མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མན་ཉིང་གིས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

Foreign Ministry Spokesperson Mao Ning

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་ཉིན། རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་མགོན་པོ་གང་གི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བཏབ་ཡོད་པ་ལྟར། ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མན་ཉིང་གིས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

སྐབས་དེར་མོས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ལ་བཟུང་བའི་ལངས་ཕྱོགས་དེ་བརྟན་པོ་དང་གསལ་ཁ་ལྡན་པ་ཞིག་ཡིན། འཛམ་གླིང་ཁྱོན་ཡོངས་ཀྱིས་ཤེས་གསལ་བཞིན། ༧གོང་ས་ཏཱ་ལའི་བླ་མ་ནི་ཁ་བྲལ་བ་ཞིག་དང་ཆོས་ལུགས་ཁ་ལ་ཁྱེར་བའི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་རེད། ཅེས་དང་། རྒྱ་གར་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཆེད། ཚོར་སྣང་ཧ་ཅང་སྐྱེན་པའི་བོད་ཀྱི་གནད་དོན་དང་། དེ་བཞིན་རྒྱ་ནག་ནང་གི་གནད་དོན་ལ་ཐེ་ཇུས་བྱེད་མཚམས་གཞག་དགོས་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། ངས་དེ་རིང་རྒྱ་གར་གྱི་མི་གྲངས་ཐེར་འབུམ ༡།༤ དང་ལྷན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུངས་གྲངས་ ༩༠ ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་ཡི་ཡོད། ཁོང་ནི་བརྩེ་བ་དང་། སྙིང་རྗེ། བཟོད་སེམས་བཅས་ཀྱི་དོན་དམ་གྱི་མཚོན་དོན་ཉག་ཅིག་ཡིན། ཁོང་གི་བསླབ་གདམས་དག་ལ་ཆོས་ལུགས་པ་དག་གིས་ཡིད་སྨོན་དང་གུས་བཀུར་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་ཁོང་གི་སྐུ་གཟུགས་གསལ་ཐང་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་ཀྱི་ཡིན། ཞེས་གསུངས་འདུག

དེ་བཞིན་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་བློན་ཆེན་རན་རི་ཇི་ཇུ་( Kiren Rijiju ) མཆོག་གིས་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་བདག་དབང་ཐད་ཐེ་ཇུས་བྱེད་མཚམས་གཞག་དགོས་པའི་མུར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་འགན་དབང་ཆ་ཚང་སྐུ་སྒེར་ལ་ཡོད་སྐོར་སོགས་གསུངས་སྟབས། ཡང་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་མན་ཉིང་ཟེར་བས། རྒྱ་གར་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ལ་གནོད་འཚེ་མི་ཐེབས་སླད། རྒྱ་ནག་ནང་གི་གནད་དོན་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་ཐེ་ཇུས་བྱེད་མཚམས་གཞག་དགོས་ལུགས་སོགས་བཤད་འདུག་ལ།  བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགསབཞིན། སྐུའི་ཡང་སྲིད་འཚོལ་ཞིབ་དང་། གསེར་བུམ་སོགས་དཀྲུག་པར་རྒྱ་ནག་གཞུང་གི་ཆོག་མཆན་དགོས་ལུགས་སོག་བཤད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
The border projects also include the Nechiphu Tunnel in Arunachal Pradesh.
Mobile App

རྒྱ་གར་གྱིས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་ ༩༠ མགོ་བཙུགས་འདུག

༢༠༢༣/༠༩/༡༥
Rs 2,000 notes
Mobile App

རྒྱ་གར་གྱི་དངུལ་ལོར་ ༢༠༠༠ ཐམ་པ་དེ་ཕྱིར་བསྡུ་གནང་རྒྱུ་ཡིན་འདུག

༢༠༢༣/༠༥/༢༠
Taiwan's President Tsai Ing-wen waves near the boarding gate as she departs for a 10-day international trip on March 29, 2023.
Mobile App

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་ཨ་རིར་ཕེབས།

༢༠༢༣/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese