་སྒེར་གྱི་འཁོན་སེམས་བཅིངས་ཏེ་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་གཞོན་ནུ་མཚོ་སྔོན་ཚེ་རིང་ལགས། ༢༠༢༤།༡༠།༡༥ ཚེ་རིང་ལགས་ཀྱི་བརྙན་ངོས་པར་བཤུས།

དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་གཞོན་ནུ་མཚོ་སྔོན་ཚེ་རིང་ལགས་སུ། སྒེར་གྱི་འཁོན་སེམས་འཁུར་ཏེ་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་གྱོད་དོན་གྱི་ངོ་བོ་བསྒྱུར་ཏེ་སྒེར་གྱི་འཁོན་སེམས་འཁུར་ཡོང་ནས་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག དང་ཐོག་ཚེ་རིང་ལགས་ལ་ཉུང་མཐར་ལོ་གཅིག་དང་ཕྱེ་ཀ་ལྷག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། ཁོང་ལ་ཁྲིམས་འགལ་ནག་ཉེས་གང་ཡང་མེད་པར་བརྟེན་ཟླ་ ༨ ཀྱི་ཁྲིམས་ཐག་བཅད་ཡོད་ཀྱང་། མུ་མཐུད་ནས་དོ་བདག་དང་ཁྱིམ་མིའི་རྣམ་འགྱུར་ལ་བལྟ་དགོས་པ་ལས་མཐའ་མའི་ཐག་གཅོད་མིན་ལུགས་ཀྱང་བརྗོད་ཡོད་འདུག

ཚེ་རིང་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཆེད་གོང་རིམ་ལ་ཞུ་གཏུག་བྱས་པ་དང་ཉེས་མེད་རུབ་བརྡུང་བཏང་བར་ས་གནས་མི་མང་གིས་གདུང་སེམས་མཉམ་སྐྱེད་དང་རྡོག་རྩ་གཅིག་སྒྲིལ་བྱེད་ཀྱི་ཡོད་པར་བརྟེན། ཁྲིམས་ཁང་གིས་མི་མང་ལ་གནོན་ཤུགས་སྤྲོད་ཐབས་ལྟ་བུ་བྱས་ཏེ། ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ཁྲིམས་ར་བསྡུ་རྒྱུ་ཡིན། ཁྲིམས་རའི་ཟུར་ཉན་དུ་ཡོང་འདོད་ཡོད་མཁན་ཚོས་ཉིན་གཉིས་གསུམ་གྱི་གོང་ནས་སོ་སོའི་ཐོབ་ཐང་དཔང་ཡིག་གོང་རིམ་ལ་སྤྲོད་དགོས་སྐོར་གྱི་གསལ་བརྡ་བཏང་ཡོད་སྟབས། མི་བཅུ་གྲངས་ཤིག་མ་གཏོགས་མང་པོ་ཞིག་གིས་ཐོབ་ཐང་དཔང་ཡིག་ཡར་སྤྲོད་པར་འཛེམས་དགོས་བྱུང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། མཚོ་སྔོན་ཚེ་རིང་ལགས་ཀྱི་ཞུ་གཏུག་གི་གནས་ཚུལ་སྤྱི་ཚོགས་ཐོག་ཁྱབ་རྒྱ་ཆེན་པོ་ཕྱིན་པར་བརྟེན། ད་ལྟ་ཁྱུང་མཆུ་རྫོང་སྲིད་གཞུང་གིས་ཚ་རུ་མ་ཡུལ་ཚོ་གཙོ་བོར་གྱུར་བའི་ཁྱུང་མཆུ་རྫོང་གི་སེར་སྐྱ་མང་ཚོགས་ཀྱི་འགྲོ་འདུག་ལ་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ཟླ་ ༡༡ པའི་ནང་ནས་བཟུང་རྫོང་ཡོངས་ནང་ཤིང་རྐང་གཅིག་ཀྱང་གཅོད་གཏུབ་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་སྐོར་བརྗོད་བྱུང་།

འདས་ལོར་མཚོ་སྔོན་ཚེ་རིང་ལགས་ཀྱིས་ཨན་ཧེ་འཛུགས་སྐྲུན་ཚད་ཡོད་ཚོང་གཉེར་ཁང་ (安徽先河建筑工程又很公司) གིས་ཚ་རུ་མའི་རྡང་ཆུ་གཙང་པོའི་ཆུ་གཞུང་ནས་བྱེ་མ་འབོར་ཆེན་དབོར་འདྲེན་བྱས་ཏེ་གཙང་བོར་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པའི་གནད་དོན་གོང་རིམ་ལ་ཡར་ཞུ་བྱས་པར་བརྟེན། ཚོང་གཉེར་ཁང་དེའི་གནད་ཡོད་མི་སྣས་ལས་མི་ཁག་ཅིག་འཁྲིད་ཡོང་ནས་ཚེ་རིང་ལགས་ལ་རུབ་རྡུང་བརྒྱབ་ནས་རྨས་སྐྱོན་བཟོས་ཡོད་པ་རེད། འོན་ཀྱང་། ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་རྡང་ཆུ་གཙང་བོར་གནོད་སྐྱོན་ཚབས་ཆེན་ཐེབས་པའི་གྱོད་དོན་གྱི་རྩ་བ་བཞག་སྟེ་མི་སྒེར་གྱི་འཁོན་སེམས་འཁུར་ནས་སྤྱི་ཚོགས་ལ་རྙོག་ཟིང་བསླངས་ཡོད་ཚུལ་གྱི་ནག་ཉེས་གཡོགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་མཚོ་སྔོན་ཚེ་རིང་ལགས་ཀྱིས། སྒེར་གྱི་མགྱོགས་འཕྲིན་ (Kuaishou) སྟེང་སྐར་མ་ལྔ་མ་ཟིན་ཙམ་གྱི་གཏུག་བཤེར་བརྙན་ཐུང་ཞིག་སྤེལ་ཏེ། ཕྱི་ལོ ༢༠༢༣  ཟླ ༥ ནས་བཟུང་ཨན་ཧེའཛུགས་སྐྲུན་ཚད་ཡོད་ཚོང་ཉེར་ཁང་གིས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མ་ཡུལ་ཚོའི་གཞུང་ལམ་གསར་རྒྱག་སྐབས། ཁྲིམས་འགལ་གྱིས་ལམ་འགྲམ་རྡང་ཆུ་གཙང་པོའི་ཆུ་གཞུང་སྔོག་འདོན་བྱས་ཏེ་བྱེ་མ་འབོར་ཆེན་དབོར་འདྲེན་བྱས་རྐྱེན། གཙང་བོ་དང་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ས་གནས་མི་མང་དང་སྒོ་ཕྱུགས་སེམས་ཅན་གྱི་འཚོ་གནས་ལའང་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པ་བརྙན་ལམ་ནས་ཁ་གསལ་བརྗོད་འདུག

མཚོ་སྔོན་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༢༩ ཡིན་ཞིང་། ཕ་ཕུར་ཁོ་དང་མ་དབང་སྒྲོན་གཉིས་ཀྱི་བུ་གཅིག་པུ་དེ་ཡིན་ལ། ཕ་ཕུར་ཁོ་ནི་ལོ་ ༦༠ ཡས་མས་ཙམ་དང་མ་དབང་སྒྲོན་ནི་ལོ་ལྔ་བཅུའི་ནང་ཙམ་ཡིན།  མཚོ་སྔོན་ཚེ་རིང་ནི་དུས་རྒྱུན་སྤྱི་པའི་ལས་དོན་ཐོག་འགན་འཁུར་ཆེན་པོ་ལེན་མཁན་ཞིག་ཡིན་འདུག་ཀྱང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese