མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོད་སྣང་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པར་ལོ་ ༧ ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམངས་གཙོ་དོན་གཉེར་བའི་མཐུན་ཚོགས་ཀྱིས་བཙུགས་པའི་འོད་སྣང་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་ཟུར་པ་དོང་ཡུ་ཡུ་ལགས་ཀྱིས་གསང་ཉུལ་བྱས་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Dong Yuyu, a former editor of Guangming Daily sentences to jail on spy charges. photo :Reuters

དེ་རིང་རྒྱ་ནག་པེ་ཅིན་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ནང་རྒྱ་ནག་ཉེན་རྟོག་པས་པེ་ཅིན་ནས་གསང་བའི་བཙན་འཁྲིད་བྱས་པའི་འོད་སྣང་ཉིན་རེའི་ཚགས་པར་ཁང་(Guangming Daily) གི་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་དོང་ཡུ་ཡུ་ལགས་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གིས་གསང་ཉུལ་བའི་ལས་ཀ་བྱས་ཡོད་པའི་ནག་ཉེས་གཡོགས་འདུག

གནད་དོན་དེའི་ཐད་ཨེ་ཤ་ཡའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པ་(Committee to Protect Journalists) འཆར་འགོད་འགན་འཛིན་གསར་འགོད་པ་བྷེ་ལི་ཡི་(Beh Lih Yi) ལགས་ཀྱིས། ཕྱི་འབྲེལ་དཔོན་རིགས་དང་ཐུག་འཕྲད་བྱེད་པ་ནི་གསར་འགོད་པའི་ལས་ཀའི་ཆ་ཤས་ཤིག་ཡིན། རྫུན་དང་དྲང་བདེན་མིན་པའི་ཉེས་འཛུགས་བྱས་ཏེ་གསར་འགོད་པ་རྣམས་བཙོན་དུ་འཇུག་པ་ནི་དྲང་བདེན་ལ་རྡོག་རོལ་བཏང་བ་ཡིན་པས།  རྒྱ་ནག་ནང་གསར་འགོད་པ་རྣམས་ལ་རང་དབང་དང་བདེ་འཇགས་ངང་ལས་དོན་སྒྲུབ་པའི་གོ་སྐབས་སྤྲད་དགོས། ཞེས་བརྗོད་འདུག

སྐུ་ཞབས་དོང་ཡུ་ཡུ་ལགས་ཀྱི་ནང་མིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ལན་ཁྲིམས་མཐུན་མིན་པའི་ཐག་གཅོད་དེ་ནི་སྐུ་ཞབས་དོང་ཡུ་ཡུ་དང་ནང་མི་གཅིག་པུ་མིན་པར། དེ་ནི་རང་དབང་གི་བསམ་བློ་ཡོད་པའི་གསར་འགོད་པ་དང་འཛམ་གླིང་མཛའ་མཐུན་འདོད་པའི་རྒྱ་རིགས་དཀྱུས་མ་ཚོར་དྲང་བདེན་མིན་པའི་ཐག་གཅོད་ཅིག་རེད། ཅེས་བརྗོད་འདུག་ལ། ཁོང་གི་ནང་མི་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་གིས་ཁོང་ཉིད་ཀློད་གྲོལ་གཏང་དགོས་པའི་དགོས་འདུན་བཏོན་འདུག

སྐུ་ཞབས་དོང་ཡུ་ཡུ་ལགས་ཀྱིས་རྒྱུན་དུ་གསར་འགོད་པ་དང་ཕྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོགས་ཆུང་ཁག་ལ་ཐུག་འཕྲད་མང་པོ་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ཟླ ༢ ནང་པེ་ཅིན་གྱི་དགུན་དུས་པོ་ལིམ་ཕིག་གི་རྩེད་འགྲན་ཚར་བའི་ཕྱི་ཉིན་དེར། རྒྱལ་ས་པེ་ཅིན་དུ་ཉི་ཧོང་གི་སྐུ་ཚབ་ཚོགས་ཆུང་ཞིག་དང་ཐུག་འཕྲད་ཀྱིས་གུང་ཟས་ལ་རོལ་བཞིན་པའི་སྐབས་སུ་གློ་བུར་དུ་ཉེན་རྟོག་པས་ཚང་མ་བཙན་འཁྲིད་བྱས་འདུག་ལ། ཁོང་ལ་ཁྲིམས་ཐག་གཅོད་སྐབས་ཀྱང་ཉེན་རྟོག་པས་དམ་དྲག་ཆེན་པོས་གསར་འགོད་པ་དང་ཟུར་ཉན་པ་སོགས་ཁྲིམས་ཁང་དུ་བཅར་བཅུག་མེད་པའི་གནས་ཚུལ་ཐོན་ཡོད་པའི་ཁར། འདས་ལོའི་ཕྱི་ཟླ་ ༧ པ་ནས་ཁོང་ལ་ཁྲིམས་བཤེར་རིགས་ཚང་མ་ཚར་ཡོད་ནའང་། ད་བར་ཁྲིམས་ཐག་མ་བཅད་པར་བཞག་ཡོད་པ་རེད།

འོད་སྣང་ཉིན་རེའི་ཚགས་པར་ཁང་ནི་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམངས་གཙོ་དོན་གཉེར་བའི་མཐུན་ཚོགས་ཀྱིས་གཞུང་འབྲེལ་ཐོག་གསར་འཛུགས་བྱས་ཏེ། ཕྱི་ལོ་ ༡༩༨༢ ལོ་ནས་བཟུང་རྒྱ་ནག་དམར་གཞུང་གིས་འཛིན་སྐྱོང་བྱས་ཏེ་རིག་གསར་སྐབས་སུ་ཚགས་པར་ཁང་ཆེན་པོ་གསུམ་གྱི་ནང་ནས་གཅིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༧༦ ལོར་དམར་ཤོག་ཚོགས་པའི་ཆབ་སྲིད་འཐབ་རྩོད་ཁྲོད་དུ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཧྭ་གོ་ཧྥུང་དང་མི་བཞི་ཤོག་ཁག་བར། དེ་བཞིན་ཕྱི་ལོ་ ༡༩༧༨ ལོར་ཧྭ་གོ་ཧྥུང་དང་ཏུན་ཞོ་ཕིན་བར་གྱི་འཐབ་རྩོད་ཁྲོད་ཚགས་པར་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག

ད་ལྟ་རང་ལོ་ ༦༢ ཡིན་པའི་སྐུབས་ཞབས་དོང་ཡུ་ཡུ་ལགས་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་ཧྥུ་ཧྲན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་པེ་ཅིན་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་ཆེན་(Peking University Law School) ནས་སློབ་མཐར་ཕྱིན། ཁོང་ཕྱི་ལོ་ ༡༩༨༧ ལོ་ནས་རྒྱ་ནག་འོད་སྣང་ཉིན་རེའི་ཚགས་པར་ཁང་དུ་ཞུགས། ཕྱི་ལོ ༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེའི་སློབ་ཕྲུག་ཡར་ལང་གི་ལས་འགུལ་ཁྲོད་དུའང་ཁོང་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese