མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་བར་དམ་དྲག་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མི་ཆོག་པའི་ཁར་ཧོང་ཀོང་གི་བདེ་འཇགས་ཟེར་བར་གནོད་པའི་བྱ་སྤྱོད་རིགས་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་འདུག

Security personnel keep watch near the portrait of late Chinese Chairman Mao Zedong displayed on the Tiananmen Gate, in Beijing on Tuesday. | REUTERS

 དེ་རིང་ནི་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ཧྲིལ་པོ་ ༣༦ ལོན་ཡོད་སྟབས། དེ་རིང་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་དྲུག་བཞི་དམར་གསོད་ཀྱི་ཁྲོད་ནས་ཤི་རྨས་འབྱུང་མཁན་རྣམས་ཀྱི་ནང་མི་གཙོས། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་དུས་དྲན་སྲུང་གཙི་ཞུ་ཡི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག

དེའི་ཐད་ཐའེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་ (賴清德) ལགས་ཀྱིས། དམར་ཤོག་རིང་ལུགས་ཀྱིས་ལོ་རྒྱུས་ནག་གསུབ་ཏུ་བཏང་ནའང་། དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ལོ་རྒྱུས་སྲུང་སྐྱོབ་བྱ་རྒྱུ་ནི་ལྡོག་མེད་ཀྱི་འགན་འཁྲི་ཞིག་རེད། དེ་རིང་ང་ཚོས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་གོམ་འགྲོས་གནང་མཁན་རྣམས་ལ་རྗེས་དྲན་ཞུ་ཡི་ཡོད། ཐའེ་ཝན་གཞུང་གིས་མ་འོངས་པའི་མི་རབས་གསར་པ་དག་གི་སླད་དུ། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐད་ལ་རང་ཚུགས་བརྟན་པོས་འགྲེང་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་མཱར་ཁོ་རོ་བྷའོ་ (Marco Rubio) མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། དྲུག་བཞིའི་དོན་རྐྱེན་སྐབས་དམངས་གཙོ་དང་རང་དབང་གི་སླད་ཁྲག་དྲི་བྲོ་བའི་དམར་གསོད་ཀྱི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་མཁན་གྱི་མི་བུ་རྣམས་ཀྱི་སེམས་ཤུགས་དང་ཆོད་སེམས་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། དེ་རིང་ང་ཚོས་ཕྱི་ལོ་ ༡༩༨༩ ལོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་སླད་དུ་རྩོད་ལེན་བྱས་ནས། རྐྱེན་འདས་སུ་འགྱུར་མཁན་གྱི་བློ་སྤོབས་ལྡན་པའི་རྒྱ་རིགས་རྣམས་ལ་རྗེས་དྲན་ཞུ་ཡི་ཡོད། ཅེས་གསུངས་འདུག

 འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམ་དྲག་དང་སྟངས་འཛིན་ནན་མོ་བྱས་ཏེ། རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་དང་མི་མཐུན་པ་ཤོད་མཁན་རྣམས་ལ་གང་བྱུང་ནག་ཉེས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་། གཅར་རྡུང་སོགས་བྱེད་ཀྱི་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༣ ཉིན་ཧོང་ཀོང་སྲིད་གཞུང་གིས་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་མི་ལོ་ ༣༦ འཁོར་བའི་དུས་དྲན་གྱི་ཉིན། ཧོང་ཀོང་གི་བདེ་འཇགས་ཟེར་བར་གནོད་པའི་དྲག་སྤྱོད་ཟེར་བ་ཞིག་སྤེལ་མི་ཆོག་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁྲིམས་སྒྲིག་དང་བདེ་འཇགས་ཟེར་བར་གནོད་འཚེ་གཏོང་མཁན་རིགས་ལ་ཉེས་ཆད་དགལ་རྒྱུ་ཡིན་པའི་ཉེན་བརྡའང་བཏང་འདུག

 དེ་བཞིན་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་མི་ལོ་ ༣༦ འཁོར་བ་དང་བསྟུན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་(CHRD) གིས། རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་གི་འོག་ནས་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་གཞོན་ནུ་ཇོ་ཧྲ་ཝང་ལགས། གསར་འགོད་པ་དང་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་ནང་ཡར་ལངས་སྐབས་ཐད་གཏོང་མཁན་གྷན་ནེ་ཧོ་ (Gwyneth Ho) ལགས། ཧོང་ཀོང་སྤྱི་དམངས་ཐོབ་ཐང་ལས་འགུལ་བ་ཆོའོ་ཧུང་ཏོང་( chow hang tung) ལགས་སོགས་གཙོས་རྒྱ་ནག་གཞུང་གིས་དོན་མེད་ནག་ཉེས་གཡོགས་པའི་མི་གྲངས་ ༣༢ གང་མགྱོགས་ཀློད་གྲོལ་གཏང་དགོས་པའི་ནན་སྐུལ་བྱས་འདུག

 དྲུག་བཞིའི་དོན་རྐྱེན་ནི་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་སྟོང་ཕྲག་མང་པོའི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ། སློབ་ཕྲུག་དང་ལས་འགུལ་བ་སྟོང་ཕྲག་མང་པོ་སྡེབ་གསོད་བྱས་པའི་དོན་རྐྱེན་ཡ་ང་བ་བྱུང་ཡོད་པ་དང་། དུས་ད་ལྟའང་སྐབས་དེར་དམར་གསོད་ཐེབས་མཁན་ཚོའི་ནང་མི་འབྲེལ་ཡོད་སོགས་ནས་ལོ་ལྟར་རྗེས་དྲན་ཞུ་ཡི་ཡོད་ཀྱང་། རྒྱ་ནག་ནང་ལོགས་ཙམ་མ་ཟད་ཉེ་བའི་ལོ་ཤས་ནས་བཟུང་ཧོང་ཀོང་ནང་དུའང་རྗེས་དྲན་ཞུ་རུ་འཇུག་གི་མེད་པ་རེད།

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Chow Hang Tung, a human rights lawyer, was arrested earlier this year and charged with promoting unauthorised assembly
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དྲུག་འཛིན་བཟུང་བྱས།

༢༠༢༤/༠༥/༢༩
Mobile App

ཨ་རིའི་བཟོ་གྲྭ་རྣམས་ཀྱིས་བོད་ནང་རིགས་རྫས་ཁྱོན་ཆེ་བསྡུ་ལེན་བྱ་རྒྱུར་བཀག་འགོག་བྱ་དགོས།

༢༠༢༣/༠༣/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese