མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ཞལ་ཙམ་མཇལ་དུ་བཅུག་རྗེས་སྐུ་ཕུང་རྩིས་སྤྲད་མི་འདུག  

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ཞལ་གཅིག་པུ་བསྟན་ཙམ་བྱས་པ་ལས་སྐུ་ཕུང་ཡོངས་རྫོགས་བསྟན་མི་འདུག

མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གྲོངས་རྐྱེན་ཁ་གསལ་དགོས་པའི་རེ་འདུན་ཤུགས་ཆེན་འདོན་གྱི་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོར་ཝེ་ཐི་ནམ་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital )དུ། ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ལ་རིན་པོ་ཆེ་མཆོག་གི་ཞལ་སྐར་མ་གཉིས་གསུམ་ཙམ་ལ་མཇལ་བཅུག་ཡོད་ཀྱང་། སྐུ་ཕུང་ཡོངས་རྫོགས་མཇལ་དུ་བཅུག་མི་འདུག་ལ། དགོན་པ་དང་ནང་མི་སྐུ་ཕུང་རྩིས་སྤྲད་མེད་པ་མ་ཟད། ལུང་སྔོན་དགོན་པར་མཆོད་འབུལ་སྨོན་ལམ་དང་འདུ་འཛོམས་རིགས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་འདུག 

གནད་དོན་དེའི་ཐད་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཚེས་ ༡༠ ཉིན་ཝི་ཐི་ནམ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་གི་མི་སྣ་དང་ལུང་སྔོན་དགོན་པའི་གྲྭ་བ་ལྔ་སོགས་ལ་མི་གསུམ་རེ་གསུམ་རེ་བྱས་ནས་སྐར་མ་གཉིས་གསུམ་ཙམ་ལ་རིན་པོ་ཆེ་མཆོག་གི་ཞལ་རས་བསྟན་ཡོད་ཀྱང་།  དེའི་རྗེས་ནས་འབྲེལ་ཡོད་སོགས་དང་འབྲེལ་ལམ་ཆད་དེ་ད་ལྟའི་གནས་སྟངས་ཐད་གསལ་ཁ་གང་ཡང་མེད་སྐོར་བརྗོད་བྱུང་ལ། ཡང་བོད་ནང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། ཉེ་ལམ་རྒྱ་ནག་གཞུང་གིས་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དགོངས་པ་རྫོགས་པ་རེད་ཅེས་ཟེར་གྱི་འདུག་ལ། དགོན་པར་འདུ་འཛོམས་དང་མཆོད་འབུལ་ཞུ་བར་དམ་དྲག་བྱེད་མུས་ཡིན་སྐོར་བརྗོད་བྱུང་། 

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷ་ཝན་(Jim McGovern)མཆོག་གིས་སྒེར་གྱི་ཨེག་སི་(X) དྲ་ལམ་སྟེང་། བོད་ཀྱི་ཆོས་དཔོན་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་ཝི་ཐི་ནམ་དུ་སྐུ་གྲོངས་པ་དེར་ཧ་ཅང་བློ་ཕམ་བྱུང་། རྒྱ་ནག་གཞུང་གིས་ཁོང་གིས་དགོན་པ་དང་སློབ་གྲྭ་འཛིན་སྐྱོང་གནང་བར་གདུག་རྩུབ་དང་མནར་གཅོད་བཏང་ཡོད། ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་ངེས་པར་དུ་ཝི་ཐི་ནམ་ལ་ཞིབ་ཕྲ་དང་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་བྱ་དགོས་པའི་སྐུལ་མ་གཏང་དགོས། ཞེས་གསུངས་འདུག 

དེ་བཞིན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ཝེ་ཐི་ནམ་ནང་དོགས་གཞི་ཅན་གྱི་གནས་སྟངས་འོག་སྐུ་གྲོངས་པ་རེད། བོད་མིའི་ངོ་བོའི་ཆེད་དུ་སྐུ་ལས་སྐྱོན་མཁན་ཞིག་སྐུ་གྲོངས་པ་རེད། ཁོང་སྐུ་གྲོངས་པ་དེ་ནི་རྒྱ་ནག་གི་ཤུགས་རྐྱེན་རྒྱ་བསྐྱེད་དང་། ཁ་ཁུ་སིམ་པོའི་ངང་རྒྱལ་མཚམས་ལས་བརྒལ་ནས་འབུར་འཇོམས་གཏོང་བར་སེམས་འདུན་བཅངས་ཀྱིན་ཡོད་པའི་དྲན་སྐུལ་ཞིག་ཀྱང་རེད། དེར་འཛམ་གླིང་གིས་ཁ་བཙུམས་ནས་སྡོད་མི་ཉན། ཞེས་གསུངས་འདུག 

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཝེ་ཐི་ནམ་བྷི་བྷི་སི་གསར་ཁང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་ཟིན་སྐོར་གྱི་གནས་ཚུལ་ཞིག་སྤེལ་བའི་ཁྲོད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་དེའི་སྐོར་ནས་གནས་ཚུལ་འཕར་མ་མཁོ་སྤྲོད་བྱས་མེད་སྐོར་གསལ་ཡོད་པའི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོང་ཚོས་གནས་ཚུལ་འདི་མཁོ་སྤྲོད་གནང་མཁན་གྱི་འབྲེལ་གཏུག་ཁ་བྱང་སོགས་སྤྲད་རོགས་ལབ་ཀྱི་འདུག གནས་ཚུལ་མཁོ་སྤྲོད་པའི་ཁ་བྱང་དེ་དག་སྤྲད་རྒྱུ་ཁག་པོ་རེད། གང་ཟག་དེ་ལའང་དཀའ་ངལ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་མིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཝེ་ཐི་ནམ་བྷི་བྷི་གསར་ཁང་ལྷན། དུས་ནས་དུས་སུ་འབྲེལ་ལམ་བཟུང་ནས་སྐད་ཆ་བཤད་དང་ཤོད་མུས་ཡིན་ལ། ད་བར་རྒྱུས་ལོན་བྱུང་བའི་གནས་ཚུལ་ཚང་མ་ཕུལ་ཡོད། ཞེས་གསུངས་བྱུང་། 

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་སྙན་གྲགས་ཡོད་པའི་ལུང་སྔོན་དགོན་ཕྱག་འདེབས་མཁན་སྤྲུལ་སྐུ་པདྨ་གཏུམ་པོ་མཆོག་གི་སྲས་ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༩ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༩ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese