མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༤ ནས་ ༢༠༢༤ བར་ལོ་ངོ་བཅུའི་རིང་རྒྱལ་སྤྱིའི་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་མཁན་རྒྱལ་ཁབ་ ༡༠ ནང་ནས་ཚབས་ཆེ་ཤོས་དེ་རྒྱ་ནག་རེད་འདུག

རང་དབང་ཁང་པས་རྒྱ་ནག་ནི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཆེས་ཚབས་ཤོས་དེར་ངོས་འཛིན་བྱས་འདུག

ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ (Freedom House)ཕྱི་ལོ་ ༢༠༡༤ ནས་ ༢༠༢༤ བར་ལོ་ངོ་བཅུའི་རིང་གི་དྲག་གནོན་དང་འབྲེལ་བའི་སྙན་ཐོ་ཁག་ལ་ཞིབ་འཇུག་བྱས་པ་བརྒྱུད། འཛམ་གླིང་རྒྱལ་ཁབ་ ༤༨ ཀྱིས་རྒྱལ་ཁབ་ ༡༠༣ ནང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་གནད་དོན་ ༡༢༡༩ བྱུང་ཡོད་པ་མ་ཟད། རྒྱ་ནག་ནི་དྲག་གནོན་བྱེད་མཁན་ཚབས་ཆེ་ཤོས་དེ་ཆགས་འདུག

འཛམ་གླིང་གི་རྒྱལ་ཁབ་ ༤༨ ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཐབས་ཇུས་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༡༤ ནས་ ༢༠༢༤ བར་རང་དབང་ཁང་པས་ཐོ་འགོད་བྱས་ཁོངས་སུ་བརྒྱ་ཆ་ ༨༠ ཙམ་གྱི་འགན་འཁྲི་དེ་རྒྱ་ནག་དང་ཨུ་རུ་སུ། ཊར་ཀི། ཨི་ཇིབ་སོགས་རྒྱལ་ཁབ་བཅུ་ལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་སོགས་ཀྱི་ནང་དྲག་གནོན་བྱས་པའི་གནད་དོན་ཁག་ ༢༧༢ ཐེར་འདོན་བྱས་འདུག་ལ། ཊར་ཀིའི་ནང་དྲག་གནོན་བྱས་པའི་གནད་དོན་ཁག་ ༡༥༧ དང་། ཏ་ཇི་ཀི་སི་ཐན་ (Tajikistan) གྱི་ནང་ ༩༢། ཨུ་རུ་སུའི་ནང་ ༨༦། ཨི་ཇིབ་ཀྱི་ནང་ ༥༧ བྱུང་བ་སོགས་རྒྱལ་ཁབ་དེ་དག་གི་གཞུང་གིས་ཀྱང་དྲག་གནོན་ཚབས་ཆེན་བྱས་ཡོད་པ་ཐེར་འདོན་གནང་འདུག

རྒྱལ་ཁབ་དེ་དག་གིས་མི་སྒེར་ཙམ་མིན་པར་ཚོགས་སྡེ་ཁག་ལའང་དམིགས་ཏེ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཨི་ཇིབ་དང་ཐའེ་ལན་ཌི་སོགས་སུ་ཡོད་པའི་ཡུ་གུར་བའི་ཚོགས་སྡེ་ཁག་ལ་དྲག་གནོན་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་མ་ཟད། གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་དང་ཚོགས་སྡེ་ཁག་ལའང་འཇིགས་སྐུལ་རིང་ལུགས་པ་དང་ཁྲིམས་འགལ་བའི་ཉེས་མིང་གཡོགས་ཡོད་པའི་གནད་དོན་གྱིས་བརྒྱ་ཆ་ ༤༦ ཟིན་ཡོད་སྐོར་བཀོད་འདུག

འདས་པའི་ལོ་བཅུའི་ནང་སྲིད་གཞུང་དང་སྲིད་གཞུང་བར་མཉམ་ལས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཁག་ ༧༨༠ ལག་བསྟར་བྱས་ཡོད་ཅིང་། མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་འབྲེལ་གྱིས་སྲིད་དབང་སྒེར་གཅོད་ཀྱི་བྱ་སྤྱོད་དེ་རྒྱལ་ཁབ་གཞན་ཁག་ཏུ་སྐྱབས་བཅོལ་གྱི་ངོ་བོའི་ཐོག་གནས་བཞིན་པའི་ལས་འགུལ་བ་རྣམས་ལ་དམིགས་བསལ་གྱིས་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། སྲིད་དབང་སྒེར་གཅོད་གཞུང་གིས་རྒྱལ་ཁབ་གཞན་གྱི་དཔོན་རིགས་རྣམས་ལ་ལྐོག་རྔན་སྤྲད་དེ་དཀྱིལ་ཤར་དང་། བྱང་ཨ་ཧྥི་རི་ཀ། ལྷོ་ཤར་ཨེ་ཤ་ཡ་ཁུལ་དུ་མི་སྣ་འཛིན་བཟུང་དང་ཕྱིར་རྩིས་སྤྲོད་བྱས་པ་བརྒྱུད་རྒྱལ་ཁབ་ནང་གི་དམངས་གཙོའི་གནས་བབ་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱི་ཡོད་པ་ཐེར་འདོན་གནང་འདུག་ལ། རྒྱལ་སྤྱིའི་ཐོག་འཛིན་བཟུང་བྱས་པའི་གནད་དོན་མང་པོ་བྱུང་ཡོད་པའི་ཁྲོད་བཙན་གནོན་འཛིན་བཟུང་བྱས་པའི་གནད་དོན་ ༥༠༣ དང་། ཕྱིར་རྩིས་སྤྲོད་བྱས་པའི་གནད་དོན་ ༢༤༡ ཙམ་བྱུང་ཡོད་འདུག

རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་གནད་དོན་ཁྲོད་བརྒྱ་ཆ་ ༦༤ ཁ་ཆེའི་ཡུལ་ལུང་དག་གི་ནང་བྱུང་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་དང་། འདུ་འཛོམས་ཀྱི་རང་དབང་སོགས་གཞི་རྩའི་རང་དབང་ལ་ཐེ་ཇུས་བྱས་ཏེ་དྲག་གནོན་བྱེད་ཀྱི་ཡོད་ལ། འགྲུལ་བཞུད་བྱེད་པར་ཉེན་ཁ་ཆེན་པོ་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ནས་ ༢༠༢༤ བར་འཛམ་གླིང་རྒྱལ་ཁབ་ ༢༦ གིས་བཙན་བྱོལ་དུ་ཡོད་པའི་གསར་འགོད་པར་དྲག་གནོན་བྱས་པའི་གནད་དོན་ ༡༢༤ བྱུང་ཡོད་པ་ཐེར་འདོན་གནང་འདུག གཞན་ཡང་། དྲག་གནོན་ཆེ་བའི་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲུལ་བཞུད་བྱེད་པར་འགོག་རྐྱེན་བཟོས་ཡོད་པ་མ་ཟད། ཁྲིམས་འགལ་གྱིས་བཀག་ཉར་དང་། རྒྱལ་ཁབ་ནས་ཕྱིར་ཕུད་བཏང་བ། དེ་བཞིན་དམར་གསོད་དང་རྡུང་རྡེག་སོགས་བཏང་སྟེ་མི་སྒེར་ལ་དྲག་གནོན་ཚབས་ཆེན་བྱུང་གི་ཡོད་པའི་རྐྱེན་གྱིས་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཐོག་དྲག་གནོན་འབྱུང་བཞིན་པ་རྣམས་ལ་གདོང་ལེན་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཡུ་རོབ་གྲོས་ཚོགས། དེ་བཞིན་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཐད་གླེང་སློང་དང་། དེ་དག་མཚམས་འཇོག་ཡོང་ཐབས་ཀྱི་སྲིད་ཇུས་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་འདེད་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese