མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་ནང་གི་བོད་མིའི་གཞིས་ཆགས།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནང་ཆོས་ལ་དད་པ་ཆེ་ཞིང་བོད་ཆས་གྱོན་པའི་འབར་མའི་ཁཱ་ཆིན་མངའ་སྡེའི་ཏ་ཧོང་ཌམ་གྲོང་ཚོ་ནི་ཡུལ་མཐའ་འཁོབ་ཏུ་ཆགས་པའི་བོད་མིའི་གཞིས་ཆགས་ཤིག་ཡིན་འདུག

འབར་མའི་ཏ་ཧོང་ཌམ་བོད་མིའི་གྲོང་ཚོ། དྲ་ལམ་གྱི་པར།

འབར་མ་རྒྱལ་ཁབ་ནི་བོད་གངས་རིའི་ལྗོངས་ཀྱི་ལྷོ་ཤར་ཡུན་ནན་ཞིང་ཆེན་ནས་རྒྱལ་མཚམས་འབྲེལ་ཡོད་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཞི་ཧྲང་བྷན་ནཱ་ཏེ་མི་རིགས་རང་སྐྱོང་ཁུལ་ཞེས་པ་ནས་འབྲེལ་བསྡད་ཡོད་པ་མ་ཟད།  བོད་དང་འབར་མ་གཉིས་སྐད་ཡིག་དང་རིག་གཞུང་། ལྷག་པར་དུ་ནང་ཆོས་ཀྱིས་འབྲེལ་བ་ཤིན་ཏུ་ཟབ་པའི་རྒྱལ་ཁབ་ཅིག་ཡིན་པ་རེད།

བོད་དང་འབར་མའི་འབྲེལ་མཚམས་སུ་ལྷུང་ངེར་འགྱིང་བའི་རི་བོ་ཧཱ་ཀཱ་བྷོ་ར་ཛི་ (Hkakabo Razi) ནི་འབར་མའི་རི་བོ་མཐོ་ཤོས་སུ་གྲགས་ཤིང་། ལྷོ་ཤར་ཨེ་ཤ་ཡའི་རི་རྒྱུད་མཐོ་ཤོས་ཤིག་ཀྱང་ཡིན་པར་བཤད། གང་ལྟར་དེའི་མཐོ་ཚད་ལ་སྨི་ཊར་ ༥༨༨༡ ཡོད་འདུག་ལ། རི་རྒྱུད་དེ་འབར་མའི་བྱང་ཕྱོགས་ཀྱི་ཁཱ་ཆིན་ (Kachin) མངའ་སྡེ་རུ་ཆགས་ཡོད།

ཁཱ་ཆིན་མངའ་སྡེའི་ནང་ཏ་ཧོང་ཌམ་ (Tahaundam/Dahangdan) ཟེར་བའི་གྲོང་ཚོ་ཞིག་ཡོད་པ་དེ་ནི། ང་ལ་མཚོན་ན་ལོ་ཤས་ནས་གོ་ཐོས་བྱུང་བསྡད་པའི་དམིགས་བསལ་གྱི་གྲོང་ཚོ་ཞིག་ཡིན། ཝེ་ཀེ་རིག་མཛོད་ནང་དུ་གྲོང་ཚོ་དེ་ནི་འབར་མའི་བོད་མི་རྣམས་འདུས་སྡོད་བྱེད་བཞིན་པའི་གྲོང་ཚོ་ཞིག་ཡིན་ལ། དེའི་ནང་གྲངས་ཉུང་མི་རིགས་སུ་གྱུར་བའི་བོད་མི་ ༢༠༠ ཙམ་ཡོད་འདུག གྲོང་ཚོ་དེར་མི་འབོར་ཉུང་ཞིང་དབེན་གནས་སུ་སེམས་ཅན་གསོ་སྐྱོང་དང་ཞིང་ལས་གཉེར་བ། རི་དྭགས་རྔོན་པ་སོགས་བྱས་ནས་ཧི་མ་ལ་ཡའི་རི་རྒྱུད་ (Burmese Himalayas) དུ་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་འདུག སྤྱིར་བཏང་འབར་མའི་ནང་ (Tibeto-Burman) ཡང་ན་ (Burman)ཞེས་པ་དེ་བོད་དང་འབར་མའི་རི་རྒྱུད་འདྲིས་མར་གོ་བ་ལོས་ཡིན་བསམ་པའི་གྲངས་མང་མི་རིགས་ཤིག་རེད་འདུག གང་ལྟར་ཏ་ཧོང་ཌམ་གྱི་བོད་མི་ཚོ་ཡུལ་མཐའ་འཁོབ་ཏུ་གནས་པས། འབར་མ་གཞུང་དང་ཕྱིའི་རྒྱལ་ཁབ་སུ་གང་གིས་ཀྱང་ཐེ་གཏོགས་དང་སྟངས་འཛིན་མེད་པར་བཤད།

ཟབ་སྤྲོས་བྱས་པའི་ཏ་ཧོང་ཌམ་གྱི་བོད་མི། དྲ་ལམ་གྱི་པར།

ཨ་རིའི་སྲོག་ཆགས་རིག་པ་བ་ཨེ་ལན་རེ་བྷི་ནོ་ཝེ་ཛི་(Alan Rabinowitz) ཞེས་པ་ཞིག་བོད་མིའི་གྲོང་ཚོ་དེར་དངོས་སུ་ཕྱིན་མྱོང་བ་མ་ཟད།  བོད་མིའི་གྲོང་ཚོ་དང་དྷེ་རུང་རྒྱུག་ཆུའི་འགྲམ་རྒྱུད་ཀྱི་ཚོ་བ་དེའི་སྐོར་ལ་ཞིབ་འཇུག་བྱས་ཏེ་ (Beyond the Last Village) ཞེས་པའི་དཔེ་དེབ་ཆུང་ཆུང་ཞིག་ཀྱང་ཕྱི་ལོ་ ༢༠༠༡ ལོར་བཏོན་འདུག དཔེ་དེབ་དེའི་ནང་། ཏ་ཧོང་ཌམ་གྲོང་ཚོ་རུ་འཚོ་གནས་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་བོད་ལྭ་གྱོན་ཞིང་བོད་ཀྱི་འཚོ་བའི་གོམས་སྲོལ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་མ་ཟད། ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཧ་ཅང་ཆེ་ཞིང་། ལོ་ལྟར་བོད་ནང་དུ་གནས་སྐོར་ལ་འགྲོ་བ་སོགས་བྱས་ནས་རྒྱུན་དུ་ནང་ཆོས་ལ་དད་པ་ཤིན་ཏུ་ཆེ་སྐོར་བཤད་འདུག

ཏ་ཧོང་ཌམ་ཞེས་པའི་གྲོང་གསེབ་དམིགས་བསལ་བ་འདི་ག་འདྲ་ཆགས་པ་ཡིན་ཞེས་ན། ལོ་རྒྱུས་ཐར་ཐོར་ཞིག་ཏུ་གསལ་བ་ལྟར་ན། དྷེ་རུང་རྒྱུག་ཆུའི་ (Derung River) འགྲམ་རྒྱུད་དུ་ཆགས་ཡོད་པའི་གྲོང་གསེབ་པ་དེ་ཚོར་དྷེ་རུང་(Derung) ཞེས་འབོད་མཁན་ཡོད་ལ། འབར་མ་ཚོས་ཁོང་ཚོར་ར་ཝང་ (Rawang) ཞེས་འབོད་ཀྱི་ཡོད་འདུག

ཕྱི་ལོ་ ༡༧༣༠ ནས་ ༡༩༠༨ བར་དྷེ་རུང་ངམ་ར་ཝང་ཚོ་བར་ཚོ་བ་གཞན་ཆེ་ཁག་ལོ་ལོ་ཡི་(Lolo-Yi) དང་། ལི་སུ་ (Lisu) ཟེར་བ་སོགས་ཀྱིས་ཡང་ཡང་བཙན་འཛུལ་བྱས་ཏེ། ཚོ་ཆུང་དེའི་བུད་མེད་དང་ཕྲུ་གུ་མང་པོ་བྲན་གཡོག་དང་རིགས་རྒྱུད་སྤེལ་ཡུལ་དུ་གྱུར་སྟབས། བུ་མོ་རྣམས་ཆུང་བའི་དུས་ནས་གདོང་ལ་ཁབ་གཙགས་བྱས་ཏེ་ཡིད་དུ་མི་འོང་བ་བཟོས་ནས་ཚོ་བ་གཞན་གྱིས་བཙན་འཁྲིད་བྱེད་པར་གཡོལ་ཐབས་བྱས་ཡོད་པ་དང་། རིམ་གྱིས་དེ་ཡང་མཛེས་རྒྱན་གྱི་ཡུལ་སྲོལ་ཞིག་ཏུ་གྱུར་ཡོད་འདུག

གདོང་ལ་ཁབ་གཙགས་བྱས་པའི་རཱ་ཝང་སོགས་ཀྱི་བུད་མེད། དྲ་ལམ་གྱི་པར།

མཐའ་མར་དྷེ་རུང་ཚོ་ཆུང་དེ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་བར་བརྟེན། རང་གི་བྱང་ཁུལ་དུ་གནས་བའི་ཁྱིམ་མཚེས་བོད་ལ་རོགས་མགོན་ཞུས་ཏེ་གཞན་གྱི་བཙན་འཛུལ་ལས་སྐྱོབ་ཐབས་བྱས་ནས་རྒྱུ་དངོས་བརྫངས་བ་མ་ཟད། ཚོ་ཆུང་དེའི་ཡུགས་མོ་དང་དྭ་ཕྲུག་རྣམས་སྒོ་ཕྱུགས་སེམས་ཅན་དང་བརྗེས་བ་སོགས་བྱས་ཏེ་ཚོང་འབྲེལ་གྱི་ལམ་བུ་རིམ་གྱིས་དོད་པ་དང་། བོད་མི་ཚོང་པ་ཁག་ཅིག་ཡུལ་དེར་གནས་ཆགས་ནས་ག་ལེར་བོད་མིའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད་འདུག

ཚན་རིག་པ་ཨེ་ལན་ (Alan Rabinowitz) ལགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༢ ཉིན་དེ་འབྲེལ་གྱི་ཡུ་ཊུབ་བརྙན་ཐུང་ཞིག་གི་ནང་། ཏ་ཧོང་ཌམ་བོད་མི་ཚོར་མཚོན་ན། ཁོང་ཚོའི་མ་འོངས་པའི་གནས་བབ་ངེས་གཏན་མེད་ལ།  གལ་ཏེ་འབར་མའི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རོགས་སྐྱོབ་མ་བྱས་ཚེ། ཁོང་ཚོའི་འཚོ་ཐབས་ནི་ཁེར་རྐྱང་དང་། དབུལ་ཕོངས། དེ་བཞིན་ཁོར་ཡུག་གི་གནོན་ཤུགས་སོགས་ཀྱི་དཀའ་ངལ་ནང་མུ་མཐུད་གནས་ཀྱི་ཡོད་པར་བརྟེན།  འབར་མའི་ཕྱི་ན་ཡོད་པའི་བོད་མི་ཚོས་ཁོང་ཚོར་འབྲེལ་མཐུད་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་སྟེང་གོ་རྟོགས་དང་དོ་སྣང་མང་དུ་འདྲེན་དགོས་སྐོར་བཤད་འདུག

ཉེ་བའི་ལོ་འགའི་ནང་འབར་མའི་ནང་སྲིད་འགྱུར་བྱུང་བ་དང་། དཔལ་འབྱོར་གྱི་གནས་བབ་ཞན་པ། རྒྱལ་ནང་གི་ཆབ་སྲིད་དང་སྤྱི་ཚོགས་སྲ་བརྟན་མེད་པའི་རྐྱེན་གྱིས་གྲངས་ཉུང་མི་རིགས་ ༡༠༠ ལྷག་གིས་གྲུབ་པའི་ཡུལ་ལུང་དེ་ནས་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་ (Bangladesh) དང་། མ་ལེ་ཤི་ཡ་ (Malaysia)། རྒྱ་གར། ཐའེ་ལན་ཌི་སོགས་ཀྱི་ནང་སྐྱབས་བཅོལ་དང་བཙན་བྱོལ་དུ་འགྲོ་མཁན་ས་ཡ་ ༢།༦ ལྷག་བྱུང་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ཟླ་བ། 9 སྔོན།

    འབར་མའི་ནང་བོད་མི་ཡོད་པ་དེ་སྔ་གོ་མ་མྱོང་། སྤྱི་བཏང་ཧི་མ་ལ་ཡིས་ཁྱག་རོང་དང་བོད་དང་ས་འབྲེལ་གྱིས་གངས་རིའི་སེབ་དང་ནགས་ཚལ་གཏུག་པོའི་མཐའ་བསྐོར་བའི་ས་ཁུག་ལུང་ཁུག་མང་པོའི་ནང་མི་གི་སྤྱི་ཚོགས་གནས་ནས་འཛམ་གླིང་དང་ཁ་བྲལ་ནས་དུད་འགྲོ་སེམས་ཅན་དང་ས་ཞིིང་ལ་འཚོ་བ་བརྟེན་ནས་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པའི་མི་རིགས་མང་པོ་ཨོ་རྒྱན་སྦས་ཡུལ་དུ་ལྷག་་པང་ཡོད་ས་རེད་འདའ།ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese