མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་མག་ཁར་ནེ་མཆོག་བསྐྱར་དུ་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོའི་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་ནང་ད་ལྟའི་གུ་ཡངས་ཚོགས་པའི་མགོ་ཁྲིད་དང་སྲིད་བློན་མག་ཁར་ནེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

Canada’s Prime Minister and Liberal Party leader Mark Carney applauds at a victory party in Ottawa, Ontario on April 29, 2025.

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁེ་ན་ཌའི་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་ཡོངས་ཀྱི་འོས་བསྡུའི་གྲུབ་འབྲས་ཐོན་པ་ལྟར་ན། ཁེ་ན་ཌའི་གྲོས་ཚོགས་ནང་མང་མོས་ཐོབ་པར་ཁྱོན་ཞབས་བཀྱག་ ༡༧༢ འཐོབ་དགོས་ཀྱི་ཡོད་པ་དང་། དེ་རིང་ཆུ་ཚོད་ ༢།༣༠ བར་དུ་འོས་བསྡུའི་གྲུབ་འབྲས་བརྒྱ་ཆ་ ༩༩ ཐོན་ཟིན་པའི་ནང་། ལྗང་ཁུ་སྲིད་དོན་ཚོགས་པར་ (Green Party) ཞབས་བཀྱག་ ༡ དང་། (NDP) སྲིད་དོན་ཚོགས་པར་ཞབས་བཀྱག་ ༧། (Bloc Québécois) སྲིད་དོན་ཚོགས་པར་ཞབས་བཀྱག་ ༢༣། རྙིང་ཞེན་སྲིད་དོན་ཚོགས་པར་ཞབས་བཀྱག་ ༡༤༤། གུ་ཡངས་སྲིད་དོན་ཚོགས་པར་ཞབས་བཀྱག་ ༡༦༨ ཐོབ་སྟེ། སྲིད་དོན་ཚོགས་པ་དེའི་སྲིད་བློན་འོས་མི་མག་ཁར་ནེ་མཆོག་བསྐྱར་དུ་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་འདུག

འོས་བསྡུའི་གྲུབ་འབྲས་ཐོན་རྗེས་སྲིད་བློན་མག་ཁར་ནེ་མཆོག་གིས། ང་རང་ལ་དཔལ་འབྱོར་ཉམས་ཉེས་ཐད་དོ་དམ་དང་སྟངས་འཛིན་བྱས་པའི་ཉམས་མྱོང་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱལ་ཁབ་ཁག་ལ་ཚོང་ཁྲལ་ཤུགས་ཆེན་སྤར་བའི་ཚོང་དམག་ཐད་གདོང་ལེན་བྱེད་པར་གྲ་སྒྲིག་ཡོད། ཅེས་དང་། རྒྱ་གར་དང་མཉམ་དུ་འབྲེལ་ལམ་ཡར་རྒྱས་གཏོང་འཆར་ཡོད་སྐོར་དང་། ཁེ་ན་ཌའི་རྒྱལ་ཡོངས་མི་མང་མཉམ་རུབ་ཀྱི་ཐོག་ནས་ཁེ་ན་ཌའི་རྒྱལ་ཁབ་ཡར་རྒྱས་གཏང་རྒྱུ་ཡིན་སྐོར་སོགས་གསུངས་འདུག

དེ་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། སྲིད་བློན་མག་ཁར་ནེ་མཆོག་ལ་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བ་དང་། གུ་ཡངས་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་ཡི་ཡོད། རྒྱ་གར་དང་ཁེ་ན་ཌ་གཉིས་ནི་དམངས་གཙོའི་རིན་ཐང་མཉམ་སྤྱོད་དང་། མི་དང་མིའི་བར་གྱི་འབྲེལ་བ་ཡར་རྒྱས་གཏང་རྒྱུ་གལ་ཆེན་པོར་ངོས་འཛིན་གྱི་ཡོད། ང་ཚོས་ཁེ་ན་ཌ་དང་མཉམ་དུ་མཉམ་ལས་བྱས་ཏེ་མཉམ་འབྲེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། མི་མང་ལ་གོ་སྐབས་ཇེ་མང་དུ་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ཁེ་ན་ཌའི་སྲིད་བློན་འོས་མི་རྣམས། དྲ་ལམ་གྱི་པར།

རྙིང་ཞེན་སྲིད་དོན་ཚོགས་པའི་མགོ་ཁྲིད་དང་སྲིད་བློན་འོས་མི་པེ་རི་ (Pierre Poilievre) ལགས་ཀྱིས། ང་ཚོས་ནམ་ཡང་ཁེ་ན་ཌ་ཨང་དང་པོར་འཇོག་གི་ཡིན། ཞེས་དང་། རྙིང་ཞེན་ཚོགས་པའི་ངོས་ནས་སྲིད་བློན་དང་ཚོགས་པ་གཞན་ཚང་མའི་མཉམ་དུ་ཁེ་ན་ཌའི་ཁེ་ཕན་སྲུང་སྐྱོབ་དང་། ཚོང་འབྲེལ་གྱི་གྲོས་མཐུན་གསར་པ་ཞིག་ཐོབ་ཐབས་བྱེད་ཀྱི་ཡིན་ལ། ང་ཚོའི་བདག་དབང་སྲུང་སྐྱོབ་བྱེད་ཀྱི་ཡིན། ཞེས་བརྗོད་འདུག

གཞན་ཡང་། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀོ་ཅ་ཁུན་ (Guo Jiakun) གྱིས། རྒྱ་ནག་དང་ཁེ་ན་ཌས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ། ཕན་ཚུན་ཁེ་ཕན་གྱི་རྨང་གཞིའི་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་འདོད་ཡོད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༦ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་ (Ottawa) རུ་སྐབས་དེའི་སྲིད་བློན་ལས་ཐོག་རྗ་སི་ཊིན་ཊིར་ཌུའུ་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང་། ངས་ཁེ་ན་ཌའི་སྲིད་བློན་དང་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་ཀྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན། དེ་བཞིན་སྲིད་བློན་ཀྱི་ལས་གནས་ནས་ཀྱང་དགོངས་པ་ཞུ་རྒྱུ་ཡིན་ཡང་སྲིད་བློན་གསར་པ་ཞིག་འོས་འདེམས་མ་བྱུང་གི་བར་དུ་ལས་མཚམས་འཇོག་རྒྱུ་མིན། ཞེས་གསུངས་ཡོད་པ་རེད། དེའི་རྗེས། ཕྱི་ཟླ་ ༡ ཚེས་ ༡༦ ཉིན་མག་ཁར་ནེ་ལགས་ཕྱི་ལོ་ ༢༠༢༥ ལོའི་གུ་ཡངས་ཚོགས་པའི་མགོ་ཁྲིད་དུ་ལངས་རྒྱུའི་ཐག་གཅོད་གནང་སྟེ། སྲིད་དོན་ཚོགས་པ་དེའི་ནང་འོས་གྲངས་བརྒྱ་ཆ་ ༨༥།༩ ཡི་རྒྱབ་སྐྱོར་ཐོབ་སྟེ། གུ་ཡངས་ཚོགས་པའི་མགོ་ཁྲིད་དང་། སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།

མག་ཁར་ནེ་མཆོག་ནི་ཕྱི་ལོ་ ༡༩༦༥ ཟླ་ ༣ ཚེས་ ༡༦ ཉིན་ཁེ་ན་ཌའི་གྲོང་བརྡལ་ཧྥོར་ཌི་སི་མི་ཐི་ (Fort Smith) རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༣ ལོར་ (St. Francis Xavier High School) དུ་སློབ་སྦྱོང་བྱས། དེའི་རྗེས་ཧར་ཝ་ཌི་མཐོ་རིམ་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་ཐོག་ཉེ་བའི་གཙུག་ལམ་རབ་འབྱམས་པའི་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༣ ལོར་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། དེ་ནས་ཕྱི་ལོ་ ༡༩༩༥ ལོར་དཔལ་འབྱོར་རིག་པའི་ཐོག་འབུམ་རམས་པའི་སློབ་མཐར་ཕྱིན། འདས་པའི་ལོ་ངོ་ ༡༣ རིང་བྷོ་སི་ཊོན་དང་། ལོན་ཌོན། ནེའུ་ཡོག ཊོག་ཡོ། ཊོ་རོན་ཊོ་སོགས་ལ་ཡོད་པའི་དངུལ་ཁང་མང་པོ་ཞིག་ཏུ་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༣ ལོར་ཁེ་ན་ཌའི་དངུལ་ཁང་དུ་འགན་འཛིན་གཞོན་པའི་ལས་གནས་གཉེར་ཞིང་། ལོ་ངོ་གཅིག་གི་རྗེས་སུ་ཁེ་ན་ཌའི་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་རུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ཁེ་ན་ཌའི་དངུལ་ཁང་དུ་འགན་འཛིན་གྱི་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༡༣ ནས་ ༢༠༢༠ བར་དབྱིན་ཡུལ་དངུལ་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་། ༢༠༢༠ ནས་ ༢༠༢༤ བར་ལོ་ངོ་བཞིའི་རིང་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་མཆོག་གི་སློབ་སྟོན་པའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡ པོའི་ནང་སྲིད་བློན་དུ་འདེམས་ཐོན་བྱུང་སྟེ། ད་ལྟའི་ཆར་སྲིད་བློན་གྱི་ཕྱག་ལས་གནང་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
tibet
Mobile App

སྤྱི་འཐུས་འོས་མིར་ལངས་མཁན་གསུམ་གྱིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་སོང་།

ཆུ་ཚོད་ ༦ སྔོན་ལ།
Photograph: AFP
Mobile App

བོད་དུ་སྔར་ངོས་འཛིན་མེད་པའི་སྐྱེ་དངོས་ཕྲ་འབུ་སྟོང་ཕྲག་མང་པོ་རྙེད།

ཆུ་ཚོད་ ༧ སྔོན་ལ།
Mobile App

བཀྲ་ཤིས་དོན་འགྲུབ་གནམ་ཐང་ནས་ཆུ་ཚོད་ ༦ ལྷག་བཀག་ཉར་བྱས་རྗེས་ཕྱིར་ལོག་བཏང་།

༢༠༢༥/༡༢/༠༢
༧གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་སྨོན་མཛད་འདུག   བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་སྨོན་མཛད་འདུག

༢༠༢༥/༡༢/༠༢
Mobile App

རིགས་ལམ་འཇུག་པའི་སྒོ་ཞེས་པའི་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༡༢/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese