མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་ནང་གི་ཆུ་གློག་ས་ཚིགས་གཉིས་ཡོངས་སུ་གཏོང་མགོ་ཚུགས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་གྱི་མར་སྟེང་ཆུ་གློག་ས་ཚིགས་དང་གཡང་འཁྱིལ་ཆུ་གློག་ས་ཚིགས་གཉིས་ཀྱི་གློག་འདོན་མགོ་བཙུགས་འདུག

རྒྱ་གཞུང་གིས་བོད་ནང་གི་ཆུ་གློག་ས་ཚིགས་གཉིས་ཡོངས་སུ་གཏོང་མགོ་ཚུགས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་གསར་རྒྱག་བྱས་ཡོད་པའི་མར་སྟེང་ཆུ་གློག་ས་ཚིགས་ཟེར་བ་དེ་དངོས་སུ་གཏོང་མགོ་བཙུགས་ཡོད་ཅིང་། ཆུ་གློག་ས་ཚིགས་དེའི་སྤྱིའི་གློག་འདོན་ཚད་གཞི་སྟོང་ཝ་ཊ་ཁྲི་ ༢༣༢ ཡིན་པ་དང་། ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་ཊ་དུང་ཕྱུར ༧༣།༠༤ ཡིན་འདུག ལོ་རེའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་ཊ་ ༤༠༠༠ ཡིན་པའི་ཁྱིམ་ཚང་ཁྲི་  ༡༨༢།༥ ལ་གློག་སྤྱོད་མཁོ་སྤྲོད་ཐུབ་པ། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་ ༢༢༠ གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་(Carbide Oxide)འབུད་ཚད་ཏུན་ཁྲི་ ༨༡༦ དང་དབྱང་གཉིས་མུ་ཟི་འགྱུར་རྫས་ (sulphur dioxide) ཕྱིར་འབུད་བྱེད་ཚད་ཏུན་ཁྲི ༣།༠༤ ཉུང་དུ་གཏོང་ཐུབ་སྐོར་བསྒྲགས་འདུག ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་བརྒྱུད་དུ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཡོངས་སུ་འགྲུབ་སྟེ། ཆུ་གློག་ས་ཚིགས་དེའི་ཤོངས་ཚད་ས་ཡ་ཝ་ཊ་ ༡༢༠༠ གློག་འདོན་མགོ་བཙུགས་འདུག

མར་སྟེང་ཆུ་གློག་ས་ཚིགས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ས་བབ་ཆེས་མཐོ་བའི་ཁུལ་གྱི་ཤོངས་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཤིག་ཡིན་པ་དང་། སྤྱིའི་རིང་ཚད་ལ་རྨིད་ ༢༤༢།༦  ཡོད་པ་དང་། ཞེང་ཚད་རྨིད་ ༢༩།༣། མཐོ་ཚད་ལ་རྨིད་༧༤།༨།  གཞི་རྒྱ་ཆེ་བའི་ས་འོག་གི་གློག་འདོན་བཟོ་ཁང་ཆེ་ཤོས་ཡིན་པ་མ་ཟད། ཆུ་གློག་ས་ཚིགས་དེར་ཁྱོན་འཕྲུལ་ཚན་ ༥ ཡོད་པ་ལས། སྔ་ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་འཕྲུལ་ཚན་གཅིག་ནས་གློག་གཏོང་མགོ་བཙུགས་ཡོད་ཅིང་།  ཕྱི་ཟླ་ ༦ དང་ ༩ བརའཕྲུལ་ཚན་གཉིས་ནས་གློག་བཏང་ཡོད་པ་དང་། ཕྱི་ཟླ་ ༡༢ པའི་ཟླ་མཇུག་བར་འཕྲུལ་ཚན་ཡོངས་ནས་གློག་བཏང་ཡོད་འདུག རྒྱ་ནག་གཞུང་གིས་ནུབ་གློག་ཤར་སྐྱེལ་ཟེར་བའི་ལས་གཞི་དང་། མཚོ་སྔོན་གྱི་གློག་ནི་རྒྱ་ནག་གི་ཧི་ནན་ཞིང་ཆེན་དུ་གཏོང་བའི་གློག་ཁུངས་གལ་གནད་ཅན་ཞིག་ཡིན་འདུག

དེ་བཞིན་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བཏུལ་ཐང་དུ། རྒྱ་ནག་གི་ཧི་ནན་ཞིང་ཆེན་ནང་ཐད་ཀར་གཏོང་བཞིན་པའི་གློག་གི་ཚད་རིམ་གཉིས་པའི་སྟོང་ཝཊ་ཁྲི་ ༡༠ ཅན་གྱི་འོད་དྲོད་ལས་གཞི་ཞིག་བཙུགས་ཡོད་པ་དེས།  མཚོ་སྔོན་གྱི་གློག་རྒྱ་ནག་ཧི་ནན་ཞིང་ཆེན་ནང་སྟོང་ཝཊ་ཁྲི་ ༣༤༠  ཕྱིར་གཏོང་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་མར་སྟེང་ཆུ་གློག་ས་ཚིགས་གསར་རྒྱག་བྱེད་སྐབས། ཁུལ་དེའི་ཁྱིམ་ཚང་བརྒྱ་ལྷག་ལ་དངུལ་འབོར་ཆེན་སྤྲད་ནས་གནས་སྤོར་བྱེད་བཅུག་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་བྱས་པ་ལ་བརྟེན་ནས་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཞི་པའི་སྐབས་ཀྱི་བཀའ་བརྒྱུད་པའི་དགོན་ཤུལ་ཞིག་དང་། ཨ་མ་མ་ལྕམ་ལྷ་མོ་ཞེས་པའི་གཞི་བདག་ཅིག དེ་བཞིན། རྭ་རྒྱའི་གདོད་མའི་ནགས་ཚལ་སོགས་ཆུའི་འོག་ཏུ་ནུབ་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་གཡང་འཁྱིལ་ཆུ་གློག་ས་ཚིགས་གསར་རྒྱག་བྱས་པའི་རྐྱེན་གྱིས། ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོར་བཏང་ཡོད་འདུག  ཆུ་གློག་ས་ཚིགས་འཛུགས་སྐྲུན་དང་འབྲེལ་ནས་ཉེ་འཁྲིས་ཀྱི་ཐང་ནག་སྟོད་སྨད་བར་གསུམ་གྱི་ཁྱིམ་ཚང་ ༡༠༨༥ ཡི་མི་གྲངས་ ༤༥༥༤ གནས་སྤོར་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༦ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese