མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཝེ་ཐི་ནམ་དང་ཐའེ་ཝན་སོགས་ནས་ཆེད་དུ་བཅར་བའི་དད་ལྡན་དོན་གཉེར་ཅན་ ༣༠༠ ལྷག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་སོང་།

༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།

དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཝི་ཐི་ནམ་དང་ཐའེ་ཝན། ཐའེ་ལན་ཌི།  དེ་བཞིན་ཁེ་ན་ཌ་སོགས་ནས་མི་གྲངས་ ༣༠༠ ལྷག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་སོང་བ་དང་། ཐའེ་ཝན་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཀྱི་སྐུ་ཚབ་ (Representative Taipei Economic and Cultural Center in India) (TECC) བྷོ་ཤོན་གྷར་ (Bau Shaun Ger) ཀྱིས་འདི་གའི་གསར་འགོད་པར། བོད་དང་ཐའེེ་ཝན་བར་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་རེ་ཆེ་དགོས་སྐོར་བརྗོད་བྱུང་།

དེ་རིང་གི་མཇལ་བཅར་བའི་ཁྲོད་ཝེ་ཐི་ནམ་དང་ཐའེ་ལན་ཌི་སོགས་ནས་མཇལ་བཅར་བ་ ༢༡༠ ལྷག་འདུག་ལ། མཇལ་བཅར་གོ་སྒྲིག་གནང་མཁན་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར། དེ་རིང་མཇལ་བཅར་བ་མི་གྲངས་ ༢༡༠ ལྷག་ཡོད་པའི་ཁྲོད་ཕལ་ཆེ་བ་ཝི་ཐི་ནམ་ནས་ཡིན་པ་དང་། ཁོང་ཚོ་ཕ་མའི་རིང་ནས་ནང་པ་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་༧གོང་ས་མཆོག་ནས་ཁོང་ཝེ་ཐི་ནམ་དུ་ཆེད་གཏོང་མཛད་པ་མ་ཟད། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་འབྲེལ་གྱི་ཐོག་ནས་ཤེས་ཡོན་གྱི་བསྟི་གནས་ཤིག་འཛུགས་དགོས་སྐོར་གསུངས་བ་བཞིན། ཕྱི་ལོ་ ༢༠༡༧ ལོར་སློབ་གྲྭ་ཐོག་རྩེག་ལྔ་ཅན་ཞིག་གསར་རྒྱག་གནང་ནས་དེང་དུས་ཀྱི་སློབ་སྦྱོང་དང་བོད་ཡིག་སོགས་བསླབ་ཀྱི་ཡོད་པ་སོགས་ཝེ་ཐི་ནམ་དང་བོད་ཀྱི་བར་འབྲེལ་བ་དཔེ་ཡག་པོ་འཛུགས་ཐུབ་ཡོད་སྐོར་དང་། ༧གོང་ས་མཆོག་ནས་ཡང་ནས་ཡང་དུ་ང་ཚོས་ནང་པའི་ལུང་པ་དེ་ཚོར་འབྲེལ་བ་འཛིན་དགོས་པ་དེ་གལ་ཆེན་པོ་རེད་གསུང་གི་ཡོད་པ་ལྟར། དེ་རིང་ཝེེ་ཐི་ནམ་གྱི་སློབ་ཕྲུག་ཆུང་ཆུང་ ༢༨ ཙམ་ཆེད་དུ་བཅར་ཡོད་པ་དེར་༧གོང་ས་མཆོག་ནས་ཐུགས་མཉེས་པོ་ཞེ་དྲག་གནང་སོང་སྐོར་གསུངས་བྱུང་།

ཐའེ་ཝན་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཀྱི་སྐུ་ཚབ་ (Representative Taipei Economic and Cultural Center in India) (TECC) བྷོ་ཤོན་གྷར་ (Bau Shaun Ger) ལགས། ༢༠༢༥།༠༦།༡༢ དུས་བབ་ཀྱི་པར།

དེ་རིང་མཇལ་བཅར་ཞུ་མཁན་ཐའེ་ཝན་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཀྱི་སྐུ་ཚབ་བྷོ་ཤོན་གྷར་ལགས་ཀྱིས་འདི་གའི་གསར་འགོད་པར།  ད་ལྟ་ཐའེ་ཝན་ནང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཐའེ་ཝན་ནང་བོད་ཀྱི་ཆོས་ད་རིག་གཞུང་དར་ཁྱབ་ཆེད་མི་གྲངས་ ༣༠༠༠ ཙམ་རེར་ཐོངས་མཆན་སྤྲོད་ཀྱི་ཡོད་པ་སོགས་མུ་མཐུད་ནས་ཐའེ་ཝན་དང་བོད་ཀྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་དུ་གཏོང་བར་འབད་བརྩོན་གནང་གི་ཡོད་སྐོར་དང་། བོད་པའི་སློབ་ཕྲུག་མང་པོ་ཐའེ་ཝན་དུ་ཡོང་ནས་རྒྱ་ཡིག་རྒྱ་སྐད་སྦྱོང་ཐུབ་པའི་རེ་བ་བྱེེད་ཀྱི་ཡོད་ལ། དེ་ནི་བོད་དང་ཐའེ་ཝན་བར་གྱི་འབྲེལ་ལམ་མུ་མཐུད་ནས་ཡར་རྒྱས་སུ་གཏོང་བའི་ཟམ་པ་ལྟ་བུ་ཆགས་ཡོད་སྐོར་དང་། མ་འོངས་པར་ཕྱོགས་གང་ས་ནས་བོད་དང་ཐའེ་ཝན་བར་གྱི་འབྲེལ་བ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ཐོག་ནས་འབྲེལ་ལམ་སྔར་ལས་ལྷག་ཡར་རྒྱས་སུ་འགྲོ་ཐུབ་པར་རེ་བ་རྒྱག་བཞིན་ཡོད་སྐོར་དང་། ཁོང་ཐེངས་དང་པོར་དྷ་རམ་ས་ལར་ཡོང་ནས་༧གོང་ས་མཆོག་ལ་མཇལ་བཅར་་ཞུས་པ་ཡིན་ལ། སེམས་ལ་ཧ་ཅང་གིས་དགའ་ཚོར་ཆེན་པོ་བྱུང་སྐོར་བརྗོད་བྱུང་།

ཡིག་འབྲི་བ། བསྟན་འཛིན་ཉི་སྒྲོན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese