མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུགས་དང་རིག་གཞུང་གི་གོ་ནོར་ལས་བྱུང་བའི་འཇིགས་སྣང་ཚོད་འཛིན་མ་བྱས་ན་ཕྱོགས་ལྷུང་དང་ཐ་ན་འཚེ་བའི་ལས་སུ་འགྱུར་སྲིད།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་ཆེས་ལེགས་པ་ཞིག་ལ་སེམས་ཅན་དང་ཁོར་ཡུག་ལ་ཆོས་ལུགས་མེད་ལ། རང་བྱུང་གོད་ཆག་གིས་རིགས་རུས་དང་ཆོས་ལུགས། རིག་གཞུང་བཅས་ལ་དབྱེ་འབྱེད་མི་བྱ་གསུངས།

His Eminence Kundeling Tatsang Rinpoche met with the Pope Francis during the Interfaith Conference at Vatican City. Tibettimes Photo 5/12/2024

ཕྱི་ཟླ་ ༡༡ ཚེས་ ༢༩ དང་ ༣༠ ཉིན་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་ཡེ་ཤུའི་ཆོས་ལུགས་ཀྱི་གྲོང་ཁྱེར་ཝ་ཊི་ཀན་དུ། རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་འཛམ་གླིང་གི་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་རྣམ་པ་གཙོ་བྱས་པའི་གནད་ཡོད་མི་སྣ་མང་པོ་འཛོམས་ཡོད་ལ། ལྷན་ཚོགས་དེའི་སྟེང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་མང་གྲྭ་ཚང་དུ་གནས་བཞུགས་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཀྱང་མཉམ་བཞུགས་མཛད་དེ། ཡེ་ཤུ་ཆོས་དཔོན་ཕོབ་མཆོག་གི་དབུས་པའི་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཁག་དང་མཇལ་འཕྲད་དང་བགྲོ་གླེང་མཛད་ཡོད།

སྐབས་དེའི་མཛད་སྒོའི་སྟེང་༧ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས། ཝེ་ཊི་ཀན་གྲོང་ཁྱེར་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཁ་ཐོ་ལི་ཀི་ཁོ་ན་མ་ཡིན་པར་འཛམ་གླིང་ཡོངས་ཀྱིས་དད་པ་དང་རེ་བའི་སྒྲོན་མེ་ལྟ་བུར་བརྩི་བཞིན་ཡོད། དེ་རིང་འདིར་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་མི་འདྲ་བ་སྣ་ཚོགས་ཀྱི་དབུ་ཁྲིད་དང་། བསམ་བློ་བ། ཉམས་ལེན་མཁན་བཅས་འཛོམས་ཡོད། གནས་སྐབས་འདིས་ང་ཚོས་དབྱེ་བ་ཕྱེ་རྒྱུའི་ཚབ་ཏུ་གྲོས་མོལ་བྱས་པ་དང་། ཁ་བྲལ་དུ་གནས་རྒྱུའི་ཚབ་ཏུ་མཉམ་གནས་བྱེད་པའི་སྐབས་སུ་ང་ཚོས་གང་ཞིག་སྒྲུབ་ཐུབ་པ་དེ་མཚོན་གྱི་ཡོད། ང་ཚོས་མཉམ་དུ་གོ་སྐབས་འདི་སྤྱད་ནས་ཕན་ཚུན་གྱི་འབྲེལ་ལམ་དང་བསམ་བློ་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ང་ཚོས་ཞི་བདེ་དང་སྙིང་རྗེའི་དམ་བཅའ་གསར་པ་ཞིག་བསྐྱེད་དགོས།

ང་ཚོ་འཚོ་གནས་བྱེད་པའི་འཇིག་རྟེན་འདི་ནི་རིག་གཞུང་དང་། སྲོལ་རྒྱུན། ཡིད་ཆེས་སྣ་ཚོགས་ལས་གྲུབ་པའི་མཛེས་སྡུག་ལྡན་པའི་ཚོན་རིས་ཤིག་ཡིན། འོན་ཀྱང་། ང་ཚོས་རྒྱུན་དུ་དབྱེ་བ་དང་། འགལ་ཟླ། གོ་ནོར་སོགས་ཀྱིས་མཐོང་གི་ཡོད་པ་ངོས་ལེན་བྱེད་དགོས། ང་ཚོའི་དུས་སྐབས་ཀྱི་ཁྱད་མཚར་ས་ནི། ང་ཚོའི་འཇིག་རྟེན་འདི་འཕྲུལ་རིག་གི་ཐོག་ནས་ད་སྔ་བར་བྱུང་མྱོང་མེད་པའི་འབྲེལ་མཐུད་བྱུང་ཡོད་ནའང་། ང་ཚོ་མིའི་གནས་བབ་ཐོག་ནས་རྒྱུན་དུ་ཁ་བྲལ་དུ་གནས་ཡོད། ཆོས་ལུགས་དང་རིག་གཞུང་གི་གོ་ནོར་ལས་བྱུང་བའི་འཇིགས་སྣང་ནི། ཚོད་འཛིན་མ་བྱས་ན་ཕྱོགས་ལྷུང་དང་ཐ་ན་འཚེ་བའི་ལས་སུ་འགྱུར་སྲིད།

དེ་རིང་འདིར་འཛོམས་པའི་ཆོས་ལུགས་ཚང་མས་སྙིང་རྗེ་དང་། ཞི་བདེ། གཞན་ཕན་གྱི་བསམ་པ་བཅས་ཀྱི་རིན་ཐང་གཅེས་འཛིན་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་ཐུན་མོང་གི་བདེ་དོན་གྱི་ཕྱོགས་སུ་ལམ་སྟོན་བྱེད་ཀྱི་ཡོད། དེ་དག་ཕན་ཚུན་འགལ་ཟླ་མིན་པར་བཟོ་བཀོད་གཅིག་གི་ཐགས་སྐུད་ཡིན། ངས་ནང་པ་སངས་རྒྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་།  ཆོས་ལུགས་གཞན་རྣམས་ལ་ཡང་བརྩི་བཀུར་ཆེན་པོ་ཡོད། གང་ཡིན་ཞེ་ན། ཆོས་ལུགས་དེ་དག་གིས་དུས་རབས་མང་པོར་འཛམ་གླིང་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པ་ལྟར། ཆོས་ལུགས་དང་དད་པ་ནི་སྨན་དང་འདྲ། སྨན་གཅིག་གིས་ནད་ཚང་མ་མི་གསོ་བས། དེ་བཞིན་ཆོས་ལུགས་གཅིག་གིས་མིའི་བསམ་བློར་ཡོད་པའི་ནད་ཚང་མ་མི་གསོ། འོན་ཀྱང་ང་ཚོ་མཉམ་རུབ་ཀྱིས་ནད་གསོ་བྱེད་ཐུབ།

གྲོས་མོལ་ནི་འགོ་འཛུགས་ས་གལ་ཆེན་ཞིག་ཡིན་ཡང་གྲོས་མོལ་ཁོ་ནས་མི་འགྲིག ང་ཚོ་སྐད་ཆ་ལས་བརྒལ་ནས་འཛམ་གླིང་ནང་ལག་ལེན་བསྟར་ཐུབ་དགོས། ང་ཚོས་འཛམ་གླིང་གི་དཀའ་ངལ་ལ་གདོང་ལེན་བྱས་པའི་དཔེ་མཚོན་མང་པོ་མཐོང་ཡོད་པ་སྟེ། རང་བྱུང་གོད་ཆག་ལ་གདོང་ལེན་བྱེད་པའི་སྐབས་སུ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱིས་རོགས་སྐྱོར་བྱེད་པའམ། ཞེ་སྡང་དང་དྲག་སྤྱོད་ཀྱི་ཁ་གཏད་དུ་ང་ཚོ་མཉམ་དུ་ལངས་ནས་འགོག་རྒོལ་བྱེད་པ་སོགས་ཀྱིས་ང་ཚོ་རྡོ་རྩ་གཅིག་ཏུ་བསྒྲིལ་ནས་མཉམ་ལས་བྱེད་སྐབས་བྱ་བ་གང་ཞིག་ཡིན་ཡང་བསྒྲུབ་ཐུབ་པ་དྲན་སྐུལ་བྱེད་བཞིན་ཡོད།

དེ་བཞིན། ངས་ད་ལྟ་མི་རིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་ངག་མེད་ཀྱི་སེམས་ཅན་རྣམས་བྱམས་སྙིང་རྗེས་སྐྱོང་དགོས་པའི་གནད་འགོག་ཅིག་མཐོང་གི་འདུག ཆེས་ལེགས་པ་ཞིག་ལ་སེམས་ཅན་དང་ཁོར་ཡུག་ལ་ཆོས་ལུགས་མེད་ལ། རང་བྱུང་གོད་ཆག་གིས་རིགས་རུས་དང་ཆོས་ལུགས། རིག་གཞུང་བཅས་ལ་དབུ་འབྱེད་མི་བྱ། ང་ཚོས་མ་འོངས་པར་ལྟ་སྐབས། རང་ཉིད་གཞོན་སྐྱེས་ཞིག་ཡིན་པའི་ཁུལ་དུ་བྱས་ན། དེ་རིང་གི་གཞོན་སྐྱེས་ནི་སང་ཉིན་གྱི་བདག་པོ་ཡིན་སྟབས། ང་ཚོས་གཞོན་སྐྱེས་རྣམས་ཀྱི་རྒྱུད་ལ་གྲོས་མོལ་དང་ཞི་བདེ། མི་གཅིག་གྱུར་གྱི་འདུ་ཤེས་ཇི་ལྟར་འཇོག་ཐུབ་བམ། ང་ཚོས་ཁོ་ཚོར་རིགས་རུས་ནི་ཉེན་ཁ་ཞིག་མ་ཡིན་པར་ལེགས་སྐྱེས་ཤིག་ཡིན་པ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་ཡོང་སྲིད་པ་ཙམ་མིན་པར་ངེས་པར་དུ་ཆོས་ལུགས་མཐུན་སྒྲིལ་དགོས་པ་རང་སྟེང་ནས་དཔེ་མཚོན་སོགས་ཀྱི་ལམ་ནས་མིག་དཔེ་སྟོན་དགོས་པ་ཡིན། ཞི་བདེ་ནི་དམག་འཁྲུག་གམ་འགལ་ཟླ་མེད་པ་ཙམ་མིན་པར་དྲང་བདེན་དང་འདྲ་མཉམ། ཕན་ཚུན་གུས་བརྩི་ཡོད་པ་ཞིག་ཡིན། དེ་ནི་གང་ཟག་སོ་སོའི་དད་མོས་དང་རིག་གཞུང་། ངོ་བོ་ལ་མ་ལྟོས་པར་གང་ཟག་རེ་རེ་ནས་ཆེ་མཐོང་དང་རང་དབང་ལྡན་པའི་ངང་འཚོ་གནས་ཐུབ་པའི་གནས་བབ་ཅིག་ཡིན། འདི་ནི་ང་ཚོ་དད་པ་ཅན་རྣམས་ཀྱིས་ངེས་པར་དུ་བསྐྲུན་དགོས་པའི་ཞི་བདེ་དེ་ཡིན།

His Eminence Kundeling Tatsang Rinpoche attended the Interfaith Conference at Vatican City. Tibettmes Photo 5/12/2024

དེ་རིང་ང་ཁྱེད་རྣམ་པའི་མདུན་དུ་ལངས་ནས་རེ་བས་ཁེངས་བསྡད་ཡོད། ཚོགས་འདུ་འདི་ནི་བསམ་བློའི་ཚོགས་འདུ་ཙམ་མ་ཡིན་པར་སེམས་ཀྱི་ཚོགས་འདུ་ཞིག་ཏུ་འགྱུར་ཡོད་པའི་རེ་བའང་ཡོད། ཚོགས་འདུ་འདིར་བྱུང་བའི་གླེང་མོལ་རྣམས་ཁོར་ཡུག་སྲུང་སྐྱོབ་དང་། སྨྲ་མེད་དུད་འགྲོ་ལ་བྱམས་བརྩེས་ལྟ་སྐྱོང་། གཞོན་སྐྱེས་ཚོར་ཞི་བདེ་དང་། གྲོས་མོལ། མི་གཅིག་གྱུར་གྱི་རིན་ཐང་བཅས་ལག་བསྟར་བྱེད་པའི་ནུས་པ་སྤྲོད་པའི་རྒྱུ་རུ་འགྱུར་བ་མ་ཟད། ཞེ་སྡང་དང་དྲང་བདེན་མིན་པར་གདོང་ལེན་བྱས་ཏེ། འཛམ་གླིང་ཞི་བདེ་དང་གོ་རྟོགས་སྤེལ་བའི་ལས་དོན་མང་པོར་ལས་འགུལ་སྤེལ་བའི་རེ་བ་ཡོད། ལས་དོན་འདི་དག་དང་འདྲ་བ་མང་པོ་ཞིག་གིས་ང་ཚོའི་སྤྱི་ཚོགས་དང་དེ་ལས་བརྒལ་བར་འགྱུར་བ་ཡག་པོ་ཞིག་གཏོང་བར་སྐུལ་མ་ཐེབས་ཡོང་ངེས་ཡིན།

ང་ཚོས་སྙིང་རྗེ་དང་། བཟོད་གསོལ། བྱམས་བརྩེའི་ཁས་ལེན་གསར་པ་ཞིག་འཁུར་ནས་ཚོགས་འདུ་འདི་མཇུག་སྒྲིལ་ཐུབ་པར་སྨོན། ང་ཚོས་ཞི་བདེའི་ཕོ་ཉ་ཞིག་གི་ངོ་བོར་ཁས་ལེན་བྱས་ནས་མཐུན་སྒྲིལ་གྱི་འོད་སྣང་འཛམ་གླིང་གི་གྲུ་ཟུར་ཚང་མར་ཁྱབ་པ་དང་། དུས་རྟག་ཏུ་དད་པ་ཆེ་ཤོས་ཀྱི་བྱ་བ་ནི་ཡིད་ཆེས་བྱེད་པ་ཙམ་མ་ཡིན་པར་བྱམས་བརྩེ་ཡིན་པ་དྲན་དགོས། ཞེས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. Asanga says:
    ལོ་ 1 སྔོན།

    In my opinion, the spirit of this meeting is to promote mutual understanding and unite our efforts to advance positive energy in the world. Therefore, the speeches of other participants should also be briefly introduced: otherwise, it may come across as somewhat one-sided. Tashi Delek!

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese