མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་མཇུག་བསྡུས་ཡོད་པ་དང་ད་ལན་སློབ་གྲྭ་ཁག་ནས་མཉམ་ཞུགས་བྱེད་མཁན་མང་ཤོས་བྱུང་འདུག

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠

དེ་རིང་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོགས་སོང་། མཇུག་སྡོམ་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག ༧སྐྱབས་རྗེ་གནས་ཆུང་སྐུ་རྟེན་རིན་པོ་ཆེ་མཆོག མཆོག་སྤྲུལ་ལྷ་རྒྱལ་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ། དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད། ཞོ་སྟོན་ནང་མཉམ་ཞུགས་གནང་བའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་སློབ་ཕྲུག མི་མང་སོགས་འཛོམས་འདུག

བོད་ཀྱི་ཞོ་སྟོན་གྱི་གལ་གནད་ཆེ་བའི་སྐོར་དང་འབྲེལ་ནས་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། ཞོ་སྟོན་ཟེར་བ་དེ་བོད་མི་རིགས་ལ་མཚོན་ན་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་རེད། དེ་ཡང་དུས་རབས་བཅུ་བཞི་ནས་བོད་ལ་ལྷ་མོ་འཚོགས་ནས་དུས་ད་ལྟ་བར་དུ་འཕེལ་རྒྱས་ཕྱིན་པ་རེད། ཞོ་སྟོན་གྱི་ཐོག་ནས་ལྷ་མོའི་སྒྱུ་རྩལ་དེ་གོང་འཕེལ་དང་རྒྱུན་གནས་ཡོང་རྒྱུའི་ཐོག་ལ་ལེགས་སྐྱེས་འབུལ་ཐུབ་པ་རེད་ལ། མ་འོངས་པར་དེ་བཞིན་དུ་འབུལ་ཐུབ་དགོས་རྒྱུ་ཡིན་པར་བརྟེན། ཞོ་སྟོན་དེ་ཧ་ཅང་གི་གལ་ཆེན་པོ་རྩིས་ཀྱི་ཡོད། ཅེས་གསུངས་བྱུང་།

༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༥།༥།༢༠

རིན་པོ་ཆེ་མཆོག་གིས། ཀུན་བདེ་གླིང་རྟ་ཚག་སྐུ་གོང་མས་ལྷ་མོའི་ཐོག་ལ་ཐུགས་སྣང་ཆེན་པོ་གནང་འདུག ལྷ་མོའི་སྒྱུ་རྩལ་ཟེར་བ་དེ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཡིན་པ་ཙམ་མ་ཟད། བརྗོད་བྱའི་ཆ་ནས་བཟང་པོའི་སློབ་གསོ་རྩ་ཆེན་པོ་མང་པོ་ཡོད་པ་དང་། དེ་བཞིན་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པར་བརྟེན། དེ་རྒྱུན་གནས་ཡོང་རྒྱུའི་ཆེད་དུ་ཐུགས་རེ་ཞེ་དྲགས་གནང་བ་རེད་ལ། ཕྱི་ལོ་ ༡༩༥༩ ལོའི་གོང་དུ་ཀུན་བདེ་གླིང་གིས་གྲྭ་གཞོན་མང་པོ་ཞིག་ལ་ལྷ་མོ་དེ་ཚོ་གལ་ཆེན་པོ་བརྩིས་ནས་སྦྱངས་བཅུག་གནང་བ་དང་། བཀའ་སློབ་གནང་བའི་སྐབས་སུ་ལྷ་མོ་སྦྱོང་བ་ཡིན་ན། མ་འོངས་པར་སོ་སོའི་མདུན་ལམ་ལ་ཕན་པ་ཙམ་མ་ཟད། ལྷ་མོ་རྒྱུན་གནས་ཀྱི་ཐོག་ལ་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་ཕེབས་པ་ནང་བཞིན་གལ་ཆེན་པོ་རྩིས་གནང་འདུག ཅེས་གསུངས་བྱུང་།

རིན་པོ་ཆེ་མཆོག་གིས། བཙན་བྱོལ་དུ་ཕེབས་ནས་ལོ་ ༦༥ ཕྱིན་པ་རེད། དེའི་ནང་དུ་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་དངོས་གནས་དྲང་གནས་ཀྱིས་ཉམས་པ་མེད་པར་གནས་ཐུབ་པ་ཙམ་མ་ཟད། ལྷ་མོའི་སྒྱུ་རྩལ་ལ་སོགས་པ་གནས་ཐུབ་རྒྱུ་དེ་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་དང་། མི་སྣ་གོང་མ་མང་པོ་ཞིག ད་ལྟའི་མི་སྣ་མང་པོ་ཞིག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གནས་ཐུབ་པ་རེད། དེ་ནི་ང་ཚོའི་གཟི་བརྗིད་དང་རྒྱལ་ཁ་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ད་ལོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་སླད་དུ་བྱམས་བརྩེའི་ལོ་སྲུང་གཙིའི་ཆ་ཤས་ལ་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་བཞུགས་སྒར་དུ་བསྐོང་ཚོགས་གནང་བ་ཙམ་མ་ཟད། བཙན་བྱོལ་ལོ་རྒྱུས་ནང་ད་ལྟ་བར་དུ་ཞོ་སྟོན་ཐེངས་ ༢༨ འཚོགས་པའི་ནང་ནས་མཉམ་ཞུགས་པ་མང་ཤོས་བྱུང་བ་དེ། དངོས་གནས་དྲང་གནས་ཀྱིས་རྒྱལ་ཁ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དེའི་ཐོག་ནས་མི་སྣ་གོང་མ་དང་ད་ལྟའི་མི་མང་པོ་ཞིག་དངོས་གནས་དྲང་གནས་ཀྱིས་སྐུ་ལས་ཀྱི་འབྲས་བུ་ཞིག་ཀྱང་མཚོན་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠

མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་ལྷ་མོའི་རིག་གཞུང་ཐོག་དོ་སྣང་གནང་གལ་ཆེ་བ་དང་འབྲེལ་ནས་རིན་པོ་ཆེ་མཆོག་གིས། བོད་མི་རིགས་ལ་འཛམ་གླིང་སྤྱིའི་གཅེས་ནོར་གྱི་མགོན་སྐྱབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡོད་པ་རེད།  ད་དུང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷ་མོའི་སྒྱུ་རྩལ་ལ་སོགས་པ་རྩ་ཆེན་པོ་མང་པོ་ཡོད་པར་བརྟེན། ང་ཚོས་ནོར་བུའི་ནོར་ཉམས་ཆོད་པའི་ཐོག་ནས་རྒྱུན་འཛིན་གནང་དགོས་རྒྱུ་དེ་འགན་འཁྲི་ཞིག་རེད། རིག་གཞུང་དེ་དག་གི་ཐོག་ནས་བོད་མི་རིགས་ལ་རིག་གཞུང་ཕྱུག་པོ་མཚོན་པ་མ་ཟད། མི་རིགས་གཞན་ལས་ཐུན་མོང་མ་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་ལ་སོགས་པའི་ནུས་པ་གལ་ཆེན་པོ་ཡོད་པར་བརྟེན། དེ་དག་རྒྱུན་གནས་དང་གོང་འཕེལ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། ཚང་མས་ཐུགས་སྣང་གནང་རོགས་གནང་ཞུ་ཡི་ཡོད། ཅེས་གསུངས་བྱུང་།

བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། ད་ལོ་ཞོ་སྟོན་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཞོ་སྟོན་ཐེངས་ ༢༨ པ་བཞུགས་སྒར་དུ་འཚོགས་པ་རེད། ཐེངས་འདིར་ལྷ་མོ་ཚོགས་པ་ཁག་ ༡༤ མཉམ་ཞུགས་གནང་བ་དང་། ལྷ་གཞུང་ཁག་ ༡༡ གཟིགས་འབུལ་ཞུས་ཡོད་པ་རེད། ཚང་མས་གྲ་སྒྲིག་དང་འཁྲབ་སྦྱོང་ཡག་པོ་གནང་འདུག འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པར་བརྟེན། རྣམ་ཐར་དང་འཁྲབ་ཆས་སོགས་ཀྱི་ཐོག་ལ་ཡར་རྒྱས་གཏོང་དགོས་པ་ཁག་ཅིག་འདུག ད་ལོའི་ཞོ་སྟོན་ཡག་པོ་ཞེ་དྲགས་བྱུང་སོང་། ལོ་རྗེས་མར་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཞོ་སྟོན་ཐེངས་ ༢༩ པ་འཚོག་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཕྱོགས་མཐའི་ལྷ་མོ་ཚོགས་པར་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པའི་ཐད་དོན་གྲུབ་ཚེ་རིང་ལགས་ཀྱིས། ཕྱོགས་མཐའི་ལྷ་མོ་ཚོགས་པར་དཀའ་ངལ་རབ་དང་རིམ་པ་ཡོད་པ་རེད། གཙོ་བོ་ལྷ་མོ་ཚོགས་པའི་སྐྱིད་སྡུག་ནང་དུ་མཉམ་ཞུགས་བྱེད་མཁན་ཧ་ཅང་གི་ཉུང་ཉུང་རེད། དེ་བཞིན་གཞོན་སྐྱེས་འཛུལ་ཞུགས་བྱེད་མཁན་ཧ་ཅང་གི་དཀོན་པོ་རེད། རེ་བ་བཟང་བ་ཞིག་ལ་ད་ལན་སློབ་གྲྭ་ཁག་ནས་མཉམ་ཞུགས་བྱེད་མཁན་མང་དུ་ཕྱིན་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༤ འཁོར་བ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༡༡
Mobile App

རྔོན་པ་རུ་ཁག་ལ་སླར་ཡང་ཕྱི་ལོ་ ༢༠༢༣ ལོའི་དབྱར་སྐྱིད་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་སོང་།

༢༠༢༣/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese