མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་སྲིད་དོན་ཉེས་ཆད་ལ་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་མཚམས་འཇོག་ངེས་པར་དུ་བྱེད་དགོས་པའི་སྐྱོན་བརྗོད་བྱས་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་ཀྱི་ཚོགས་མི་དང་འབྲེལ་ཡོད་མི་སྣ་ ༢༠ ལ་དཔལ་འབྱོར་གྱི་ཉེས་ཆད་དང་རྒྱ་ནག་ཏུ་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་བྱས་པར་བརྟེན། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་། ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པ་རྣམས་ཐེར་འདོན་གནང་བར་ཁྱེད་རྣམ་པའི་བློ་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱ་ནག་དམར་གཞུང་གིས་ཚོགས་སྡེ་དང་། མི་སྒེར་བཅས་ལ་དེ་འདྲའི་སྲིད་དོན་ཉེས་ཆད་བཀལ་བར་སྐྱོན་བརྗོད་ཤུགས་ཆེན་བྱ་རྒྱུ་མ་ཟད། རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་རྣམས་ལ་དེ་འདྲའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་ངེས་པར་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན། ཞེས་གསལ་འདུག

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་། ཐེངས་འདིའི་གནད་དོན་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་ཡོད་པར་ངོས་ལེན་བྱས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ཐོག་ཞེད་སྣང་བྱེད་བཞིན་པ་གསལ་སྟོན་བྱས་ཡོད་པས། ཁེ་ན་ཌ་བོད་དོན་ལྷན་ཚོགས་ལ་བསྔགས་བརྗོད་དང་། ཁེ་ན་ཌའི་གཞུང་གིས་བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་དགོས་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་མེ་སི་མཱེ་ལོ་ནི་ (James Maloney) ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རང་ཉིད་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པའི་ཐོག་ནས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཁེ་ན་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་མ་ཟད། རྒྱ་གཞུང་གིས་སྲིད་དོན་ཉེས་ཆད་བཀལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཁེ་ན་ཌའི་གཞུང་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གནད་དོན་དེ་དང་འབྲེལ་ནས་དོ་ཕོག་བྱུང་བའི་མི་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་ནག་གིས་དཔལ་འབྱོར་ཉེས་ཆད་བཅད་པའི་ཚོགས་མི་ ༢༠ ལས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༥ དང་ཁེ་ན་ཌའི་ནང་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པའི་ཚོགས་མི་ ༡༥ ཡོད་འདུག དེ་ཡང་། རྒྱ་ནག་གིས་ཉེས་ཆད་བཅད་པའི་ཚོགས་མི་ནི། ཁེ་ན་ཌའི་བོད་དོན་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་། ལྷ་ལུང་པ་བསམ་འཕེལ་རྡོ་རྗེ་ (Samphel Dorjee Lhalungpa)། དེ་བཞིན་ཚོགས་མི་གཞན་གསུམ་དང་། ཁེ་ན་ཌའི་ནང་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཱེ་མེ་ཊི་ (Mehmet Tohti) ལགས་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཨོ་ཊ་ཝ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སི་ཁོ་ཊི་ (Scott Simon) ལགས། སློབ་དཔོན་ཇོན་ (John Packer) ལགས། ཁྲིམས་རྩོད་པ་སཱ་རཱ་ (Sarah Teich) ལགས། ཁྲིམས་རྩོད་པ་ཌེ་ཝི་ཌི་ (David Matas) ལགས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མར་ཁ་སི་ (Marcus Kolga)། ཚོགས་པ་དེའི་སྲིད་ཇུས་སློབ་སྟོན་པ་ཆར་ལེ་སི་བྷར་ཊོན་ (Charles Burton) ལགས་དང་། ཁེ་ན་ཌའི་དཔལ་འབྱོར་ལྷན་ཁང་གི་བློན་ཆེན་གཞོན་པའི་ཕྱག་རོགས་ཇོན་སི་ཊོན་ (Margaret McCuaig-Johnston) ལགས་སོགས་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུག

༢༠༢༤/༠༢/༢༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
༧གོང་ས་མཆོག་གིས་ཧྤ་རན་སི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ། ༢༠༢༣།༤།༢༤ ཉིན། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༠༤/༢༤
CTA Sikyong Penpa Tsering at The Foreign Correspondents’ Club of South Asia, New Delhi, 2023 April 13.
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་འབེན་ཡོད་སྐོར་གསུངས།

༢༠༢༣/༠༤/༡༤
སྤྱི་འཐུས་གྲོས་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

བསྡུ་དངུལ་འབུལ་འབབ་ཕུལ་མེད་པའི་བོད་མིའི་སྡེ་ཚན་ཁག་ ༢༦ གིས་གང་མགྱོགས་འབུལ་འབབ་ཕུལ་དགོས།

༢༠༢༣/༠༣/༢༡
མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན།
Mobile App

བོད་མིའི་སྡེ་ཚན་ཁག་ ༢༦ ནས་བསྡུ་དངུལ་འབུལ་འབབ་ཁྱོན་སྒོར་ས་ཡ་ ༨༤,༡༠༢.༤༡༨་༠༦ ཕུལ་མི་འདུག

༢༠༢༣/༠༣/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese